གཡང་མདའ་རྒྱལ་སྤྱིའི་མདའ་འཕེན་འགྲན་ཚོགས་དང་མདའ་སྟོན་རིག་གནས་དུས་ཆེན་སྐབས་ལྔ་པ་བསྡུས།
འགོ་རྩོམ་མཛད་སྒོའི་ཡུལ་དངོས།
མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུང་གིས་འགྲན་ཚོགས་དངོས་སུ་འགོ་བརྩམས་པ་ཁྱབ་སྒྲོག་བྱེད་བཞིན་པ།
འགོ་རྩོམ་མཛད་སྒོའི་སྟེང་གི་མདོ་འཛིན་པ་ལྷན་རྒྱས།
རྒྱལ་ཁབ་ལུས་རྩལ་ཅུས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་གོ་མདའ་རྩལ་མཐུན་ཚོགས་དང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱི་གཙོ་སྒྲུབ་དང་། ཀྲུང་གུང་གཅན་ཚ་རྫོང་ཏང་ཨུ་དང་། ཀྲུང་གུང་གཅན་ཚ་རྫོང་སྲིད་གཞུང་གིས་སྒྲུབ་འགན་འཁུར་བའི2018ལོའི“གཡང་མདའ་རྟགས་མའི”རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་གདན་ཞུ་འགྲན་ཚོགས་དང་མདའ་སྟོན་རིག་གནས་དུས་ཆེན་སྐབས་ལྔ་པ་དེ་ཚེས18ཉིན་གཅན་ཚ་རྫོང་མར་ཁུ་གྲོང་རྡལ་ལུས་རྩལ་ར་བ་ནས་གཟབ་རྒྱས་ངང་འགོ་བརྩམས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུང་མཛད་སྒོར་ཞུགས་པ་མ་ཟད་འགྲན་ཚོགས་དངོས་སུ་འགོ་བརྩམས་པ་ཁྱབ་སྒྲོག་བྱས།
འགོ་རྩོམ་མཛད་སྒོའི་འཁྲབ་སྟོན།
འགྲན་ཚོགས་ལ་ཞུགས་པའི་ཕྱི་རྒྱལ་གྱི་ལུས་རྩལ་པ།
འགྲན་ཚོགས་ལ་ཞུགས་པའི་ཕྱི་རྒྱལ་གྱི་ལུས་རྩལ་པ།
འགྲན་ཚོགས་ལ་ཞུགས་པའི་རང་ཞིང་གི་ལུས་རྩལ་པ།
དུས་ཡུན་ཉིན་བཞི་རིང་གི་འགྲན་བསྡུར་ལ་རྒྱལ་ཁབ་ཕྱི་ནང་གི་ལུས་རྩལ་རུ་ཁག170ཡི་ལུས་རྩལ་པ2254ཞུགས་ཡོད་པ་དང་། དེའི་ནང་ཨོ་སུ་ཁྲུ་རུ་ཡ་དང་། ཨ་མེ་རི་ཁ། ཧྥ་རན་སི། འཇར་མན་སོགས་ཕྱི་རྒྱལ་གྱི་ལུས་རྩལ་རུ་ཁག19དང་། ཞང་ཀང་དང་ཐའེ་ཝན་འདུས་པའི་རྒྱལ་ནང་གི་ལུས་རྩལ་རུ་ཁག23། ཞིང་ཆེན་ནང་ཁུལ་གྱི་ལུས་རྩལ་རུ་ཁག101བཅས་ཀྱིས་གཡང་མདའི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩལ་འགྲན་བསྡུར་གྱི་སྒྲིག་སྲོལ་ལྟར། བསྡོམས་པས་མི20ཡི་རྭ་གཞུ་ཚན་ཆུང་དང་མི20ཡི་གཞུ་འཁོར་ལོ་མའི་ཚན་ཆུང་། མི20ཡི་ལྕགས་གཞུ་ཚན་ཆུང་། མི20ཡི་སྲོལ་རྒྱུན་གཞུ་བཅས་འགྲན་བསྡུར་ཚན་པ་ལྔའི་འགྲན་བསྡུར་ལ་ཞུགས་རྒྱུ་རེད།
དུས་མཚུངས་སུ། གཅན་ཚ་རྫོང་ཁམས་ར་གྲོང་རྡལ་གྱི་བོད་ཁྱིམ་གསོལ་མགྲོན་ཁང་དུ་ཐེངས་འདིའི་མདའ་སྟོན་བཤམས་ཏེ། རྒྱལ་ཁབ་ཕྱི་ནང་དང་ཞིང་ཆེན་ནང་ཁུལ་གྱི་འགྲན་ཞུགས་པ་ཚོས་མདའ་སྟོན་ལ་རོལ་ཞིང་། ལུས་རྩལ་པ་དང་སྐུ་མགྲོན་ཚང་མས“ཀྲུང་གོའི་མི་རིགས་མདའ་རྩལ་ཕ་ཡུལ”དང“རྒྱལ་ཁབ་རིམ་པའི་ཆུ་བེད་མཛེས་ལྗོངས་མིང་གྲགས་ཁུལ”། “རྒྱལ་ཁབ་ཀྱི་མཐོ་སྒང་གི་ཆུ་རྩལ་སྦྱོང་བརྡར་རྟེན་གཞི”། “ཁམས་ར་རྒྱལ་ཁབ་ནགས་ཚལ་སྤྱི་གླིང”། “ཁམས་ར་རྒྱལ་ཁབ་ས་གཤིས་སྤྱི་གླིང”བཅས་རྒྱལ་ཁབ་རིམ་པའི་ཆས་རྟགས་ཆེན་མོ་ལྔ་གཅིག་ཏུ་འདུས་པའི་གནས་མཆོག་གཅན་ཚའི་མཛེས་སྡུག་ལ་རོལ་མྱོང་བྱས་པ་མ་ཟད། གཞན་བོད་བརྒྱུད་ནང་བསྟན་གྱི་བསྟན་པ་ཕྱི་དར་གྱི་འབྱུང་གནས་དང་གཡང་མདའི་ཁྱད་ལྡན་རིག་གནས་ཀྱིས་ཐེངས་འདིའི་འགྲན་བསྡུར་ལ་རིག་གནས་ཀྱི་དོན་སྙིང་གསར་བ་ཞིག་ཁ་བསྣན་ཡོད།
གཡང་མདའ་རྒྱལ་སྤྱིའི་མདའ་འཕེན་འགྲན་ཚོགས་དང་མདའ་སྟོན་རིག་གནས་དུས་ཆེན་སྐབས་ལྔ་པ་བསྡུས།
གླུ་ལེན་གར་རྩེད་བྱེད་པའི་ཚུལ།
རེབ་འདིའི་འགྲན་བསྡུར་གྱི་དམིགས་ཡུལ་ནི་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་ཏེ། ཞི་བདེ་དང་བརྗེ་རེས། ཤེས་རྟོགས། བཟོད་སྒོམ། མཉམ་ལས། མཉམ་རྒྱལ་བཅས་ཀྱི་སྙིང་སྟོབས་མངོན་པར་མཚོན་པ་དང་།“འཛམ་གླིང་གི་མི་རིགས་རིག་གནས་དར་སྤེལ་དང་།འཛམ་གླིང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་།མཐོ་སྒང་གི་རབ་མཛེས་མཚོ་སྔོན་དུ་བསྐྱོད་ནས། མདའ་སྟོན་གྱི་ཡུལ་གཅན་ཚ་འགྲེམ་སྟོན་བྱེད་པ”དམིགས་ཡུལ་དུ་བཟུང་པ་དང་། “སྲིད་གཞུང་གིས་འགན་སྒྲུབ་དང་དམངས་ཡོངས་ཞུགས་པ”དང་། “སྤྲོ་སེམས་འཁོལ་བ་དང་གྲོན་ཆུང་། བདེ་འཇགས། འཆམ་མཐུན”བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཤུགས་ཆེན་པོས་ཐེངས་འདིའི་འགྲན་བསྡུར་དེ་རིག་གནས་ཀྱི་དོན་སྙིང་ལྡན་པ་དང་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག་པོའི་རྒྱལ་སྤྱིའི་མི་རིགས་མདའ་འཕེན་གསོལ་སྟོན་ཞིག་དང་། ལུས་རྩལ་དང་རིག་གནས། གནས་སྐོར། ཉོ་ཚོང་བཅས་གཅིག་དུ་འདུས་པའི་ལྗང་མདོག་གི་མིས་བཟོས་ལུས་རྩལ་དུས་ཆེན་ཞིག་ཏུ་བསྒྱུར་ཡོད། དེར་མ་ཟད་ཐེངས་འདིའི་གོ་སྐབས་དང་བསྟུན་ནས་རབ་མཛེས་མཚོ་སྔོན་དང་གནས་མཆོག་གཅན་ཚའི་མཛེས་བ་མངོན་པར་བཀྲམས་ནས། ཤུགས་ཆེན་པོས་མཚོ་སྔོན་མི་རིགས་ལུས་རྩལ་ལས་དོན་དང་ལུས་རྩལ་ཐོན་ལས་དར་རྒྱས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com