2014ལོའི་པཱ་ཞི་འཛམ་གླིང་བུམ་པ་ཡོངས་སུ་མཇུག་སྒྲིལ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-07-15 11:35:00 ཀློག་གྲངས།:

2014ལོའི་པཱ་ཞི་འཛམ་གླིང་བུམ་པའི་ཡོངས་སུ་མཇུག་སྒྲིལ།

     2014ལོའི་པཱ་ཞི་འཛམ་གླིང་བུམ་པ(2014 FIFA World Cup)ནི་འཛམ་གླིང་བུམ་པའི་རྐང་གྲུག་འགྲན་བསྡུར་སྐབས20བ་ཡིན་ཞིང་། འགྲན་བསྡུར་འདི་ནི2014ལོའི་ཟླ6པའི་ཚེས12ཉིན་ནས་ཟླ7པའི་ཚེས13ཉིན་གྱི་བར་ལྷོ་ཨ་མེ་རི་ཁའི་པ་ཞི་རྒྱལ་ཁོངས་ཀྱི་གྲོང་ཁྱེར12ཁྲོད་ཀྱི་སྤོ་ལོ་ར་བ་བཅུ་གཉིས་སུ་སྤེལ། འདི་ནི1950ལོའི་པཱ་ཞི་འཛམ་གླིང་བུམ་པའི་རྗེས་སུ་པཱ་ཞི་རྒྱལ་ཁབ་རང་ནས་སྤེལ་བའི་འཛམ་གླིང་བུམ་པ་ཐེངས་གཉིས་པ་ཡིན་པ་མ་ཟད། 1978ལོར་ཨ་ཀིན་ཐིན་འཛམ་གླིང་བུམ་པའི་རྗེས་སུ་ལྷོ་ཨ་མེ་རི་ཁ་རུ་སྤེལ་བའི་འཛམ་གླིང་བུམ་པ་ཐེངས་ལྔ་བའང་ཡིན།
     པཱ་ཞི་འཛམ་གླིང་བུམ་པར་ཁྱོན་བསྡོམས་པས་རྐང་གྲུག་རུ་ཁག32ཞུགས་ཡོད་ཅིང་།  པཱ་ཞི་རྒྱལ་ཁབ་ལ་འགྲན་བསྡུར་དུ་ཞུགས་པའི་ཐོབ་ཐང་ཡོད་པ་ལས་གཞན་རྒྱལ་ཁབ31ནི2011ལོའི་ཟླ6པར་མགོ་བརྩམས་པའི་སྔོན་འདེམ་འགྲན་བསྡུར་དུ་ཞུགས་ཡོད་པའི་ཐོབ་ཐང་དགོས་པ་རེད།
     2014ལོའི་པཱ་ཞི་འཛམ་གླིང་བུམ་པ་རུ་འཇར་མན་རྐང་གྲུག་རུ་ཁག་གིས་ཨང་དང་པོ་དང་། ཨ་ཀིན་ཐིན་རྐང་གྲུག་རུ་ཁག་གིས་ཨང་གཉིས་པ། ཧོ་ལན་རྐང་གྲུག་རུ་ཁག་གིས་ཨང་གསུམ་པ་བཅས་བླངས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།