རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བ་ཨིག་ཨར་ཏོ་སི་ནས་བསྡུས།
རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བ་ཨིག་ཨར་ཏོ་སི་ནས་བསྡུས།
རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བ་ཨིག་ཨར་ཏོ་སི་ནས་བསྡུས།
གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་པ་ཐེངས་འདིའི་ལུས་རྩལ་འགྲན་ཚོགས་སུ་ཞུགས་པ།
རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བ་ཨིག་ཨར་ཏོ་སི་ནས་བསྡུས།
སྤྱི་ཟླ8པའི་ཚེས9ཉིན། རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བ་ཟླ་བརྒྱད་པའི་ཚེས་དགུ་ཉིན་གྱི་ཕྱི་དྲོར་ནང་སོག་རང་སྐྱོང་ལྗོངས་ཀྱི་ཨིག་ཨར་ཏོ་སི་གྲོང་ཁྱེར་ནས་གཟབ་རྒྱས་ངང་ཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིག་ཡན་ཏུང་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཀྲིན་ཝེ་གཉིས་ལུས་རྩལ་འགྲན་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས།
མི་རིགས་ང་དྲུག་ཨིག་ཨར་ཏོ་སི་གྲོང་ཁྱེར་གྱི་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ར་བ་ནས་དགའ་སྤྲོའི་ངང་ལྷན་དུ་འཛོམས་ནས། འདྲ་མཉམ་དང་མཐུན་སྒྲིལ། རོགས་ལས་དང་འཆམ་མཐུན་བཅས་ཀྱི་ལུས་རྩལ་འགྲན་ཚོགས་ལ་ཞུགས། རྒྱལ་དར་དང་། ལུས་རྩལ་འགྲན་ཚོགས་ཀྱི་དར་ཆ་དང་མཚོན་རྟགས་བཅས་རུ་ཁག་གིས་སྣེ་ཁྲིད་པ་དང་། མི་རིགས་ང་དྲུག་གི་དཔའ་འབར་སྒྲེང་མཁན་གྱིས་སྣེ་ཁྲིད་དེ། ཀོང་ཞི་དང་ཉིན་ཞ། བོད་ལྗོངས། ཞིན་ཅང་། ནང་སོག་བཅས་རང་སྐྱོང་ལྗོངས་ཀྱི་འཐུས་ཚབ་ཚོགས་པ་དང་། ཐའེ་ཝན་གྲངས་ཉུང་མི་རིགས་འཐུས་ཚབ་ཚོགས་པ་དང་བཅས་པའི་འཐུས་ཚབ་ཚོགས་པ་སོ་བཞི་ཡིས་མི་རིགས་ཀྱི་རྒྱན་ཆས་སྤྲས་ཏེ་ལུས་རྩལ་ར་བའི་ནང་དུ་ཕྱིན་ཏེ། མི་རིགས་ཀྱི་ཁྱད་ཆོས་དང་ཐུན་མོང་མ་ཡིན་པའི་ས་གནས་ཁྱད་ཆོས་ངོམ།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་མཚན་འཛིན་ཀྲུའུ་ཞི་ལིག་ཡན་ཏུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བ་མགོ་བརྩམས་པ་ཁྱབ་སྒྲོག་བྱས་མ་ཐག་ཏུ། ཨིག་ཨར་ཏོ་སི་གྲོང་ཁྱེར་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ར་བར་ཐལ་མོ་རྡེབ་སྒྲ་དང་དགའ་སྤྲོ་ཡིས་ཁེངས་འདུག
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཝང་ཀྲིན་ཝེ་ཡིས་ལུས་རྩལ་འགྲན་ཚོགས་མགོ་རྩོམ་པའི་ཞུ་ཚིག་ཕུལ། ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི། རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ཐི་ཨེར་གྱིས་དགའ་བསུ་ཞུ་ཚིག་ཕུལ། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་དང་། རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལིག་ཕུན་གྱིས་ལུས་རྩལ་འགྲན་ཚོགས་ཀྱི་མགོ་རྩོམ་པའི་མཛད་སྒོར་མགོ་འཛིན་བྱས།
དེའི་རྗེས་སུ། མི་རིགས་སོ་སོའི་ཁྱད་ཆོས་དང་རྩྭ་ཐང་མི་རིགས་རིག་གནས་ཀྱི་རིག་རྩལ་འཁྲབ་སྟོན་གྱི་མགོ་བརྩམས།
ལུས་རྩལ་འགྲན་ཚོགས་ཀྱི་མགོ་རྩོམ་པའི་མཛད་སྒོའི་སྔོན་ལ། ལིག་ཡན་ཏུང་དང་ཝང་ཀྲིན་བེ་གཉིས་ཀྲུང་གོ་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་དང་རིག་གནས་འགྲེམ་སྟོན་ལ་ཞུགས་པར་མ་ཟད། ལུས་རྩལ་འགྲན་ཚོགས་སུ་ཞུགས་པའི་འཐུས་ཚབ་ཚོགས་པ་སོ་སོའི་ཚོགས་གཙོ་དང་མི་རིགས་སོ་སོའི་ལུས་རྩལ་པའི་འཐུས་མི་སོགས་ལ་ཐུག་འཕྲད་བྱས། ལིག་ཡན་ཏུང་གིས་རིགས་སོ་སོའི་ལུས་རྩལ་པས་འབད་བརྩོན་ཆེན་པོ་བྱེད་པ་དང་། ལུས་རྩལ་འགྲན་སྡུར་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་ཆེར་བཏང་སྟེ། ཐེངས་འདིའི་ལུས་རྩལ་འགྲན་ཚོགས་དེ་མི་རིགས་སོ་སོའི་བར་བརྗེ་རེས་བཟང་བོ་བྱེད་ཐུབ་པའི་ཚོགས་ཆེན་གཟབ་རྒྱས་ཤིག་ཏུ་བསྒྱུར་བར་སྐུལ་མ་བཏང་།
ལུས་རྩལ་འགྲན་ཚོགས་ཀྱི་སྐབས་སུ། རྒྱལ་ཡོངས་ཀྱི་ཞིང་ལྗོངས་དང་གྲོང་ཁྱེར31དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས། བཅིངས་འགྲོལ་དམག་གི་འཐུས་ཚབ་ཚོགས་པ། ཐེ་ཝན་འཐུས་ཚབ་ཚོགས་པ་བཅས་འཐུས་ཚབ་ཚོགས་པ34ཡི་ལུས་རྩལ་པ6240ཡིས་འགྲན་སྡུར་རྣམ་གྲངས17དང་འཁྲབ་སྟོན་རྣམ་གྲངས178ཀྱི་འགྲན་སྡུར་ཁྲོད་ཞུགས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com