ཆོས་དབྱངས་སྐྱིད་ཀྱིས2019ལོའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་འགྲན་སློང་འགྲན་སྡུར་དུ་ཨང་དང་བོ་བླངས།
སྤྱི་ཟླ4པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་གྱི་འགྲོ་རྩལ་ལུས་རྩལ་མ་གྲགས་ཅན་ཆོས་དབྱངས་སྐྱིད་ཀྱིས་ཆུ་ཚོད1དང་སྐར་མ29སྐར་ཆ01གི་གྲུབ་འབྲས་སྤྱད་ནས2019ལོའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་སློང་འགྲན་སྡུར(ཕོར་ཐུ་ཀལ་ས་ཚིགས)གྱི་སྤྱི་ལེ20ཡི་སྐྱེས་མའི་འགྲན་སྡུར་ཁྲོད་ཨང་དང་བོ་བླངས་པ་དང་། འདི་ནི་ཁོ་མོས་འགྲན་སྡུར་རྣམ་གྲངས་འདི་ལས་ཨང་དང་བོ་ལེན་ཐེངས་གསུམ་པ་རེད། གཞན་ཡང་ཝུའུ་ཁི་ལན་གྱི་འགྲན་ཞུགས་པ་ཡུན་ན་ཁ་ཞིས་ན་ཨང་གཉིས་པ་དང་ཁོ་ལོམ་པི་ཡི་འགྲན་ཞུགས་པ་སང་ཏིག་ལ་ཨ་ལེ་ན་སི་ཨང་གསུམ་པ་བཅས་རེད།
འགྲན་སྡུར་སྐབས་སུ་རླུང་ཆེ་བས་འགྲན་ཞུགས་མི་སྣས་ལུས་ཤུགས་ཟད་གྲོན་ཡང་ཧ་ཅང་མང་བ་དང་། འགྲན་སྡུར་ལ་ཧ་ཅང་དཀའ་ངལ་ཆེ་ནའང་ཆོས་དབྱངས་སྐྱིད་ཀྱིས་དཀའ་བ་ཁྱད་དུ་བསད་ནས་འགྲན་ཡ་ལས་རྣམ་པར་རྒྱལ་ཞིང་མཐར་དཀའ་ཁག་ཆེ་བའི་འགྲན་སྡུར་ལས་རྒྱལ་ཁ་ཐོབ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com