གསེར་ཆེན་རྫོང་བླ་མཚོ་རྟགས་མའི་མི་རིགས་མཐུན་སྒྲིལ་རྟ་རྒྱུག་འགྲན་ཚོགས་སྐབས་གསུམ་པ་སྤེལ་མགོ་བརྩམས།

རྩོམ་པ་པོ།:ལྷ་ཚེ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2019-08-07 16:40:00 ཀློག་གྲངས།:


རྫོང་དཔོན་དཔལ་ལྡན་གྱིས་མདོ་འཛིན་མཛད་པ།

ཁུལ་ཨུའི་རྒྱུན་ཨུ། རྫོང་ཨུའི་ཧྲུའུ་ཅི་ཁྲེན་ཧུང་ལིན་གྱིས་ཤིས་ཚིག་ཕུལ།

     2019ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར70ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར70ལོན་པའི་ལོ་ཡིན་ལ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་བསྐྲུན་ལེགས་འགྲུབ་བྱེད་པའི་ལོ་བརྒྱའི་ཧུར་བརྩོན་དམིགས་འབེན་དང་པོ་རྒྱལ་ཁ་ལོན་པའི་གནད་འགག་གི་ལོ་ཞིག་ཀྱང་ཡིན། ཏང་གི་གཟི་བརྗིད་བརྒྱུད་རིམ་ལ་ཕྱིར་དྲན་དང་། ས་གནས་ཀྱི་དམངས་ཁྲོད་མི་རིགས་རིག་གནས་རྒྱུན་འཛིན་དང་དར་སྤེལ་དུ་གཏོང་བ། ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་བྱེད་ཆེད། 2019ལོའི་ཟླ8པའི་ཚེས7ནས་ཚེས9བར། གསེར་ཆེན་རྫོང་བླ་མཚོ་རྟགས་མའི་མི་རིགས་མཐུན་སྒྲིལ་རྟ་རྒྱུག་འགྲན་ཚོགས་སྐབས་གསུམ་པ་དང་དབུལ་སྐྱོར་ཁྱད་ལྡན་ཐོན་རྫས་འགྲེམ་སྟོན་བྱ་འགུལ་དེ་མཛེས་སྡུག་ལྡན་པའི་མཚོ་སྔོན་པོའི་འགྲམ་དུ་སྤེལ་མགོ་བརྩམས། རྫོང་དཔོན་དཔལ་ལྡན་གྱིས་མདོ་འཛིན་མཛད་པ་དང་། ཁུལ་ཨུའི་རྒྱུན་ཨུ། རྫོང་ཨུའི་ཧྲུའུ་ཅི་ཁྲེན་ཧུང་ལིན་གྱིས་ཤིས་ཚིག་ཕུལ།


རྒྱལ་དར་བསྒྲེངས་བ།


རྟ་རྒྱུག་འགྲན་བསྡུར།

རྟ་རྒྱུག་འགྲན་བསྡུར།

     ཁུལ་ཨུའི་རྒྱུན་ཨུ། རྫོང་ཨུའི་ཧྲུའུ་ཅི་ཁྲེན་ཧུང་ལིན་གྱིས་གསུང་དོན། སྐབས་འདིའི་འགྲན་བསྡུར་ནི་མི་རིགས་རང་བཞིན་དང་སྲོལ་རྒྱུན་རང་བཞིན་གཅིག་འདུས་བྱེད་པ་རྒྱུན་འཁྱོངས་སྒོས། ཞིབ་ཚགས་ཀྱིས་རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་ལ་སྟེགས་བུ་འདི་ལྟ་བུ་ཞིག་བསྐྲུན་པས། འདིས་དམངས་ཁྲོད་སྲོལ་རྒྱུན་གྱི་མི་རིགས་རིག་གནས་དར་སྤེལ་དང་། རིག་གནས་ལུས་རྩལ་ལས་དོན་དང་ཡུལ་སྐོར་དབུལ་སྐྱོར་ཐོན་ལས་གཏིང་ཟབ་མཐུན་སྦྱོར་བྱེད་པར་སྐུལ་འདེད་གཏོང་བ་དང་། "རབ་མཛེས་མཚོ་སྔོན། དག་གཙང་མཚོ་ལྷོ། རབ་མགུ་གསེར་ཆེན"མཚན་སྙན་གྲགས་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་ཀྱི་ནུས་པ་ཐོན།


མཛད་སྒོའི་སྟེང་བྲོ་འཁྲབ་པའི་ཚུལ།

གླུ་གཞས་ལེན་བཞིན་པའི་ཚུལ།

གླུ་བ་འབྲུག་བྱམས་ཚེ་རིང་གིས་གླུ་གཞས་ལེན་བཞིན་པའི་ཚུལ།
གླུ་བ་མགོ་ལོག་རྒྱལ་མཚན་གྱིས་གླུ་གཞས་ལེན་བཞིན་པའི་ཚུལ།

     ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་མཛུབ་སྟོན་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་བཅུ་དགུ་དང་ཞིང་ཆེན་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་པ་གཏིང་ཟབ་སྒོས་ལག་བསྟར་བྱེད་པ། སྔར་ལས་ལྷག་པར"ལྔ་བཞིའི་འཐབ་ཇུས"ལག་བསྟར་དངོས་འབེབ་དང་།  "ལེགས་གཅིག་དང་མཐོ་གཉིས"སྐུལ་སྤེལ།  "འདུ་ཤེས་བཞི"སྲ་བརྟན། "ཡིད་ཆེས་བཞི"བརྟན་པོ། "སྲུང་སྐྱོབ་གཉིས"ལག་ལེན་བྱེད་པ། མི་དམངས་ཀྱི་འཚོ་བ་ཉིན་བཞིན་དུ་འཕར་བའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་བསྐོང་བ་དེ་གཞི་འཛིན་ས་དང་རྐང་ཚུགས་ས་བྱས་ཏེ། "ཁྱད་ཆོས་འབུར་ཐོན་དང་། སྤྲོ་སེམས་དོད་པ། ངོ་མཚར་སྟབས་བདེ། རིམ་ལྡན་བདེ་འཇགས"ཀྱི་བྱ་འགུལ་འདུ་ཤེས་བཟུང་བར་བརྒྱུད། གསེར་ཆེན་རྫོང་གི་ཕུན་སུམ་ཚོགས་པའི་མི་རིགས་ལུས་རྩལ་རིག་གནས་ཐོན་ཁུངས་ལ་གཞི་བཅོལ་བ་དང་། དབུལ་སྐྱོར་མཁྲེགས་གཏོར། མི་རིགས་མཐུན་སྒྲིལ། དཔལ་ཡོན་གྲོང་ཁྱེར་གསར་འཛུགས་སོགས་བྱ་བ་སོ་སོ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་ཡིན།


སྐུ་མགྲོན་རྣམས་ཀྱིས་དབུལ་སྐྱོར་གྱི་ཁྱད་ལྡན་ཐོན་རྫས་སྣ་ཚོགས་ལ་གཟིགས་ཞིབ་བྱེད་པ།


དབུལ་སྐྱོར་གྱི་ཁྱད་ལྡན་ཐོན་རྫས་སྣ་ཚོགས་འགྲེམ་སྟོན།


དབུལ་སྐྱོར་གྱི་ཁྱད་ལྡན་ཐོན་རྫས་སྣ་ཚོགས་འགྲེམ་སྟོན་གྱི་ཡུལ་དངོས་རྣམ་པ།

     མགོ་རྩོམ་མཛད་སྒོའི་སྟེང་། རིག་རྩལ་འཁྲབ་སྟོན་གྱ་ནོམ་པ་ཕུལ་བ་དང་། དབུལ་སྐྱོར་གྱི་ཁྱད་ལྡན་ཐོན་རྫས་སྣ་ཚོགས་འགྲེམ་སྟོན་བྱས།

     སྐབས་འདིའི་བྱ་འགུལ་དུས་ཡུན་ཉིན3ལ་སྤེལ་རྒྱུ་ཡིན་ལ། འདིའི་སྐབས་སུ་རིག་རྩལ་འཁྲབ་སྟོན་དང་། གུར་ཕུབ་འགྲན་བསྡུར། དབུལ་སྐྱོར་ཁྱད་ལྡན་ཐོན་རྫས་འགྲེམ་སྟོན། སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་བཅས་ཡོད་དེ། ཐེངས་འདིའི་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་ནི་སྔར་ལོའི་འགྲན་བསྡུར་ནང་དོན་རྒྱུན་མཐུད་པ་ཡིན་ལ། དེར་རྟ་རྒྱུག་དང་གཡག་རྒྱུག ཐག་འཐེན། སྒྱེ་འདེགས། འཇུ་རེས། དགའ་མགུ་འགྲན་བསྡུར་བཅས་ཡོད་པ་དང་། ནང་དོན་ཕུན་སུམ་ཚོགས་ཤིང་རྣམ་པ་སྣ་མང་ཡིན། འགྲན་སློང་རང་བཞིན་དང་དགའ་མགུ་རང་བཞིན་མཉམ་དུ་འདུས་པ་དང་། མི་རིགས་ཀྱི་ཁྱད་ལྡན་རིག་གནས་མངོན་གསལ་ལྡན།

 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།