༄༅།། གངས་ལྷ་མེ་ཏོག
![]() | གློག་བརྙན་གྱི་ཁ་བྱང་། གངས་ལྷ་མེ་ཏོག |
འཁྲབ་གཞུང་ངོ་སྤྲོད་མདོར་བསྡུས།
བུ་མོ་གནས་འགྲོ་མ་ཞིག་གིས་དམངས་ཁྲོད་ཀྱི་གླུ་དབྱངས་གངས་ལྷ་མེ་ཏོག་ལེན་པར་ཧ་ཅང་སྤྲོ་བས་ས་དེའི་མི་དམངས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད། ཁོ་མོས་མིང་ལའང་གངས་ལྷ་མེ་ཏོག་ཟེར། ཡིན་ནའང་གཉེན་སྒྲིག་གི་མཚན་མོར་ཁོ་མོ་གར་སོང་ཆ་མེད་དུ་གྱུར་སོང་།
ལོ་ངོ་༦༠རྗེས་ནས་རྒྱ་རིགས་གླུ་མ་གྲགས་ཅན་འན་གཡུས་གངས་ལྷ་མེ་ཏོག་བསྐྱར་དུ་བླངས་ནས་སྙན་པའི་གྲགས་པ་རབ་ཏུ་རྒྱས། འོན་ཀྱང་ཐེངས་ཤིག་གི་འཁྲབ་སྟོན་ཐོག་རྒྱ་རིགས་གླུ་མ་འན་གཡུ་ནི་གློ་བུར་དུ་ངག་མི་འཕྲོད་པ་ཞིག་ཏུ་གྱུར། ཁོ་མོས་རང་གི་སྐད་ངག་ཕྱིར་ལོན་ཆེད་ལྷ་ལ་གསོལ་བ་འདེབས་ཞོར་གནམ་མཚོ་འགྲོ་བའི་ལམ་བར་དུ་བོད་རིགས་རོལ་མོ་བ་ངག་བཀྲ་དང་ལམ་གྲོགས་སུ་གྱུར། ངག་བཀྲའི་ཕུགས་བསམ་ནི་ལྷ་སར་ཡོད་པའི་གངས་ལྷ་མེ་ཏོག་ཆང་ཁང་ཉོས་ཏེ་རང་གི་ཨ་ཁུས་སེམས་ཀྱི་མཛའ་ན་མོར་བྲིས་པའི་རི་མོ་དེ་ཆང་ཁང་གི་ལྡེབ་ངོས་སུ་འགལ་རྒྱུ་དེ་རེད།
གནམ་མཚོར་འགྲོ་བའི་ལམ་བར་དུ་འན་གཡུ་དང་ངག་བཀྲ་གཉིས་འགལ་བ་མི་ཉུང་བ་བྱུང་ནའང་འགལ་བའི་ཁྲོད་ནས་འདྲིས་ལོན་དེ་ཕན་ཚུན་བརྩེ་དུང་ཟབ་མོ་ཞིག་ཆགས་བྱུང་། འོན་ཀྱང་གནམ་མཚོར་མ་ཐོན་གོང་ངག་བཀྲས་ལྷ་སའི་གངས་ལྷ་མེ་ཏོག་ཆང་ཁང་བཙོང་རབས་ཡོད་པའི་སྐད་བརྡ་འབྱོར་མ་ཐག་འན་གཡུ་བསྐྱུར་ཏེ་ལྷ་སའི་ཕྱོགས་སུ་མི་བསྐྱོད་ཀ་མེད་བྱུང་།............
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com