སི་ཕན་ཧོང་མཱ་རྐང་རྩེད་སྤོ་ལོའི་སློབ་གྲྭས་ལོ་ན10ཅན་གྱི་དབང་ཆེན་ནོར་བུ་བསྡུ་ལེན་བྱས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-07-10 10:28:00 ཀློག་གྲངས།:

སི་ཕན་མཱ་ཏེ་རི་རྐང་རྩེད་སྤོ་ལོའི་སློབ་གྲྭས་ལོ་ན10ཅན་གྱི་དབང་ཆེན་ནོར་བུ་བསྡུ་ལེན་བྱས།
དབང་ཆེན་ནོར་བུ་དང་ཁོའི་རྐང་རྩེད་སྤོ་ལོ་རྩེད་གྲོགས་གསུམ།

     སྤྱི་ཟླ7པའི་ཚེས6ཉིན། ཧིན་ཏཱ་རྐང་རྩེད་སྤོ་ལོ་སློབ་གྲྭའི་བོད་ཀྱི་ན་གཞོན་རྐང་རྩེད་རུ་ཁག་དང་ཀོང་ཀྲུའུ་ཧོའུ་ལིའུ་ཡོན་སློབ་ཆུང་གི་དབྱར་གནང་གི་མཛའ་བརྩེའི་འགྲན་བསྡུར་དེ་སྤྲིན་དཀར་རི་བོའི་རྐང་རྩེད་སྤོ་ལོ་ཐང་དུ་སྤེལ་ཞིང་། ཛ་དྲག་གི་འགྲན་བསྡུར་བརྒྱུད།  ཧིན་ཏཱ་རྐང་རྩེད་སྤོ་ལོ་སློབ་གྲྭའི་བོད་ཀྱི་ན་གཞོན་རུ་ཁག་གིས5:4ཡི་ཐོབ་འབྲས་ལས་རྒྱལ་ཁ་ཐོབ།
     རྒྱུས་ལོན་བྱུང་པ་ལྟར་ན།  ཝང་ལོའོ་ཅི་ཡིས་ཧིན་ཏཱ་རྐང་རྩེད་སྤོ་ལོ་སློབ་གྲྭའི་བོད་ཀྱི་ན་གཞོན་རྐང་རྩེད་བ་བཞི་ལ་རོགས་སྐྱོར་གནང་སྟེ་ཧིན་ཏཱ་རྐང་རྩེད་སྤོ་ལོ་སློབ་གྲྭར་སློབ་སྦྱོང་དུ་མངགས་པའི་བོད་རིགས་སློབ་མ་སྐོར་ཁག་དང་པོ་ཡིན། ཁོ་བཞི་བོ་ལས་ལོ་ན་ཆེས་ཆེ་བ་ལོ14དང་ཆེས་ཆུང་བ་ལོ10ཡིན། ཁོ་ཚོ་ཆུང་དུས་ནས་ཕ་ཡུལ་དུ་རྐང་རྩེད་སྤོ་ལོའི་ལུས་རྩལ་ལ་རོལ་མྱོང་བ་དང་། མི་ཚེའི་ཕུགས་བསམ་ཡང་རྐང་རྩེད་སྤོ་ལོ་བ་མིང་གྲགས་ཅན་ཞིག་ཏུ་འགྱུར་རྒྱུ་དེ་རེད།
     ལོ་ཆུང་གཞོན་ནུ་བཞིའི་ཁྲོད། ལོ་ན་ཆུང་ཤོས་དབང་ཆེན་ནོར་བུ་ནི་མིག་སྔར་སི་ཕན་གྱི་ཧོང་མཱ་རྐང་རྩེད་སྤོ་ལོའི་སློབ་གྲྭར་བསྡུ་ལེན་བྱས་ཤིང་། དབྱར་གནང་གི་རྗེས་སུ་སི་ཕེན་གྱི་མཱ་ཏེ་རི་ན་གཞོན་རུ་ཁག་ཏུ་ཞུགས་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།