སྤོ་ལོ་གླེང་བ།
རྩོམ་པ་པོ།:ཁྱུང་པོ་དཔལ་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-06-15 09:10:00
ཀློག་གྲངས།:
དེང་སང་རང་རེ་འགྲོ་བ་མིའི་རིགས་ལ་ལུས་རྩལ་སྣ་ཁ་ཁྲི་སྟོང་མང་པོ་ཡོད་ཀྱང་དེ་དག་ལས་ཁྱབ་ཆེ་ཤོས་སམ་འབུར་དུ་ཐོན་ཤོས་སམ་ལུས་རྩལ་ཀུན་གྱི་ཡང་རྩེ་ལྟ་བུ་ནི་སྤོ་ལོ་བརྩི་བཞིན་ཡོད་ཅིང་། སྤོ་ལོ་ཐོག་མར་དར་ཡུལ་ནི་ཞང་བོད་མཐོ་སྒང་འདི་ཡིན་ཞེས་དེང་གི་མཁས་པ་མང་པོས་གསུངས་བཞིན་འདུག་པ་སྟེ། སྔར་ཐང་བོད་དབར་རྟ་ཐོག་སྤོ་ལོའི་རྩེད་འགྲན་སྤེལ་མྱོང་ཚུལ་ཐང་ཡིག་རྙིང་མའི་ནང་དུ་འཁོད་ཡོད་འདུག
གཞན་ཡང་། རྐང་རྩེད་སྤོ་ལོ་ནི་སྔར་དུས་རབས་བཅུ་གཉིས་པའི་ནང་དུ་དབྱིན་ཇིའི་དམག་མིས་ཁོ་ཚོའི་དགྲ་བོ་ཏེན་མག་གི་དམག་མིའི་མགོ་བོ་བཅད་དེ་རྡོག་ཐོ་གཞུས་ནས་རྩེད་སྤྱད་བྱས་པའི་བློ་སྐྱེད་འོག་དངོས་པོ་གཞན་རིལ་རིལ་བཟོས་ཏེ་རྩེད་ཆས་བྱས་པས་རིམ་བཞིན་དེང་རབས་ཀྱི་རྐང་རྩེད་སྤོ་ལོ་རྩེད་རྒྱུ་འདིར་འཕོ་འགྱུར་བྱུང་བར་བཤད་ལ། སྤྱིར་སྤོ་ལོའི་རིགས་ལས་དར་སྔ་ཤོས་ནི་ཕལ་མོ་ཆེས་རྟ་ཐོག་སྤོ་ལོ་ཡིན་པར་ངོས་འཛིན་ལ། དབྱིན་ཇིའི་སྐད་དུའང་འདི་ལ་སྤོ་ལོའམ་ཕོ་ལོང(POLO)ཞེས་འབོད་ཅིང་། ཐ་སྙད་དེ་བོད་སྐད་ཡིན་ལ་དབྱིན་ཇིའི་མཁས་དབང་ཚོས་ཀྱང་། ཁོ་ཚོས་གཞན་གྱི་ཐ་སྙད་གཡར་བའི་ནང་ལས་སྤོ་ལོ(Ball)ཞེས་པ་འདི་ནི་ཐ་སྙད་གཡར་མའི་ནང་ནས་ལེགས་གྲས་སུ་བརྩི་སྲོལ་ཡོད་པར་གྲགས། ཡིག་རྙིང་དག་གི་བར་གསེང་ན་མིག་ཟུང་ཞིབ་ཏུ་ཅེར་ན་རྩེད་ཆས་འདིར་སྤོ་ལོ་ཞེས་པ་ལས་ཀྱང་ཕོ་ལོང་ཞེས་བོས་པ་སྔ་བ་མཐོང་ཐུབ། དེ་ལྟར་སྤོ་ལོའམ་ཕོ་ལོང་ཞེས་པ་འདི་ནི་བོད་བཙན་པོའི་རྒྱལ་རབས་སྐབས་ནས་དར་བའི་བོད་ཀྱི་ཐ་སྙད་ཅིག་ཡིན་འདུག་ཀྱང་། ད་དུང་ཞིབ་ཏུ་དཔྱད་ན་དེའི་སྔོན་ཙམ་དུ་ཞང་སྐད་དམ་བོད་ཀྱི་བརྡ་རྙིང་ལ་སྤོ་ལོར་ལྒང་ལི་ཞེས་འབོད་ཀྱིན་ཡོད་པར་སྙམ་ལ་མ་གཞི་སྤོ་ལོ་དང་ལྒང་ལི་ཞེས་པ་གཉིས་ཀའི་ཚིག་གི་ཞིབ་ཆ་ཙམ་ལས་སྤྱིའི་འཇུག་ཡུལ་སྒང་ངམ་རིལ་མོ་གཉིས་དང་འདྲ་བར་སྣང་ཞིང་། དེ་ཡང་། འབྲེལ་བ་དང་དབྱིབས་འདྲ་བ་རྒྱུ་མཚན་དུ་བྱས་པ་ལས་འཕེལ་བའི་མིང་གཞིའི་སྡེ་བ་གཅིག་པ་ཞིག་གཞིར་བཟུང་ནས་དེའི་སྒྲ་གདངས་ཅུང་ཙམ་རེ་བསྒྱུར་བ་ལ་བརྟེན་ནས་མིང་དུ་མ་བྱུང་བ་ཞིག་ཡིན་ཏེ། དཔེར་ན། གཤོང་ངམ་ཀོང་ཀོང་ལ་བལྟོས་པར་སྒང་པའམ་སྒང་རིལ་དང་། གཅིན་དང་ཕུ་ལ་སོགས་པས་གང་བ་ལ་སྣོད་ཁུག་རིལ་མོ་ལ་ལྒང་ལིའམ་ལྒང་ཕུག་དང་། འདབ་ཆགས་སོགས་ཀྱི་མངལ་སྒྲོམ་ལ་བྱ་སྒོང་སྒོ་ང་། ལྟ་བུ་སོགས་ཀྱིས་མཚོན་པའི་བོད་ཀྱི་སྐད་བརྡའི་ཁྲོད་དུ་འདི་ལྟ་བུའི་མིང་གཞི་སྡེ་བ་གཅིག་པའི་རྐང་པ་བརྟན་པོ་སྔར་ནས་ཚུགས་ཡོད་ལ། བོན་གྱི་གསེར་འོད་སོགས་དཔེ་རྙིང་ཁག་ཅིག་གི་ནང་དུ། སྟོན་པ་གཤེན་རབས་མི་བོའི་སྐབས་ཀྱི་དམིགས་བསལ་གྱི་མཛད་སྒོའི་དུས་སུ། ལ་ལས་ནི་ལྒང་རྩེ་བོ། ཞེས་སོགས་མང་དུ་འདུག་པས་ན། སྐབས་དེ་ཤད་ཙམ་ནས་ཞང་བོད་མཐོ་སྒང་འདིར་ལྒང་ངམ་སྤོ་ལོ་རྩེད་སྲོལ་དར་ཁྱབ་ཆེན་པོ་བྱུང་འདུག
སྤྱིར་དེང་སང་ཡོངས་ཁྱབ་ཏུ་སྤོ་ལོ་ཞེས་པ་དེ་རྒྱུགས་ཆེ་རུང་། མདོ་སྨད་ཀྱི་སྐད་བརྡ་རིག་པ་བ་ཚོས་གྲུ་གུར་དབྱིབས་འདྲ་བ་རྒྱུ་མཚན་དུ་བྱས་ཏེ་ལག་རྩེད་སྤོ་ལོར་སླེ་གྲུག་དང་རྐང་རྩེད་སྤོ་ལོར་རྐང་གྲུག་ཅེས་ཞིབ་ཆ་ཕྱེ་བཞིན་འདུག་པ་དེར་མི་ལེགས་པ་མི་འདུག དེ་ལྟར་སྤོ་ལོ་ནི་གནའ་དེང་གང་གི་དུས་སུ་ཡིན་རུང་ལུས་རྩལ་གྱི་མ་ལག་གཙོ་བོ་ལྟ་བུར་གནས་བབ་ཟིན་ཡོད་པས་དེང་རབས་འཛམ་གླིང་ཐོག་ལུས་རྩལ་བརྒྱ་སྟོང་མང་པོ་འདུག་པ་ལས་སྤོ་ལོའི་རིགས་ཀྱི་ཁྱབ་ཁོངས་ཆེ་ཞིང་ཀུན་གྱིས་དགའ་བསུ་ཐོབ་ཚད་མཐོ་ཤོས་ནི་སྤོ་ལོ་ཡིན་པ་ཚང་མས་མཐོང་བཞིན་པ་ལགས་ཏེ། གཞན་ཚོ་ནི་ལྟད་མོ་བ་ནས་རིམ་བཞིན་འཁྲབ་སྟོན་པར་གྱུར་འདུག་མོད། འུ་ཚོ་ནི་འཁྲབ་སྟོན་པ་ནས་ལྟད་མོ་བ་རུ་གྱུར་པ་འདི་ནི་ཅི་འདྲའི་ལྟད་མོའི་ནང་གི་ལྟད་མོ་ཚ་སྐྱུར་ཅན་ཞིག་རེད་ཨང་། ད་དུང་ཡང་། གཞན་ཚོས་ནི་འཕུར་གྲུར་བསྡད་དེ་འགྲོ་བ་སྤྱིའི་རེ་སྙེག་སྟེ་རང་དབང་དང་དམངས་གཙོ་རྩོད་བཞིན་ཟླ་བ་སོགས་ཉི་མའི་ཁྱིམ་རྒྱུད་ཀྱི་སྐར་མའི་གོ་ལ་རྣམས་བསྐོར་ཅིང་བློ་དང་རིག་པས་ཞིབ་ཏུ་དཔྱད་ནས་མ་འོངས་པའི་ཕུགས་འདུན་རྩིས་འཕྲུལ་གྱིས་འཆར་འགོད་བྱེད་བཞིན་པའི་སྐབས་སུ། འུ་ཚོས་ནི་ད་དུང་ཡང་རྟ་གཡག་གི་རྒྱབ་ནས་ནང་དམེ་དང་རྩྭ་ས་རྩོད་བཞིན་རྔམ་ནག་པའི་ལུང་ཁུག་ཏུ་འཛུལ་ཅིང་རྨོངས་འཐོམས་ཀྱིས་མ་འོངས་པའི་མདུན་ལམ་ཐམས་ཅད་ལྷ་པ་དང་མོ་པར་བཅོལ་བཞིན་འདུག་པར་བལྟས་ན། ང་ཚོ་འཛམ་བུ་གླིང་གི་དེང་དུས་ཀྱི་ལུས་རྩལ་པ་ཚོ་དང་དཔུང་རྡང་བསྒྲིག་པར་ད་དུང་དུས་ཡུན་བསྐལ་པས་ཆོད་པ་སྣང་བས་འདིའི་ཐད་ལ་རེ་བ་དེ་ཙམ་མི་ཆེ་མོད། ལོ་ངོ་ཁྲི་སྟོང་གོང་ནས་ལུས་རྩལ་ལ་ཞེན་པ་ཆེ་བའི་མི་རིགས་ཤིག་གི་སེམས་བྱུང་གི་རུ་མ་དེ་བསྐྱར་དུ་སྐྱེད་པའི་རེ་སྨོན་ཞིག་གིས་ཁོ་བོས་ལག་སོར་དབང་མེད་དུ་གཡོག་ཏུ་བཀོལ་ཏེ་ཆེས་ཐོག་མའི་ཞང་བོད་ཀྱི་ལུས་རྩལ་གྱི་ལོ་རྒྱུས་སྤྱི་གླེང་འདི་འབྲི་རུ་བཅུག་བྱུང་བ་དེ་རེ་ཞིག་རྫོགས་སོ།།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།