ཟླ་སྒྲོན་གྱིས་རྒྱལ་ཡོངས་སྦེ་ག་གཟེངས་རྟགས་འགྲན་བསྡུར་དུ་ཨང་དང་པོ་བླངས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-19 10:42:00 ཀློག་གྲངས།:

        ཟླ7པའི་ཚེས8ནས་ཚེས9བར། 2013ལོའི་རྒྱལ་ཡོངས་སྐྱེས་མའི་ན་གཞོན་རང་དབང་སྦེ་ག་གཟེངས་རྟགས་འགྲན་བསྡུར་དེ་ཧྲན་ཏུང་ཐེའེ་ཨན་དུ་སྤེལ་ཞིང་། རྒྱལ་ཡོངས་འགྲན་ཞུགས་རུ་ཁག32ཀྱི་ལུས་རྩལ་པ177ཐེངས་འདིའི་འགྲན་བསྡུར་དུ་ཞུགས་པ་དང་། བོད་རང་སྐྱོང་ལྗོངས་ཀྱིས་ལུས་རྩལ་པ11བདམས་ཏེ་འགྲན་བསྡུར་དུ་ཞུགས་ལ། ཐེངས་འདིའི་འགྲན་བསྡུར་དུ་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས།
        སྐྱེས་མའི་རང་དབང་སྦེ་ག་སྤྱི་རྒྱ63རིམ་པའི་འགྲན་བསྡུར་དུ། བོད་ལྗོངས་ལུས་རྩལ་པ་ཟླ་སྒྲོན་གྱིས་ལུས་རྩལ་ནུས་ཤུགས་འདོན་སྤེལ་གང་ལེགས་སྒོས་སྔ་གཞུག་ཏུ་ལའོ་ཉིན་དང་། པེ་ཅིང་། ཀོང་ཞི་སོགས་ཚབ་བྱེད་རུ་ཁག་གི་འགྲན་ཞུགས་པ་ལས་རྣམ་པར་རྒྱལ་ཞིང་། བསྟུད་མར་འགྲན་ཐེངས5ལས་རྒྱལ་ཏེ་ཕུལ་བྱུང་གྲུབ་འབྲས་ཨང་དང་པོ་བླངས་པ་རེད།
        དེ་མིན་བོད་ལྗོངས་ཀྱི་ལུས་རྩལ་པ་གཡུ་སྒྲོན་ལ་སྤྱི་རྒྱ63རིམ་པའི་ཨང་གསུམ་པ་དང་། ཟླ་གཡང་འཛོམས་ལ་སྤྱི་རྒྱ55རིམ་པའི་ཨང་བདུན་པ་ཐོབ་ཅིང་། བོད་རང་སྐྱོང་ལྗོངས་ཀྱི་ཚབ་བྱེད་རུ་ཁག་གིས་རུ་ཁག་ཨང་དྲུག་པའི་གྲུབ་འབྲས་ལེགས་པོ་བླངས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།