མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་གི་འགྲན་རིམ་དགུ་བའི་ཁྲོད་མཱ་ཁི་ལ་ཡང་བསྐྱར་བྱ་དགའ་ཨང་དང་པོ་ཐོབ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་ཉིན་རེའི་ཚགས་པར། དུས་ཚོད།:2015-07-15 10:46:00 ཀློག་གྲངས།:

མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་གི་འགྲན་རིམ་དགུ་བའི་ཁྲོད་མཱ་ཁི་ལ་ཡང་བསྐྱར་བྱ་དགའ་ཨང་དང་པོ་ཐོབ།

     སྤྱི་ཟླ7པའི་ཚེས13ཉིན། 2015ལོའི་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་གི་འགྲན་རིམ་དགུ་བ་སྟེ་ཀ་ཆུ་ནས་ཏིན་ཞི་རུ་རྒྱུག་པའི་འགྲན་བསྡུར་སྤེལ། འགྲན་རིམ་དགུ་བ་ནི་སྐབས་འདིའི་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་གི་འགྲན་ལམ་རིང་ཚད་སྤྱི་ལེ་ཉིས་བརྒྱ་ལས་བརྒལ་བའི་འགྲན་རིམ་ཐོག་མ་ཡིན་པ་དང་། དུས་ཚོད་བཞིའི་ལྷག་རིང་གི་ཛ་དྲག་ཆེ་བའི་འགྲན་བསྡུར་བརྒྱུད་དེ། མཇུག་མཐར་སི་ལོ་ཝུན་ཉི་ཡཱའི་ཨེར་ཏི་ལིས་ཡཱ་མོ་པེར་རུ་ཁག་གི་མཱ་ཁིས་དུས་ཚོད་བཞི་དང་སྐར་མ་སོ་དྲུག་སྐར་ཆ་སོ་གཅིག་གི་གྲུབ་འབྲས་ལ་བརྟེན་ནས་འགྲན་རིམ་དགུ་བའི་བྱ་དགའ་ཨང་དང་པོ་བླངས་བ་དང་། དེ་ནི་མཱ་ཁིས་ཐེངས་བཞི་བར་འགྲན་རིམ་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་བླངས་བ་ཡིན་ལ། བྱ་དགའ་ཨང་གཉིས་པ་དང་ཨང་གསུམ་པ་སོ་སོར་ཝུའུ་ཁི་ལན་ཨཱ་མའོ་ཨེར་ཝེ་ཐཱ་རུ་ཁག་གི་ཀི་ཝ་ཚི་དང་ཝུའུ་ཁི་ལན་ཁི་ཨེར་སི་རུ་ཁག་གི་ཨན་ཏི་ལིས་ཁུའུ་ལིས་ཁི་གཉིས་ལ་ཐོབ།
      འགྲན་རིམ་དགུ་བའི་འགྲན་ལམ་ཧྲིལ་བོའི་རིང་ཚད་ལ་སྤྱི་ལེ་ཉིས་བརྒྱ་དང་གསུམ་ཡོད་པ་དང་། ལམ་བར་དུ་བསྡོམས་པས་མཐའ་མའི་གདོང་མཆོང་བྱེད་ས་གཉིས་དང་རིམ་པ་གཉིས་པའི་གྱེན་ལམ་གཉིས་ཡོད། གདོང་མཆོང་བྱེད་ས་གཉིས་ཀ་སོ་སོར་སྤྱི་ལེ་སོ་བཞི་དང་གྲངས་ཆུང་གཉིས་དང་སྤྱི་ལེ་བརྒྱ་དང་བཞི་གྲངས་ཆུང་ལྔ་ཡི་མཚམས་སུ་ཡོད་པ་དང་། སྤྱི་ལེ་ང་དྲུག་དང་གྲངས་ཆུང་གསུམ་གྱི་མཚམས་ནི་འགྲན་རིམ་འདིའི་རིམ་པ་གཉིས་པའི་གྱེན་ལམ་དང་པོ་ཡིན་ལ། མཚོ་ངོས་ལས་མཐོ་ཚད་ལ་རྨིད་སྟོང་གཉིས་དང་བཞི་བརྒྱ་ཞེ་གཅིག་ཡོད་པ་དང་། གྱེན་ལམ་གཉིས་པ་ནི་སྤྱི་ལེ་བརྒྱ་དང་ཉེར་གཅིག་གི་མཚམས་སུ་ཡོད་ལ། མཚོ་ངོས་ལས་མཐོ་ཚད་ལ་རྨིད་སྟོང་གཉིས་དང་སུམ་བརྒྱ་གྱ་གཅིག་ཡོད།
      འགྲན་རིམ་དགུ་བ་མཇུག་རྫོགས་རྗེས། སྤྱིའི་གྲུབ་འབྲས་ཨང་དང་པོ་མཚོན་པའི་སྟོད་ལྭ་སེར་བོ་དང་ཨེ་ཤ་ཡའི་ཆེས་བཟང་བའི་ལྕགས་རྟ་ཞོན་མཁན་གྱི་སྟོད་ལྭ་སྔོན་པོ་གཉིས་སྔར་བཞིན་དུ་ཐེ་ཝནRTSསིན་ཏིས་ཁི་རུ་ཁག་གི་ཧོ་སེར་ཡིན་ལ་ཐོབ་པ་དང་། ཕུལ་བྱུང་གི་མཐའ་མའི་གདོང་མཆོང་བྱེད་མཁན་གྱི་མཚོན་རྟགས་ཏེ་སྟོད་ལྭ་ལྗང་གུ་སི་ལོ་ཝུན་ཉི་ཡའི་ཨེར་ཏི་ལིས་ཡཱ་མོ་པེར་རུ་ཁག་གི་མཱ་ཁི་ལ་ཐོབ། ཉིན་ཞ་རྒྱམ་ཤོག་ཧྥི་ཁི་སི་རུ་ཁག་གི་ཁི་ལའོ་ལཱ་ཏོ་ལ་ལ་འགོས་ནུས་པ་བཟང་བའི་མཚོན་རྟགས་ཀྱི་སྟོད་ལྭ་ཁྲ་ཁྲ་ཐོབ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།