གཏེར་ལེན་ཁ་གྲོང་ཁྱེར་གྱི་བོད་ཟས་གླིང་སྟེ་ཉི་མའི་གྲོང་ཚོ།

རྩོམ་པ་པོ།:བོང་སྟག་རི་ལུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-09-18 08:44:00 ཀློག་གྲངས།:

聂木庄藏餐吧
གཏེར་ལེན་ཁ་གྲོང་ཁྱེར་གྱི་བོད་ཟས་གླིང་སྟེ་ཉི་མའི་གྲོང་ཚོ།
མི་རིགས་ཀྱི་ཁྱད་ཆོས་ཀྱིས་ཕྱུག་པའི་ནང་གི་བཀོད་པ།

  གཏེར་ལེན་ཁའི་གྲོང་ཁྱེར་གྱི་བོད་ཟས་གླིང་སྟེ་ཉི་མའི་གྲོང་ཚོ་ནི་མི་རིགས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པའི་བོད་ཟས་གླིང་ཞིག་ཡིན་ལ། 2012ལོའི་སྤྱི་ཟླ་2པའི་ནང་སྦྱིན་བདག་བཀྲ་ཤིས་ཀྱིས་གསར་དུ་སྒོ་འབྱེད་པའི་བོད་ཟས་གླིང་ཞིག་སྟེ། བོད་ཟས་གླིང་འདི་ནི་གཏེར་ལེན་ཁའི་གྲོང་ཁྱེར་ལ་མཚོན་ན་མི་རིགས་ཀྱི་ཁྱད་ཆོས་དོད་པོ་ལྡན་པའི་བོད་ཟས་གླིང་ཁོ་ན་ཡིན་ལ། བོད་ཟས་གླིང་འདི་རུ་ཁང་བའི་ཕྱི་ནང་གང་རུང་ལ་བོད་མི་རིགས་ཀྱི་ ཁྱད་ཆོས་ལྡན་པའི་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་གཙོས་པའི་སྲོལ་རྒྱུན་གྱི་རི་མོ་གང་མང་ཞིག་ལག་བྲིས་དང་གཙགས་དྲུབས་སོགས་ཀྱིས་བརྒྱན་ཡོད་པར་མ་ཟད། ཁ་ཟས་ཀྱི་སྐོར་ལ་ཡང་མདོ་དབུས་མཐོ་སྒང་ནས་ཐོན་པའི་ལྷད་མ་འདྲེས་པའི་ཤ་མར་རྩམ་གསུམ་གཙོ་བྱས་ཏེ་རང་བྱུང་གི་ཟས་རིགས་གང་མང་ཞིག་ཡོད་ཅིང་། སྐུ་མགྲོན་མང་པོའི་རེ་བ་བཞིན་རྒྱའི་སྔོ་ཚོད་སོགས་ཀྱང་གྱ་ནོམ་པ་ཞིག་གཡོ་སྐོལ་བྱེད་ཀྱིན་ཡོད།


མི་རིགས་ཀྱི་ཁྱད་ཆོས་ཀྱིས་ཕྱུག་པའི་ཤག་མིག་རེ་རེ།

མི་རིགས་ཀྱི་ཁྱད་ཆོས་ཀྱིས་ཕྱུག་པའི་ཤག་མིག་རེ་རེ།

  བོད་ཟས་གླིང་འདི་རུ་ཤག་མཚེས་ཀྱི་སྒོ་བྱང་རེ་རེ་ལ་ཡང་ས་གནས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ས་མིང་རེ་ཟུང་སྟེ། དཔེར་ན་མཛོད་ལུང་དང་གཡང་ལུང་ལྟ་བུའི་ས་གནས་ཀྱི་མིང་དག་བཏགས་ཡོད་ལ། ཤག་མཚེས་རེ་རེའི་ནང་དུ་བརྙན་རིས་དང་བྲིས་རིས་སོགས་སྒྱུ་རྩལ་གྱི་རི་མོ་སྣ་ཚོགས་བཀལ་ཏེ་སྒྱུ་རྩལ་གྱི་ཞིང་ཁམས་ཆུང་ཆུང་ཞིག་བསྐྲུན་འདུག

  བོད་ཟས་གླིང་འདིའི་སྒོ་ཕྱེས་ནས་དུས་ཚོད་མང་པོ་ཞིག་འགོར་མེད་ན་ཡང་། ཐག་ཉེ་རིང་གི་སྐུ་མགྲོན་མང་པོས་དགའ་བསུ་ཆེས་ཆེར་བྱེད་བཞིན་ཡོད། ལྷག་པར་དུ་གཏེར་ལེན་ཁ་གྲོང་ཁྱེར་དུ་གཞི་སྡོད་བྱས་ཡོད་པའི་རྒན་པ་སྐོར་ཞིག་རྒྱུན་དུ་ཟ་ཁང་འདི་རུ་ཕེབས་ནས་བོད་ཀྱི་སྲོལ་རྒྱུན་གྱི་ཟས་རིགས་གང་མང་ཞིག་ལོངས་སུ་སྤྱོད་ཀྱིན་ཡོད་པས། སྦྱིན་བདག་བཀྲ་ཤིས་ཀྱིས་ཕྱེས་པའི་བོད་ཟས་གླིང་འདི་ན་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཁོར་ཡུག་གྲལ་དག་པོ་དང་ལྷད་ཀྱིས་མ་གོས་པའི་མཐོ་སྒང་གི་ཟས་རིགས་གང་མང་ཞིག་མངའ་བས། ཁྱེད་ཉིད་རང་ཁྱིམ་དུ་འབྱོར་བ་ལྟ་བུའི་སྤྲོ་སྐྱིད་ཀྱི་སྣང་བ་ཞིག་ངང་ངམ་ཤུགས་ཀྱིས་སྟེར་ངེས་ཤིང་། གནས་འདི་ནས་བོད་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་གྱི་རྣམ་པ་མང་པོ་ཞིག་དང་ཞིམ་མངར་ཟས་ཀྱི་བྲོ་བ་ལེགས་པོ་ཞིག་དངོས་སུ་མྱོང་ཐུབ་བོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།