མཚོ་སྔོན་ཆབ་ཆའིH1མཐོ་སྒང་རླངས་འཁོར་ཡུལ་སྐོར་བང་རྩལ་འགྲན་བསྡུར་ཟླ་དྲུག་པར་སྤེལ་ངེས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-06-01 10:55:00 ཀློག་གྲངས།:


བཏུལ་ཐང་བར་མ།

         རྒྱུས་ལོན་པ་ལྟར་ན།  ཟླ6པའི་ཚེས22ནས་ཚེས25བར། སྐབས་དང་པོའི་ཆབ་ཆH1མཐོ་སྒང་རླངས་འཁོར་ཡུལ་སྐོར་བང་རྩལ་འགྲན་བསྡུར་དེ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་གི་བཏུལ་ཐང་བར་མའི་བྱེ་ཐང་དུ་སྤེལ་རྒྱུ་ཡིན་པ་རེད།
         ཐེངས་འདིའི་འགྲན་བསྡུར་ནི་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་དང་།  གསེར་ཆེན་རྫོང་མི་དམངས་སྲིད་གཞུང་དང་མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཅུའུ།  མཚོ་བོད་མཐོ་སྒང་རྒྱལ་སྤྱིའི་རླངས་འཁོར་ལུས་རྩལ་མཐུན་ཚོགས་བཅས་ཀྱིས་འགན་སྒྲུབ་གནང་ཞིང་།  “འཆམ་མཐུན་དང་། སྒྱུ་རྩལ་རིག་གནས། ཁོར་ཡུག་སྲུང་སྐྱོབ”བཅས་བརྗོད་བྱར་བཟུང་ལ།  འགྲན་ཞུགས་རུ་ཁག29ཐེངས་འདིའི་འགྲན་བསྡུར་ལ་ཞུགས་རྒྱུ་ཡིན་པ་དང་། དེར་དུས་ཡུན་ཉིན་གཉིས་ཀྱི་དུས་སྔོན་འགྲན་བསྡུར་དང་རྟིང་རྩོད་འགྲན་བསྡུར་གཉིས་སུ་དབྱེ། དུས་སྔོན་འགྲན་བསྡུར་གྱི་ལམ་ཐིག་ནི་སྤྱི་ལེ50དང་རྟིང་རྩོད་འགྲན་བསྡུར་གྱི་རིང་ཚད་ནི་སྤྱི་ལེ165ཡིན། འགྲན་ཞུགས་རུ་ཁག་རེ་རེ་ནི་འཁོར་ལོ་བཞི་ཅན་གྱི་རི་སྐྱོད་རླངས་འཁོར་ལས་གྲུབ་ཅིང་། བྱེ་ཐང་དང་། རི་ལུང་། བྱེ་འདམ།  མཚོ་འགྲམ་སོགས་ས་དབྱིབས་ཁྱད་པར་ཅན་གྱི་འགྲན་ལམ་དུ་རླངས་འཁོར་འགྲན་བསྡུར་བྱེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།