《དྲིན་དྲན་པ་དང་དྲིན་ཤེས་པ》ཞེས་པ་བརྗོད་དོན་གཙོ་བོར་བཟུང་བའི་གླུ་ལེན་དགོང་ཚོགས།

རྩོམ་པ་པོ།:ཟླ་བཟང་སྒྲོལ་མ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་ཚིགས། དུས་ཚོད།:2011-11-13 12:13:00 ཀློག་གྲངས།:


མགོ་ལོག་སྐད་གཉིས་འཛིན་གྲྭས《དྲིན་དྲན་པ་དང་དྲིན་ཤེས་པ》ཞེས་པའི་སྙན་ངག་གྱེར་འདོན་བྱེད་བཞིན་པ།

  མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་སློབ་མ་གང་མང་ཞིག་ལ་སློབ་ཆེན་འགྲིམ་པའི་སྐལ་བ་མེད་པར་དམིགས་ནས་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོས་འབྲེལ་ཡོད་ཀྱི་འགོ་ཁྲིད་རིམ་པའི་ཐུགས་ཁུར་དང་རྒྱབ་སྐྱོར་འོག  ད་ལོ་ནས་བཟུང་མགོ་ལོག་སྐད་གཉིས་ཆེད་སྦྱོང་འཛིན་གྲྭ་ཞིག་དངོས་སུ་བཙུགས་ནས་ས་དེའི་སློབ་བུ་གང་མང་མང་ཞིག་ལ་ཤེས་རིག་གི་གཤོག་རྩལ་ངོམ་པའི་མཁའ་དབྱིངས་ཞིག་བསྐྲུན་ཡོད། དེ་བས་བཀའ་དྲིན་འདི་རྗེས་སུ་དྲན་ནས་མགོ་ལོག་སྐད་གཉིས་ཆེད་སྦྱོང་འཛིན་གྲྭས་ཟླ11པའི་ཚེས8ཉིན་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་སྙན་ཞུ་ཁང་ནས《དྲིན་དྲན་པ་དང་དྲིན་ཤེས་པ》ཞེས་པ་བརྗོད་དོན་གཙོ་བོར་བཟུང་ནས་མ་ཡུམ་སློབ་གྲྭ་འདིར་བཀའ་དྲིན་གྱི་ཚུལ་དུ་གླུ་ལེན་དགོང་ཚོགས་ཤིག་བསྡུས་ལ། དགོང་ཚོགས་སྟེང་གླུ་མ་ཚེ་སྐྱིད་དང་གླུ་བ་ནོར་བྷ་སོགས་ཀྱིས་ཀྱང་སེམས་ཀྱི་སྨོན་འདུན་དྲོན་མོ་སྙན་མོ་ངག་ལ་བཀུག་ནས་ཚོགས་རའི་རྣམ་པ་ལ་སྔར་མེད་ཀྱི་གསོན་ཤུགས་བསྩལ།


གླུ་མ་ཚེ་སྐྱིད།

གླུ་བ་ནོར་བྷ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།