འབའ་རྫོང་གི་ནོར་གནག་རིག་གནས་སྒྱུ་རྩལ་དུས་ཆེན་སྤེལ་བ།
ཉེ་ཆར། འབའ་རྫོང་གི་སྐབས་གསུམ་པའི་རྨ་ཆུའི་ནོར་གནག་རིག་གནས་སྒྱུ་རྩལ་དུས་ཆེན་དང་རིག་གནས་ལུས་རྩལ་ཡུལ་སྐོར་མཉམ་བསྲེས་འཕེལ་རྒྱས་ངོ་སྦྱོར་ཚོགས་འདུ། 2019ལོའི་མཚོ་སྔོན་རྒྱང་སྒྲོག་དྲ་བ་རྟགས་མའི་མཚོ་སྔོན་ལྕགས་རྟ་འགྲན་སྡུར་ལས་འབའ་རྫོང་འགྲན་ཁུལ་གྱི་མགོ་རྩོམ་མཛད་སྒོ་དེ་འབའ་རྫོང་རྨ་བྱང་ཞང་གསེར་ཆེན་ལུང་པ་རུ་གཟབ་རྒྱས་ངང་འཚོགས།
མཚོ་ལྷོ་ཁུལ་ཨུའི་རྒྱུན་ཨུ། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡང་ཧེ་ལུང་དང་། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཚེ་རིང་སོགས་མགོ་རྩོམ་མཛད་སྒོའི་སྟེང་ཞུགས་པར་མ་ཟད། འབྲེལ་ཡོད་མགོ་ཁྲིད་ཀྱི་འགྲོ་རོགས་འོག་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམ་སྟོན་ས་ཁུལ་དུ་གཟིགས་སྐོར་བྱས།
ཐེངས་འདིའི་དུས་སྟོན་ཉིན་གསུམ་གྱི་རིང་དུ་སྤེལ་རྒྱུ་ཡིན་ལ། རྒྱ་ཆེའི་ལྟད་མོ་བ་རྣམས་ཀྱིས་དགའ་བསུ་ཐོབ་པའི་གཡག་རྒྱུག་འགྲན་སྡུར་དང་ས་སྒྱེ་འགྱོག་པ། ཐག་འཐེན་འགྲན་སྡུར་སོགས་ལུས་རྩལ་བྱ་འགུལ་གང་མང་སྤེལ་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com