མཚོ་སྐོར་ལྕགས་རྟ་རྒྱུག་འགྲན་གྱི་འགྲན་རིམ་བརྒྱད་པའི་ཁྲོད་པོ་ལེ་ཧྥའོ་ཏཱ་ལ་བྱ་དགའ་ཨང་དང་པོ་ཐོབ།
2017ལོའི་མཚོ་སྔོན་ཞིང་སྡེའི་ཡིད་རྟོན་རྟགས་མའི་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་རྒྱུག་འགྲན་སྐབས་དྲུག་པའི་འགྲན་རིམ་བརྒྱད་པ་སྟེ་མིན་ཡོན་ནས་ཕེན་ཨན་བར་གྱི་འགྲན་སྡུར་ཟླ་བདུན་པའི་ཚེས་ཉེར་གསུམ་ཉིན་སྤེལ། དུས་ཚོད་ལྔ་རིང་གི་ཛ་དྲག་ཆེ་བའི་འགྲན་རྩོད་བརྒྱུད་དེ། ཨང་རྟགས་ཉེར་བདུན་པ་ཝུའུ་ཁི་ལན་ཁི་ཨར་སི་རུ་ཁག་གི་པོ་ལེ་ཧྥའོ་ཏཱ.ཨོ་ལེ་ཁི་ཧྲན་ཏི་ལོ་ལ་འགྲན་རིམ་བརྒྱད་པའི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། ཨང་རྟགས་ཉིས་བརྒྱ་དང་བཅུ་དྲུག་པ་མཚོ་སྔོན་ཐེན་ཡིག་ཏི་རུ་ཁག་གི་ཆོ་ནཱ་སུན.མིན་སེ་ཧྥུའུ་ཡིས་རུ་མིའི་གཞོགས་འདེགས་འོག གྲུབ་འབྲས་བཟང་བོ་བླངས་ནས། མུ་མཐུད་དུ་སྤྱིའི་གྲུབ་འབྲས་ཨང་དང་པོ་མཚོན་པའི་སྟོད་ལྭ་སེར་བོ་གོན་ཐུབ་པ་བྱུང་།
འགྲན་རིམ་བརྒྱད་པའི་འགྲན་ལམ་སྤྱིའི་རིང་ཚད་ལ་སྟོང་རྨིད་ཉིས་བརྒྱ་དང་ཉེར་བཞི་ཡོད་པ་དང་། སྟོང་རྨིད་བརྒྱ་དང་ཉེར་དྲུག་དང་གྲངས་ཆུང་གཅིག་གི་བར་མཚམས་སུHརིམ་པའི་ལར་འཛེག་ས་གཅིག་བཙུགས་ཡོད་པ་དང་། སྟོང་རྨིད་བརྒྱ་དང་གོ་དྲུག་དང་གྲངས་ཆུང་གཅིག་གི་བར་མཚམས་སུ་ལམ་བར་གྱི་མཆོང་རྒྱུག་བྱེད་ས་གཅིག་བཙུགས་ཡོད། འགྲན་ཞུགས་པ་ཚོ་མིན་ཡོན་ནས་རྒྱུག་འགོ་བརྩམས་ནས། ལམ་བར་དུ་མིན་ཡོན་ཞན་མིས་ནགས་ར་དང་ཧུའུ་ཀྲུའུ་བྱང་རིའི་ནགས་ར་བརྒྱུད་དེ། མཇུག་མཐར་མཚོ་ཤར་གྲོང་ཁྱེར་ཕེན་ཨན་ཆུའུ་རུ་ཐོན།
འགྲན་རིམ་བརྒྱད་པ་ནི་སྐབས་འདིའི་མཚོ་སྐོར་ལྕགས་རྟ་རྒྱུག་འགྲན་གྱི་ཆེས་དཀའ་བའི་འགྲན་རིམ་གྲས་ཀྱི་གཅིག་ཡིན་ལ། འགྲན་ལམ་གྱི་རིང་ཚད་ལ་སྟོད་རྨིད་ཉིས་བརྒྱ་དང་ཉེར་བཞི་ཡོད་པ་མ་ཟད། ལམ་བར་དུ་ད་དུང་མཚོ་ངོས་ལས་མཐོ་ཚད་ལ་རྨིད་སྟོང་གསུམ་དང་ཉིས་བརྒྱ་གྱ་གཉིས་ཡོད་པའི་ས་མཚམས་སུHརིམ་པའི་ལར་འཛེག་ས་གཅིག་བཙུགས་ཡོད།
འགྲན་རིམ་བརྒྱད་པའི་འགྲན་བསྡུར་མཇུག་རྫོགས་རྗེས། ཨང་རྟགས་ཉིས་བརྒྱ་དང་བཅུ་དྲུག་པ་མཚོ་སྔོན་ཐེན་ཡིག་ཏི་རུ་ཁག་གི་ཆོ་ན་སིན.མིན་སེ་ཧྥུའུ་ཡིས་མུ་མཐུད་དུ་མི་སྒེར་གྱི་སྤྱིའི་གྲུབ་འབྲས་ཨང་དང་པོ་མཚོན་པའི་སྟོད་ལྭ་གོན་པ་དང་། ཨང་རྟགས་དོན་གཉིས་པ་ཧ་སག་སི་ཐན་ཨ་སི་ཐཱ་ན་ཝེ་ནོ་རུ་ཁག་གི་ཨ་སི་ཐཱ་ཧྥུའུ་ཡེ་ཧྥུའུ.ཧྲི་ཏེ་ཧྥུན་ལ་ཡ་གླིང་གི་ཆེས་བཟང་བའི་ལྕགས་རྟ་བཞོན་མཁན་གྱི་མཚོན་རྟགས་སྟོད་ལྭ་སྔོན་པོ་ཐོབ། ཨང་རྟགས་བརྒྱ་དང་དོན་གཅིག་པ་ཐུར་ཁེ་རུ་ཁག་གི་ཐོ་ཁུའུ་རུ་ཁག་གི་འེ་ཧྭ་མད་ལ་སྟོད་ལྭ་ལྗང་ཁུ་ཐོབ་པ་དང་། སྟོད་ལྭ་ཁྲ་ཁྲ་མུ་མཐུད་དུ་ཐེ་ཝན་བྱང་མའིRTSམད་ཐིན་རུ་ཁག་གི་ཨོར་ཐི་ཅཱ.ལ་མེ་ལེ་སི་ཐི་ལ་བྱིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com