ཆོས་དབྱིངས་སྐྱིད་མི་འགྱངས་པར་འཛམ་གླིང་གཟེངས་རྟགས་འགྲན་བསྡུར་དུ་ཞུགས་རྒྱུ་ཡིན་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-19 15:02:00 ཀློག་གྲངས།:

ཆོས་དབྱིངས་སྐྱིད་མི་འགྱངས་པར་འཛམ་གླིང་གཟེངས་རྟགས་འགྲན་བསྡུར་དུ་ཞུགས་རྒྱུ་ཡིན་པ།

        ཟླ8པའི་ཚེས3ཉིན། འཛམ་གླིང་མཆོང་འཕེན་རྒྱུག་གསུམ་གཟེངས་རྟགས་འགྲན་བསྡུར་སྐབས་བཅུ་བཞི་བ་ཨུ་རུ་སུའི་མོ་ཞི་ཁུ་ན་སྤེལ་རྒྱུ་ཡིན་ཞིང་། བོད་རིགས་ལུས་རྩལ་པ་ཆོས་དབྱིངས་སྐྱིད་རྒྱལ་ཁབ་མཆོང་འཕེན་རྒྱུག་གསུམ་ལུས་རྩལ་རུ་ཁག་གི་མི་སྣ75དང་ལྷན་དུ་སྐྱེས་མའི་འདུར་རྒྱུག་འགྲན་བསྡུར་དུ་ཞུགས་རྒྱུ་ཡིན་པ་རེད།

        ཆོས་དབྱིངས་སྐྱིད་ཀྱིས2012ལོའི་ལོན་ཏུང་ཨོ་རྩལ་འགྲན་ཚོགས་སུ་སྤྱི་ལེ20ཡི་སྐྱེས་མའི་འདུར་རྒྱུག་ཁྲོད་ཨང་གཉིས་པ་དང་། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་འདུར་རྒྱུག་འགྲན་བསྡུར་ཁྲོད་ཨང་བཞི་བ་ཐོབ། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་ལེགས་འདེམ་བརྒྱུད། ཆོས་དབྱིངས་སྐྱིད་རྒྱལ་ཁབ་མཆོང་འཕེན་རྒྱུག་གསུམ་ལུས་རྩལ་རུ་ཁག་ཏུ་ཚུད་ཅིང་། འཛམ་གླིང་མཆོང་འཕེན་རྒྱུག་གསུམ་གཟེངས་རྟགས་འགྲན་བསྡུར་ཁྲོད་ཞུགས་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།