པདྨ་རྫོང་སེ་ལེ་ཐང་གྲོང་རྡལ་གྱི་སྐབས་དང་པོའི་པདྨ་རྟགས་མའི་འབྲོག་དམངས་ལུས་རྩལ་འགྲན་སྡུར་བསྡུས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།། དུས་ཚོད།:2015-08-18 09:44:00 ཀློག་གྲངས།:


ཞབས་བྲོའི་འཁྲབ་ཚན།


ན་ཆུང་རྡུང་ལེན་པ།


ཐག་འཐེན་འགྲན་སྡུར།

པདྨ་རྫོང་སེ་ལེ་ཐང་གྲོང་རྡལ་གྱི་སྐབས་དང་པོའི་པདྨ་རྟགས་མའི་འབྲོག་དམངས་ལུས་རྩལ་འགྲན་སྡུར་བསྡུས།
གླང་ཆེན་ས་གཤག


ས་སྒྱེ་འགྱོག་པ།


འུར་རྡོ་འཕེན་པ།


རི་འཛེག་བྱེད་པ།

     སྤྱི་ཟླ8པའི་ཚེས15ཉིན། པདྨ་རྫོང་སེ་ལེ་ཐང་གྲོང་རྡལ་གྱི་སྐབས་དང་པོའི་པདྨ་རྟགས་མའི་འབྲོག་དམངས་ལུས་རྩལ་འགྲན་སྡུར་དེ་སེ་ལེ་ཐང་རྩྭ་ཐང་དུ་བསྡུས།
     ཐེངས་འདིའི་འགྲན་སྡུར་ནི་སེ་ལེ་ཐང་གྲོང་རྡལ་ཏང་ཨུ་དང་སེ་ལེ་ཐང་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་བྱས་ཤིང་། དམངས་ཀྱི་མཐུན་སྒྲིལ་དང་། སྟོབས་ཤུགས་མཉམ་སྒྲིལ་མཚོན་པའི་འབྲོག་པ་མང་ཚོགས་ཀྱི་ལུས་རྩལ་བྱ་འགུལ་ཞིག་རེད། བྱ་འགུལ་གྱི་ནང་དོན་ལ་དམངས་གླུ་འགྲན་སྡུར་དང་། རྡུང་ལེན་འགྲན་སྡུར། ཐག་འཐེན། གླང་ཆེན་ས་གཤགས། འུར་ཆ་འཕེན་པ། རི་འཛེག་སོགས་རྣམ་གྲངས་དུ་མ་མཆིས།
     འབྲོག་པ་མང་ཚོགས་ཀྱི་ལུས་རྩལ་རིག་གནས་བྱ་གཞག་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་དམངས་ཀྱི་བསམ་བློ་བཅིངས་འགྲོལ་དང་། རིག་གནས་བྱང་ཚད་མཐོར་འདེགས། ལུས་པོ་སྦྱོར་བརྡར་རྨང་རྩར་བཟུང་ནས་ཐད་ཀར་དུ་གཞི་རྩ་མི་ཡིན་པའི་སྤྱི་ཕན་རང་བཞིན་གྱི་བྱ་གཞག་མངོན་འགྱུར་བྱུང་བ་དང་། དམངས་སེམས་གཅིག་ཏུ་བསྡུས་པ། དམངས་ཀྱི་བློ་སྤོབས་མཐོ་རུ་གཏོང་བ། དམངས་ཀྱི་བློ་ཁ་གཅིག་མཐུན་གཅིག་བསྡུས་སྒོས་ཕྱོགས་ཡོངས་ནས་ལུས་སྟོབས་དང་བྱང་ཚད་མཐོར་འདེགས་སུ་གཏོང་ཅི་ཐུབ་བྱེད་བཞིན་མཆིས། སྐབས་དང་པོའི་ལུས་རྩལ་བྱ་འགུལ་སྤེལ་བ་འདིས་ཁ་དོག་གསུམ་ལྡན་གྱི་པདྨ་རྫོང་གི་འཛུགས་སྐྲུན་བྱ་གཞག་ཐད་ལ་ནུས་པ་བླ་ལྷག་ཐོན་ཡོད།
     རེབ་འདིའི་ལུས་རྩལ་བྱ་འགུལ་འདིས་དམངས་ཀྱི་མཐུན་སྒྲིལ་དང་། སྟོབས་ཤུགས་མཉམ་དུ་སྒྲིལ་བ་མཚོན་ཞིང་། ཆེས་མཐོ་བ་དང་། ཆེས་མགྱོགས་པ། ཆེས་བཟང་བའི་ལུས་རྩལ་སྙིང་སྟོབས་དེ་བྱ་བ་དང་མཉམ་བསྲེས་མཉམ་འདྲེས་བྱས་ཏེ། མགྱོགས་མྱུར་སྒོས་སེ་ལེ་ཐང་གྲོང་རྡལ་འབྱོར་ཕྱུག་གི་ལམ་དུ་སྙེག་རྒྱུ་དང་། དཔལ་ཡོན་གྱི་ལམ་དུ་བསྐྱོད་དེ་འཚོ་བའི་གོ་སྐབས་དམ་འཛིན་བྱེད་པ། འཚོ་བའི་སྟོང་ཆ་ཅི་མཐུན་གྱིས་སྐོང་པར་བྱས་ཏེ་སྔར་ན་མེད་པའི་བྱ་འགུལ་ཞིག་གི་དབུ་ཁྱུད་ཀྱི་མཁའ་དབུགས་གསར་བ་སྐྲུན་པར་བྱས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།