གཏེར་ལམ་རྫོང་གིས་མི་རིགས་མཐུན་སྒྲིལ་རྟགས་མའི་རྟ་རྒྱུག་འགྲན་སྡུར་སྐབས་གཉིས་པ་སོགས་སྤེལ།

རྩོམ་པ་པོ།:བོང་སྟག་རི་ལུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-08-10 10:28:00 ཀློག་གྲངས།:

མཛད་སྒོའི་སྟེང་ཞབས་བྲོ་འཁྲབ་སྟོན་བྱེད་བཞིན་པ།
མཛད་སྒོའི་སྟེང་ཞབས་བྲོ་འཁྲབ་སྟོན་བྱེད་བཞིན་པ།


མཛད་སྒོའི་སྟེང་ཞབས་བྲོ་འཁྲབ་སྟོན་བྱེད་བཞིན་པ།


འཐུས་ཚབ་རུ་ཁག

     ཉེ་ཆར། གཏེར་ལམ་རྫོང་གིས་མི་རིགས་མཐུན་སྒྲིལ་རྟགས་མའི་རྟ་རྒྱུག་འགྲན་སྡུར་སྐབས་གཉིས་པ་དང་མི་རིགས་གྱོན་ཆས་འཁྲབ་སྟོན་བྱ་འགུལ་གྱི་མཛད་སྒོ་དེ་ཞང་ཀྱཱ་ཡུལ་ཚོའི་མཛེས་སྡུག་གི་རྩྭ་ཐང་ནས་སྤེལ།
     མཛད་སྒོའི་སྟེང་། ཤན་འབྱེད་པའི་འཐུས་ཚབ་རུ་ཁག་དང་། མི་རིགས་གྱོན་ཆས་འཁྲབ་སྟོན་འཐུས་ཚབ་རུ་ཁག དེ་མིན། རྟ་བ་དང་། མདའ་འཕེན། སོག་གླུའི་འགྲན་སྡུར་གྱི་འགྲན་ཞུགས་པའི་འཐུས་ཚབ་རུ་ཁག་བཅས་རིམ་བཞིན་ལུས་རྩལ་ར་བ་རུ་འཛོམས།
     ཁུལ་དང་རྫོང་རིམ་པའི་འབྲེལ་ཡོད་འགོ་ཁྲིད་ཀྱིས་མཛད་སྒོའི་སྟེང་གཏམ་བཤད་དང་ཤིས་ཚིག་ཕུལ་ཞིང་། གཏེར་ལམ་རྫོང་གི་སོག་རིགས་དང་བོད་རིགས་ཀྱི་མང་ཚོགས་ཀྱིས་མི་རིགས་གྱོན་ཆས་འཁྲབ་སྟོན་བྱས་ཤིང་། རྒན་པའི་ཐང་ཆེན་ར་བའི་ཞབས་བྲོ་རུ་ཁག་དང་། བོད་རིགས་ཞབས་བྲོ་རུ་ཁག  དེ་མིན་གཏེར་ལེན་ཁའི་ཧན་ཆིན་ཀི་ལིས་སྒྱུ་རྩལ་ཚོགས་པ་བཅས་ཀྱིས་མཛད་སྒོའི་སྟེང་རིག་རྩལ་སྣ་ཚོགས་གྱ་ནོམ་པ་འཁྲབ་སྟོན་བྱས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།