རྐྱང་རྒོད་རྔོག་ཞོན་ཚང་གི་རྟ་རྒྱུག་འགྲན་སྡུར་སྐབས་དང་པོ་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་།
ཡུལ་དངོས།
ཉེ་ཆར། འདོ་རིག་རྟ་ཕོའི་རིག་གནས་གོང་འཕེལ་གཏོང་བ་དང་འབྲོག་སྡེ་རུ་ཞི་མཐུན་རྟག་བརྟན་གྱི་འཚོ་བ་གསར་བ་བསུ་ཆེད། ཐེམ་ཆེན་རྫོང་ཤེས་ཡོན་གྲོང་རྡལ་གྱི་རྟ་རྒྱུག་མཐུན་ཚོགས་སྟེ་རྐྱང་རྒོད་རྔོག་ཞོན་ཚང་གིས་རྟ་རྒྱུག་འགྲན་སྡུར་སྐབས་དང་པོ་སྔོན་ཐེམ་འཕོང་ཡུལ་ཚོའི་སྡོད་གནས་སུ་སྤེལ།
ཤེས་གསལ་ལྟར་ན། རྐྱང་རྒོད་རྔོག་ཞོན་ཚོགས་ནི་རྟ་མཆོག་ལ་དུང་བ་ཆེ་བའི་ཐེམ་ཆེན་གྱི་ཤེས་ཡོན་གྲོང་རྡལ་རུ་ཁག་ལྔ་བ་དང་དྲུག་པའི་སྡེ་མི་གཙོ་བྱས་པའི་ཚོགས་མི་བཞི་བཅུ་ལྷག་གིས་གྲུབ་པའི་རྟ་ཡི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཚོགས་པ་ཞིག་ཡིན་ལ། ཐེངས་འདིའི་རྟ་རྒྱུག་གི་བྱ་དགའ་དང་འབྲེལ་ཡོད་ཀྱི་འགྲོ་སོང་ཡོད་ཚད་ཀྱང་རྟ་རྒྱུག་རིག་གནས་ལ་དོ་ཁུར་བྱེད་མཁན་གྱི་ཚོགས་མི་འདི་དག་གི་འདོད་མོས་ལྟར་རང་གྲབས་བྱས་པ་རེད།
བྱ་དགའ་གནང་བ།
ཚོགས་པ་འདིས་ཡུལ་བོང་སྟག་ས་ཁུལ་གྱི་སྤྱོད་གྲགས་གཉིས་ལྡན་གྱི་རྒན་པ་འགའ་གདན་འདྲེན་ཞུས་ཏེ་དྲང་བོ་དྲང་བཞག་གི་སྒོ་ནས་རྟ་ཡི་ཁྲག་རྒྱུད་དང་སྐྱེ་ཁུངས། ཉོ་ཁུངས་སོགས་ཀྱི་ཐད་ནས་རིགས་བཀར་བ་མ་ཟད། རྟའི་ལོ་ཚོད་ཀྱང་བཀར་ནས་ཉིན་གཉིས་རིང་རྟ་མཆོག་གི་རིག་གནས་གྱ་ནོམ་པ་ཞིག་ས་གནས་མང་ཚོགས་དང་ཕྱོགས་ཡོང་ལྟད་མོ་བར་ཕུལ།
བྱ་དགའ་གནང་བ།
ཐེངས་འདིའི་རྟ་རྒྱུག་སྟེང་དུ་མཚོ་ནུབ་ས་ཁུལ་གྱི་འགྲན་ཞུགས་པ་ལས་གཞན་ད་དུང་ཉེ་འཁོར་གྱི་མཚོ་བྱང་དང་མཚོ་ལྷོ་སོགས་ཀྱི་རྟ་བདག་འགའ་ཡང་ཐོན་ཡོད་ལ། བསྡོམས་པས་རྟ་མཆོག500ལྷག་ཐེངས་འདིའི་འགྲན་སྡུར་སྟེང་ཞུགས་ཡོད།
ཐེངས་འདིའི་རྟ་རྒྱུག་འགྲན་སྡུར་གྱི་བྱ་འགུལ་སྤེལ་བ་བརྒྱུད། ས་གནས་དམངས་ཁྲོད་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་མ་ཟད། ཐེམ་ཆེན་ས་ཁུལ་གྱི་འབྲོག་རྟ་འདི་མ་ཉམས་གོང་འཕེལ་གཏོང་བར་ཡང་དགེ་མཚན་ཆེན་པོ་ལྡན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com