པདྨ་ཚེ་བརྟན་གྱི་དངོས་པར་གློག་བརྙན།
རྩོམ་པ་པོ།:རྐང་གླིང་།
ཡོང་ཁུངས།:བོད་ཡིག་ཟིན་བྲིས།
དུས་ཚོད།:2008-08-12 09:36:09
ཀློག་གྲངས།:
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་ཀྱིས་འཆར་འགོད་བྱས་ཟིན་པའི་དངོས་པར་གློག་བརྙན་《ལྷ་སར་འགྲོ་བའི་ལམ་དུ》ཞེས་པ་དེ་ཉེ་ལམ་ཀྲུང་གོའི་ཀོང་ཀྲུའུ་གྲོང་ཁྱེར་ནས་བསྡུས་པའི་རྒྱལ་སྤྱིའི་དངོས་པར་གློག་བརྙན་ཚོགས་ཆེན་སྟེང༌། རྒྱལ་ཁབ་དང་ས་གནས་མི་གཅིག་པ་བདུན་བརྒྱ་ལྷག་གི་དངོས་པར་གློག་བརྙན་བརྩམས་ཆོས་ཁྲོད་བདམས་གསེས་བྱས་པའི་《རྒྱལ་སྤྱིའི་བྲིན་ཚོང་སྦས་ཤུགས་ཆེས་ཆེ་བའི་དངོས་པར་གློག་བརྙན་བཟོ་སྐྲུན་འཆར་གཞི》ཡི་གློག་བརྙན་༢༦གི་ཁྲོད་བདམས་ཐུབ་པ་བྱུང༌། རེབ་འདིའི་ཚོགས་འདུ་ལ་ཨ་རི་དང་དབྱིན་ཇི། ཧྥ་རན་སི་སོགས་རྒྱལ་ཁབ་བཅུ་ལྷག་གི་སྨྱན་བྱེད་གསར་འགྱུར་ཁང་ཆེན་ཉི་ཤུ་ལྷག་ཞུགས་ཏེ་འཛམ་གླིང་ལ་གསར་འགྱུར་བརྒྱུད་གཏོང་བྱས།
གློག་བརྙན་འདི་༢༠༠༨ལོའི་ཟླ་༤ནས་༥བའི་ནང་ཕབ་སྐྲུན་བྱེད་འགོ་རྩོམ་རྒྱུ་རེད།
གཤམ་གསལ་གྱི་པར་དག་ནི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་དང་བརྙན་ལེན་པ་ཟོན་ཐར་རྒྱལ་གཉིས་ཀྱིས་མདོ་དབུས་ལྕགས་ལམ་རྒྱུད་དུ་བླངས་པའི་འདྲ་པར་དག་ཡིན།
གློག་བརྙན་གྱི་ནང་དོན་མདོར་བསྡུས།
བོད་ཀྱི་ན་གཞོན་གསུམ་སྟེ། རྩོམ་པ་པོ་ཞིག་དང༌། རི་མོ་བ། རོལ་དབྱངས་པ་བཅས་མི་གསུམ་ལྕགས་རྟར་ཞོན་ནས་ཟི་ལིང་ནས་ལྷ་སའི་བར་གྱི་མདོ་དབུས་ལྕགས་ལམ་སྙེགས་ཏེ་དེའི་རྒྱུད་ཀྱི་ངོ་མཚར་བའི་མྱོང་བ་ཐ་དག་རང་རང་གི་སྒྱུ་རྩལ་ལས་ཀའི་མཚོན་པ་བྱས་ནས་མཐའ་མཇུག་དེ་དག་སྤྱི་བསྡོམས་ཀྱི་ཚུལ་དུ་གློག་བརྙན་ཞིག་གི་དངོས་གཞིར་ཆགས་པ་ལྟ་བུ་ཞིག་བྱས་ཡོད་དོ།།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།