༄༅།། ལྗང་བུའི་གློག་བརྙན་བརྩམས་ཆོསཞེས་པ་ཧྥ་རན་སིའི་རྒྱལ་ས་ཕ་རེ་སིར་ནས་བསྟན་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ལྡོང་བླ། དུས་ཚོད།:2008-08-09 10:24:06 ཀློག་གྲངས།:

  ལྕེ་ནག་ཚང་ཚེ་རིང་རྡོ་རྗེ་ངམ་མིང་གཞན་ལྗང་བུ་ལགས་ཀྱི་གློག་བརྙན་བརྩམས་ཆོས<<མཚོ་སྔོན་པོ>>ཞེས་པ་ཧྥ་རན་སིའི་རྒྱལ་ས་ཕ་རེ་སིར་མི་མང་ལ་གཟིགས་འབུལ་བྱས།

  རྩོམ་པ་པོས་སྔོན་དུ་གླེང་དོན། དེ་རིང་གི་གློག་བརྙན་འདི་ངས་ཉིས་སྟོང་༢༠༠༥ནས་འགོ་བརྩམས་ཏེ་ཕབ་བསྐྲུན་གྱི་ལས་ལ་ཞུགས་པ་དང་། རང་ཉིད་ཀྱིས་རྟག་ཏུ་བཤད་འདོད་པ་མང་བོ་གློག་བརྙན་གྱི་ཐབས་ལམ་བརྒྱུད་དེ་རྒྱ་ཆེའི་ལྟ་མཁན་དག་གི་སྤྱན་ལམ་དུ་བསྟར་ཐུབ་པར་འབད་བརྩོན་བྱས་ཡོད་པར་གསུངས།

  ཁོང་གི་གློག་བརྙན་བརྩམས་ཆོས་དེའི་ནང་བསྟན་དོན་མཚོ་སྔོན་པོ་ཉམས་ཆག་ཏུ་འགྲོ་བའི་རྒྱུ་རྐྱེན་དང་ས་གནས་མང་ཚོགས་ཀྱི་ཉིན་རེའི་འཚོ་བའི་དཀའ་སྡུག་ཡོད་ཚད་མཐོང་སྣེར་དྲིལ་སྟེ་ས་གནས་ཡུལ་མི་ཚོར་བཅར་འདྲི་སོགས་ཐབས་རྩལ་སྣ་ཚོགས་སྤྱད་དེ། བོད་སྟོད་སྨད་བར་གསུམ་གྱི་སྦས་སྐོང་གི་གསང་རྣམ་སྐྱུར་མོའི་ངོ་གདོང་དམར་རྗེན་དུ་པར་ལ་བཏབ་ཡོད་པས། ད་ལྟ་བོད་ཕྱི་ནང་གཉིས་ན་ལག་སྔ་གང་མགྱོགས་ཀྱིས་སྒྲིག་སྦྱོར་བྱེད་བཞིན་པའི་དངོས་བཤུས་གློག་བརྙན་ལས་ཆེས་འབུར་ཐོན་པ་ཞིག་ཏུ་བརྩི་ཆོག་པར་སེམས།

  ཐ་མར་སྙན་ངག་པ་ལྗང་བུ་དང་ཧྥ་རན་སིའི་རྩོམ་པ་པོ་ཁག་ཅིག་གིས་སྙན་ངག་གྱེར་འདོན་བྱས་ཏེ་ཐེངས་འདིའི་མཚན་ཚོགས་ལེཊ་པར་གྲོལ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།