མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གིས་སྔོན་བརྩོན་རྟགས་མའི་མདའ་འཕེན་འགྲན་བསྡུར་སྐབས་དང་པོ་སྤེལ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-09-25 10:14:00 ཀློག་གྲངས།:


མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གིས་སྔོན་བརྩོན་རྟགས་མའི་མདའ་འཕེན་འགྲན་བསྡུར་སྐབས་དང་པོ་སྤེལ།

     དེ་ཡང་མི་རིགས་ཀྱི་ཕུལ་བྱུང་རིག་གནས་དར་སྤེལ་དང་། མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས། མི་རིགས་སོ་སོ་མཉམ་གྱིས་མཐུན་སྒྲིལ་དང་འཕེལ་རྒྱས། གསེར་ཆེན་རྫོང་གི་མི་རིགས་མཐུན་སྒྲིལ་འཕེལ་རྒྱས་སྔོན་ཐོན་ས་ཁུལ་འཛུགས་སྐྲུན་གྱི་ཁྱད་འཕགས་རང་བཞིན་བསྐྲུན་པར། ཟླ9བའི་ཚེས15ནས་ཚེས25བར། མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གིས་རྒྱལ་སྟོན་བསུ་བར་སྔོན་བརྩོན་རྟགས་མའི་མདའ་འཕེན་འགྲན་བསྡུར་སྐབས་དང་པོ་སྤེལ་བ་རེད།


མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གིས་སྔོན་བརྩོན་རྟགས་མའི་མདའ་འཕེན་འགྲན་བསྡུར་སྐབས་དང་པོ་སྤེལ།

     ཐེངས་འདིའི་བྱ་འགུལ་ནི་སྐྱེས་པའི་རུ་ཁག་མི20ལས་གྲུབ་སྟེ་འགྲན་བསྡུར་བྱེད་ཅིང་། ཡུལ་ཚོ་དང་གྲོང་རྡལ་སོ་སོའི་སྡེ་བ(སྡོད་ཁུལ)རེའི་མདའ་འཕེན་རུ་ཁག་ལས་བདམས་ཏེ་འགྲན་བསྡུར་བྱེད་ལ། མཐར་ཕུལ་བྱུང་རུ་ཁག1བདམས་ཏེ་ཡར་ཞུ་བྱེད་དགོས། གསེར་ཆེན་རྫོང་མི་རིགས་མཐུན་སྒྲིལ་འཕེལ་རྒྱས་སྔོན་ཐོན་ས་ཁུལ་འཛུགས་སྐྲུན་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་ཡུལ་ཚོ་དང་གྲོང་རྡལ་སོ་སོའི་མདའ་འཕེན་རུ་ཁག11རྩ་འཛུགས་བྱས་ཏེ་འགྲན་བསྡུར་བྱེད་པ་མ་ཟད། སྔོན་གྲས་སུ་ཚུད་པའི་རུ་ཁག་ལ་གཟེངས་བསྟོད་གནང་བ་ཡིན་ཏེ། བསྡོམས་པས་བྱ་དགའ་ཨང་དང་པོ1དང་བྱ་དགའི་དངུལ་སྒོར5000དང་། ཨང་གཉིས་པ1དང་བྱ་དགའི་དངུལ་སྒོར3000། ཨང་གསུམ་པ1དང་བྱ་དགའི་དངུལ་སྒོར2000། རྩ་འཛུགས་བྱ་དགའི་དངུལ་སྒོར1000བཅས་ཡོད་ལ། དུས་མཚུངས་སུ། བྱ་དགའ་ཨང་དང་པོ་དང་ཨང་གཉིས་པ་གཉིས་ཁུལ་ཡོངས་ཀྱི་རྒྱལ་སྟོན་བསུ་བའི་མདའ་འཕེན་རྟིང་རྩོད་འགྲན་བསྡུར་དུ་ཞུགས་རྒྱུ་རེད།

མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གིས་སྐབས་དང་པོའི་མདའ་འཕེན་འགྲན་བསྡུར་སྤེལ།
མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གིས་སྔོན་བརྩོན་རྟགས་མའི་མདའ་འཕེན་འགྲན་བསྡུར་སྐབས་དང་པོ་སྤེལ།

མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གིས་སྔོན་བརྩོན་རྟགས་མའི་མདའ་འཕེན་འགྲན་བསྡུར་སྐབས་དང་པོ་སྤེལ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།