《མཐོ་སྒང་བུ་མོའི་སེམས་འདུན 》ཞེས་པའི་རིག་རྩལ་སྤྲོ་ཚོགས་ཆེན་མོ་ཚོགས་གྲབས་བྱེད་པ།

རྩོམ་པ་པོ།:ངེད་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-23 09:13:00 ཀློག་གྲངས།:

 
《མཐོ་སྒང་བུ་མོའི་སེམས་འདུན 》ཞེས་པའི་རིག་རྩལ་སྤྲོ་ཚོགས་ཆེན་མོའི་པར་རིས།

  ཉེ་ལམ་བསོད་ནམས་གཡང་སྐྱིད་ཀྱིས་གཙོ་སྒྲུབ་མཛད་ཅིང་། མདོ་ལྷོ་གློག་བརྙན་འཕྲིན་རིག་གནས་སྒྱུ་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་ཟིས་འགན་སྒྲུབ་བྱེད་པའི་རིག་རྩལ་སྤྲོ་ཚོགས་ཆེན་མོ《མཐོ་སྒང་བུ་མོའི་སེམས་འདུན 》ཞེས་པ་ཟླ11པའི་ཚེས26ཉིན་གྱི་དགོང་མོར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གློག་བརྙན་ཟློས་གར་ཁང་དུ་གཟབ་རྒྱས་ངང་སྤེལ་རྒྱུ་རེད། རེབ་འདིའི་དགོང་ཚོགས་འདིར་གངས་ལྗོངས་ཡུལ་དུ་སྙན་གྲགས་ཁྱབ་པའི་གླུ་བ་ཆོས་སྐྱབས་དང་། མདོ་བ་ཚེ་སྐྱིད། ནམ་མཁའ་འཚོ། གངས་བཞུགས། རྒན་དཔལ་མགོན། བདུད་བྷེ་སོགས་གདན་ཞུ་བྱས་ཡོད། འདི་ནི་མདོ་སྨད་ཡུལ་དུ་ཆེས་ཐོག་མར་རྩ་འཛུགས་དང་འགན་སྒྲུབ་བྱེད་པའི་བོད་ཀྱི་བུད་མེད་ཚོའི་ཁེ་དབང་མཚོན་པའི་ལོ་སར་སྤྲོ་ཚོགས་ཐེངས་དང་པོ་དེ་ཡིན་ལ། གཙོ་སྒྲུབ་པ་བསོད་ནམས་གཡང་སྐྱིད་ཀྱིས་བོད་རིགས་བུད་མེད་ཚོར་ཕུལ་བའི་ལེགས་སྐྱེས་བཟང་པོ་ཅིག་ཀྱང་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།