“ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ”དང་དེ་དང་འབྲེལ་གཏམ།

རྩོམ་པ་པོ།:ཆས་པ། ཡོང་ཁུངས།:བོད་ཡིག་ཟིན་བྲིས། དུས་ཚོད།:2008-07-27 10:38:53 ཀློག་གྲངས།:

  འཁྲབ་ཁྲིད་པ་པད་མ་ཚེ་བརྟན་དང་ཁོང་གི་གསར་གཏོད་ཀྱི་སྙིང་སྟོབས།
   ཁོ་རང་གིས་གསར་འགོད་པ་དག་གི་མདུན་ནས་སྤོབས་སེམས་དང་བཅས་ཏེ་②དེང་སྐབས་རྒྱལ་ཁབ་ཕྱི་ནང་གི་མི་བུ་མང་ཤས་ཤིག་གིས་ངའི་ཕ་ཡུལ་གྱི་རྣམ་པ་དེ་གཙོ་བོ་ཡིག་ཐོག་དང་ཡང་ན་པར་འཕྲུལ་གང་རུང་གི་ཐོག་ནས་མི་རྣམས་ཀྱི་སྣང་ངོར་བཀྲམ་སྟོན་བྱས་ཏེ་སྒྱུ་རྩལ་གྱི་བདེན་དངོས་འཚོལ་ཐུབ་པའི་སྣང་བ་སྐྱེས་པ་མ་ཟད་འུད་སྒྲོག་དང་རབ་བཏགས་ཀྱིས་མི་རྣམས་ཀྱི་སྣང་ཡུལ་དུ་བསྐྲུན་ནས་ཕ་ཡུལ་གྱི་རྣམ་པ་རྣལ་མའི་རང་གཟུགས་སྟོན་ཐུབ་ཀྱི་ཡོད་ཅེས་འུད་སྒྲོག་བྱེད་པ་ལ་བདག་གཏན་ནས་མི་འཐད་པས།གཙོ་བོ་རང་གིས་རང་ཉིད་རྒྱུས་མངའ་ཡོད་པའི་ཕ་ཡུལ་གྱི་འཚོ་བའི་རྣམ་པ་དངོས་མ་བཞེངས་སྐྲུན་བྱས་ཏེ་མི་ཡུལ་ལ་བཀྲམ་སྟོན་བྱ་རྒྱུ་ནི་བདག་གི་རེ་བ་ཉེག་ཅིག་ཡིན་ཞེས་གསུངས་པ་ལས་ང་ཚོས་ཤེས་ཐུབ་པ་ནི་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་ཁོ་རང་ཉིད་ལ་མཚོན་ནས་བཤད་ན་འཚོ་བའི་ཉམས་མྱོང་དང༌།རང་ཉིད་ཀྱི་ངང་རྒྱུད་དམ་རང་གཤིས༌།  གསར་རྩོམ་ལ་ཞུགས་པའི་ཉམས་མྱོང༌།རིག་གནས་སྦྱོང་སྟོབས། མཛེས་རྟོག་གི་ལྟ་བ་སོགས་ཕྱོགས་གང་མང་ཞིག་ནས་སྒྱུ་རྩལ་བ་ཞིག་གམ་འཁྲབ་ཁྲིད་པ་ཞིག་ལ་འཛོམས་དགོས་པའི་སྒྱུ་རྩལ་གྱི་རང་གཤིས་འཛོམས་ཡོད་ཅེས་བཤད་ནའང་འགལ་ཆ་མེད་པར་སྙམ།རྒྱུ་མཚན་ནི་ཆེ་ས་ནསབཤད་ན་འཛམ་གླིང་སྤྱི་དང༌། ཆུང་ས་ནས་བཤད་ན་མི་རིགས་རང་ཉིད་ཀྱི་ཚབ་མཚོན་རང་བཞིན་ལྡན་པའི་གསར་རྩོམ་གྱི་ལམ་བུ་ཐོག་མ་རྙེད་པ་རེད།ལྷག་པར་དུ་ཁོང་རང་གིས་རང་ཉིད་མི་རིགས་གང་ཡིན་པ་དེའི་རྨང་གཞིའི་སྟེང་ནས་འཚོལ་སྙེག་དང་གསར་གཏོད་ཀྱི་ལམ་བུ་གཏོད་པ་ནི་ང་ཚོ་མི་བུ་སུ་ཞིག་ཡིན་རུང་ངེས་ནས་རྗེས་སུ་ཡི་རེངས་བྱ་འོས་པ་དང༌། དདུང་ཁོང་གི་རིག་གནས་སྙིང་སྟོབས་ལ་དེ་ལས་ཀྱང་བསྟོད་བསྔགས་བྱ་འོས་པ་ཞིག་རེད།

                         ཆས་པའི་བོད་ཡིག་ཟིན་བྲིས་ལས་བཏུས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།