རྡོ་སྦིས་ཡུལ་ཚོའི་འཐུས་ཚབ་རུ་ཁག་ལ་བྱ་དགའ་ཨང1པོ་ཐོབ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2019-02-26 10:45:00 ཀློག་གྲངས།:


ཛ་དྲག་གི་འགྲན་བསྡུར་རྣམ་པ།


ཛ་དྲག་གི་འགྲན་བསྡུར་རྣམ་པ།


ཛ་དྲག་གི་འགྲན་བསྡུར་རྣམ་པ།


ཡུལ་དངོས་ཀྱི་གཟིགས་མོ་བ།

     ཉེ་ལམ། ཡ་རྫི་རྫོང་གི2019ལོའི་ཡུལ་གྲོང་སྐྱེས་པའི་གཟེབ་གྲུག་འགྲན་བསྡུར་ཁྲོད་རྡོ་སྦིས་ཡུལ་ཚོའི་འཐུས་ཚབ་རུ་ཁག་ལ་ཨང1པོའི་གཟི་བརྗིད་མཚན་སྙན་ཐོབ།
     མཚོ་ཤར་གྲོང་ཁྱེར་ཡ་རྫི་རྫོང་གི2019ལོའི་ཡུལ་གྲོང་སྐྱེས་པའི་གཟེབ་གྲུག་འགྲན་བསྡུར་དེ་ཟླ2པའི་ཚེས18ཉིན་ཡ་རྫི་རྫོང་ལུས་རྩལ་ཁང་ནས་བསྡུས་པ་དང་ཚེས21ཉིན་རྒྱལ་ཁའི་ངང་མཇུག་བསྒྲིལ་བ་རེད།
     ད་ལོའི་འགྲན་བསྡུར་ལ་རྡོ་སྦིས་ཡུལ་ཚོའི་འཐུས་ཚབ་རུ་ཁག་དང་བིས་མདོ་ཡུལ་ཚོའི་འཐུས་ཚབ་རུ་ཁག ཀ་རིང་ཡུལ་ཚོའི་འཐུས་ཚབ་རུ་ཁག རྐང་ཚ་ཡུལ་ཚོའི་འཐུས་ཚབ་རུ་ཁག རག་ཤུ་མདོ་ཡུལ་ཚོའི་འཐུས་ཚབ་རུ་ཁག ཧོར་རྒྱ་གྲོང་རྡལ་གྱི་འཐུས་ཚབ་རུ་ཁག་དང་ཟ་ལར་སྲང་གྲོང་རྡལ་གྱི་འཐུས་ཚབ་རུ་ཁག དར་དམར་ཡུལ་ཚོའི་འཐུས་ཚབ་རུ་ཁག སྐྱེས་རི་གྲོང་བརྡལ་གྱི་འཐུས་ཚབ་རུ་ཁག་བཅས་ཡུལ་ཚོ་དང་གྲོང་རྡལ་དགུ་ཡི་འཐུས་ཚབ་རུ་ཁག་ཞུགས་ཡོད་པ་རེད།
     དབུ་འབྱེད་མཛད་སྒོ་དང་མཇུག་བསྒྲིལ་མཛད་སྒོ་སོ་སོའི་ཡུལ་དངོས་སུ་རྫོང་གི་འབྲེལ་ཡོད་མགོ་ཁྲིད་དང་རིགས་སོ་སོའི་མི་གྲངས་ཁྲི3ལྷག་ཞུགས་ཡོད་པ་དང་། འགྲན་བསྡུར་འདི་ལ་དྲ་ལམ་ཁག་སོ་སོའི་ཐད་གཏོང་ན་ལྟ་བཞིན་པའི་ལྟད་མོ་བའི་མི་གྲངས་ཁྲི200ཡན་བརྒལ་འདུག  ཉིན་བཞི་ཡི་ཛ་དྲག་ཆེ་ཞིང་བྲེད་ཤ་ལངས་པའི་འགྲན་བསྡུར་བྱས་པ་བརྒྱུད་རྡོ་སྦིས་ཡུལ་ཚོའི་འཐུས་ཚབ་རུ་ཁག་ལ་ཨང་དང་པོའི་གཟི་བརྗིད་ཀྱི་མཚན་སྙན་ཐོབ་པ་དང་དར་དམར་དང་བིས་མདོ། ཟ་ལར་སྲང་། སྐྱེས་རི་བཅས་སོ་སོར་ཨང་གཉིས་པ་ནས་ལྔ་པའི་བྱ་དགའ་ཐོབ།


རྡོ་སྦིས་ཡུལ་ཚོའི་འཐུས་ཚབ་རུ་ཁག་ལ་ཨང1པོའི་གཟི་བརྗིད་མཚན་སྙན་ཐོབ།

བྱ་དགའ་ཨང་གཉིས་པ་ཐོབ་མཁན།


བྱ་དགའ་ཨང་གསུམ་པ་ཐོབ་མཁན།


བྱ་དགའ་ཨང་བཞི་བ་ཐོབ་མཁན།


བྱ་དགའ་ཨང་ལྔ་བ་ཐོབ་མཁན།

     ཐེངས་འདིའི་བྱེད་སྒོས་བློ་མཐུན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་དོན་དངོས་འབེབས་དོན་འཁྱོལ་ཡོང་བ་དང"སྤུས་ལེགས་གཅིག་དང་མཐོན་པོ་གཉིས"ཀྱི་འཐབ་ཇུས་གཙོ་གནད་དུ་བཟུང་སྟེ། བརྟན་བརླིང་གིས"མཚོ་སྔོན་གྱི་ལོ་གསར། མཚོ་ཤར་གྱི་སྤྲོ་སྐྱིད། ཡ་རྫི་ཡི་གནས་སྐོར"ཞེས་པའི་ཕྲེང་བསྟར་བྱ་འགུལ་སྤེལ་ནས་རིགས་སོ་སོའི་མང་ཚོགས་ཀྱི་དུས་ཆེན་རིག་གནས་གྲ་རྒྱས་ཡོང་བ། རང་རྫོང་གི་དམངས་ཡོངས་ལུས་སྦྱོང་བྱ་གཞག་ལ་སྐུལ་སྤེལ་བྱེད་པ། ཡ་རྫིའི"མཐོ་སྒང་གཟེབ་གྲུག་གི་ཕ་སའི"ལུས་རྩལ་ཟོང་རྟགས་ཀྱི་འགུག་ཤུགས་མཐོར་འདེགས་སུ་གཏོང་བ། དགུན་ཁའི་གནས་སྐོར་ཁྲོམ་ར་འཁྲུག་ཆ་དོད་པོར་བསྒྱུར་བ་དང་ཞིང་གྲོང་གནས་སྐོར་འཕེལ་རྒྱས་ལ་རོགས་རེས་བྱེད་པ་བཅས་ལ་སྐུལ་སྤེལ་ཏན་ཏིག་བྱས་ཡོད་པ་རེད།
     ཐེངས་འདིའི་འགྲན་བསྡུར་ནི་ཡ་རྫི་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་ཡུལ་ཚོ་དང་གྲོང་རྡལ་སོ་སོའི་འབྲེལ་ཡོད་ལས་ཁུངས་ཀྱིས་རོགས་སྒྲུབ་བྱས་ནས་སྤེལ་བ་ཞིག་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།