བོད་རིགས་ཁྱད་འཕགས་ལུས་རྩལ་པ་དབང་རྒྱལ།
བོད་རིགས་ཁྱད་འཕགས་ལུས་རྩལ་པ་དབང་རྒྱལ།
ཉེ་སྔོན། བོད་རིགས་ལུས་རྩལ་པ་དབང་རྒྱལ་ལ་རྒྱལ་ནང་ཁུ་ནུ་རྟགས་མའི་ཁུ་ཚུར་གཞུ་རྩལ་འགྲན་བསྡུར་ཁྲོད་གཟེངས་ཐོན་བྱ་དགའ་ཨང་དང་པོ་སྟེ་གསེར་གྱི་རྟགས་མ་ཐོབ།
རྒྱལ་ཡོངས་ཁུ་ནུ་རྟགས་མའི་ཆེད་ལས་རང་བཞིན་གྱི་ཁུ་ཚུར་གཞུ་རྩལ་འགྲན་བསྡུར་རྟིང་རྩོད་འགྲན་ཐེངས་བརྒྱད་པ་དང་། མཚོ་སྔོན་ཟི་ལིང་འགྲན་ཚོགས་ཀྱི་ཁུ་ཚུར་གཞུ་རྩལ་གྱི་རྟིང་རྩོད་འགྲན་བསྡུར་འཚོགས་ཏེ། སྤྱི་ལོ2014ལོའི་ཟླ8པའི་ཚེས24ཉིན་མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་རྫོང་དུ་མཇུག་སྒྲིལ།
ཐེངས་འདིའི་འགྲན་བསྡུར་ཐོག་འཛམ་གླིང་གི་རྒྱལ་ཁབ་ཧྥ་རན་སི་དང་ཀོ་རི་ཡ། ཐའེ་ལན་ཌི། རྒྱ་ནག་བཅས་གཙོས་པའི་རྒྱལ་ཁབ9ལྷག་གི་ཁུ་ཚུར་གཞུ་རྩལ་པ་མཉམ་ཞུགས་གནང་ཡོད་པ་དང་། ཟི་ལིང་འགྲན་ཁུལ་གྱི་མཐའ་མའི་རྟིང་རྩོད་འགྲན་བསྡུར་ཁྲོད་བོད་རིགས་གཞོན་སྐྱེས་གཞུ་རྩལ་བ་དབང་རྒྱལ་གྱིས་སྤྱི་རྒྱ95ཡི་ཤུགས་ཚད་ཡོད་པའི་འགྲན་བསྡུར་ཁྲོད་འགྲན་ཡ་ལས་རྣམ་པར་རྒྱལ་ཏེ་བྱ་དགའ་ཨང་དང་པོ་ཐོབ་པ་མ་ཟད། རྒྱལ་ཡོངས་ཁུ་ནུ་རྟགས་མའི་ཁུ་ཚུར་གཞུ་རྩལ་འགྲན་བསྡུར་ཁྲོད་གསེར་གྱི་རྟགས་མ་ཐོབ།
རང་ལོ32ཡིན་པའི་བོད་རིགས་ཁུ་ཚུར་གཞུ་རྩལ་པ་དབང་རྒྱལ་ལགས་ནི། མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་ཡ་རྫི་རྫོང་རྡོ་སྦིས་གྲོང་ཚོ་དཔའ་སྡེ་ཞེས་པའི་སྡེ་བ་ནས་སྐྱེས་ཤིང་། ཆུང་དུས་ཡ་རྫི་རྫོང་རྡོ་སྦིས་ཡུལ་ཚོའི་སློབ་ཆུང་དང་སློབ་འབྲིང་བཅས་ལ་རིམ་བཞིན་འགྲིམ་རྗེས། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་ཡོད་པའི་ལུས་རྩལ་སློབ་གྲྭར་ཞུགས་ཏེ་ད་བར་ཁུ་ཚུར་གཞུ་རྩལ་གཙོས་པའི་ལུས་རྩལ་གྱི་རིགས་ལ་སྦྱོང་བརྡར་གཏིང་ཟབ་བྱས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com