ཅིན་སྡོད་བོད་མིའི་སྲོང་བཙན་སྐྱེས་བུམ་གཟེབ་གྲུག་འགྲན་ཚོགས་སྐབས་ཉེར་གསུམ་པ་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-04-07 11:32:00 ཀློག་གྲངས།:

ཅིན་སྡོད་བོད་མིའི་སྲོང་བཙན་སྐྱེས་བུམ་གཟེབ་གྲུག་འགྲན་ཚོགས་སྐབས་ཉེར་གསུམ་པ་བསྡུས་པ།
ཅིན་སྡོད་བོད་མིའི་སྲོང་བཙན་སྐྱེས་བུམ་གཟེབ་གྲུག་འགྲན་ཚོགས་སྐབས་ཉེར་གསུམ་པ་བསྡུས་པ།

     ཟླ4བའི་ཚེས4ཉིན། ཅིན་སྡོད་བོད་མིའི་སྲོང་བཙན་སྐྱེས་བུམ་གཟེབ་གྲུག་འགྲན་ཚོགས་སྐབས་ཉེར་གསུམ་པ་དེ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་བཟོ་བའི་གཟེབ་གྲུག་ར་བ་རུ་ཚོགས་ཤིང་། སྲོང་བཙན་སྐྱེས་བུམ་གཟེབ་གྲུག་མཉམ་འགྲན་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ཀྱིས་གཙོ་སྒྲུབ་གནང་བ་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་སློབ་མའི་ཚོགས་པ་དང་། པེ་ཅིང་ལུས་རྩལ་སློབ་ཆེན། མི་དམངས་ཉིན་རེའི་ཚགས་པར་མི་དམངས་དྲ་བ། གངས་ལྗོངས་རིག་གནས་འབྲེལ་འདྲིས་ཁང་བཅས་ཀྱིས་རོགས་སྒྲུབ་གནང་། འདི་ནི་ཅིན་སྡོད་བོད་འབྲེལ་ལས་ཁུངས་དང་སློབ་མའི་བར་གྱི་གཟེབ་གྲུག་འགྲན་བསྡུར་ཞིག་ཡིན།

     མཛད་སྒོའི་སྟེང་གཟེབ་གྲུག་མཉམ་འགྲན་གྱི་ཆེད་ཞུ་བློ་འདྲི་ཡུལ་ནི། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གནའ་དཔེ་གཞུང་སྒྲུབ་ཁང་གི་འགོ་གཙོ་ལི་ཏུང་ཧྲེང་དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་མི་དོན་སུའི་ལྟ་ཞིབ་གཞོན་པ་ཆོས་གྲགས། ཀྲུང་དབྱང་མི་དམངས་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་ཡིག་རྩོམ་སྒྲིག་ཁང་གི་འགོ་གཙོ་ཚེ་དགའ། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཀུའོ་ཝེ་ཕིང་། མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་གཞོན་པ་ཚེ་རིང་རྒྱལ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་ནོར་བུ། མི་རིགས་དཔེ་སྐྲུན་ཁང་ཆ་འཕྲིན་ལྟེ་གནས་ཀྱི་འགོ་གཙོ་བློ་རྒྱས་སོགས་ཡིན།


འགྲན་ཞུགས་རུ་ཁག

     ཆོས་གྲགས་ཀྱིས་བཤད་རྒྱུར། 1991ལོ་ནས་བཟུང་སྲོང་བཙན་སྐྱེས་བུམ་གཟེབ་གྲུག་འགྲན་བསྡུར་ནི་ལོ་ངོ་ཉི་ཤུ་ལྷག་ལ་བརྒྱུད་ཅིང་། སྤྱི་ཚོགས་ཀྱི་བྱམས་ལྡན་མི་སྣ་དང་འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་ཀྱི་རྒྱབ་སྐྱོར་ཆེན་པོ་ཐོབ་པ་དང་།  ནང་སྒོས་སུ་རྒྱལ་ཡོངས་དམངས་ཆེན་གྱི་སྔར་གྱི་ཨུ་ཡོན་ཀྲང་གཞོན་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་ང་ཕོད་ངག་དབང་འཇིགས་མེད་སོགས་ཀྱི་གཟིགས་རྟོགས་དང་རྒྱབ་སྐྱོར་ཐོབ་པ་མ་ཟད་སྲོང་བཙན་སྐྱེས་བུམ་ལ་ཕྱག་བྲིས་ཀྱང་གནང་མྱོང་།
     རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲན་བསྡུར་ལ་སློབ་མའི་སྡེ་དང་ལས་ཁུངས་ཀྱི་སྡེ་བཅས་གཉིས་སུ་བགར་ཡོད་ཅིང་། སློབ་མའི་སྡེ་ལ་བསྡོམས་པས་རུ་ཁག40དང་། དེ་ལས་སྐྱེས་པའི་སྡེ་ལ་རུ་ཁག28དང་སྐྱེས་མའི་སྡེ་ལ་རུ་ཁག12ཡོད་ལ། སོ་སོ་ནི་པེ་ཅིང་ལུས་རྩལ་སློབ་ཆེན་དང་། པེ་ཅིང་མཁའ་འགྲུལ་སློབ་ཆེན། པེ་ཅིང་འཁྲབ་རྩལ་སློབ་གླིང་། པེ་ཅིང་པར་སྐྲུན་སློབ་གླིང་། ཕྱི་འབྲེལ་དཔལ་འབྱོར་ཚོང་གཉེར་སློབ་ཆེན་སོགས་མཐོ་རིམ་སློབ་ཆེན28ནས་ཡོང་བ་དང་། ལས་ཁུངས་ཀྱི་སྡེ་ནི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་དང་།  ཀྲུང་དབྱང་མི་དམངས་རྒྱང་སྒྲོག་བརྙན་འཕྲིན་ཁང་། མི་རིགས་ཡིག་སྒྱུར་ཅུའུ། མི་རིགས་དཔེ་སྐྲུན་ཁང་སོགས་ཡིན།
     ཐེངས་འདིའི་འགྲན་བསྡུར་ནི་ཟླ4བའི་ཚེས26བར་སྤེལ་རྒྱུ་ཡིན་ཞིང་། གཟའ་འཁོར་རེའི་གཟའ་སྤེན་པ་དང་གཟའ་ཉི་མ་ཉིན་གནས་གཅིག་ཏུ་འགྲན་བསྡུར་བྱེད་པ་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།