ཀློག་རིན་ཡོད་པའི་དཔེ་ཆ་འགའི་མཚན་ཐོ་འོས་སྦྱོར།
1.ལོ་རྒྱུས་དང་རྣམ་ཐར་སྐོར།
ཏཱ་ར་ན་ཐས་མཛད་པའི《རྒྱ་གར་ཆོས་འབྱུང》། རང་བྱུང་རྡོ་རྗེས་མཛད་པའི《མཛོད་ནག་མ》། གཙང་སྨྱོན་གྱིས་མཛད་པའི《མི་ལ་རས་པའི་རྣམ་ཐར》། །ཞབས་དཀར་པས་གསུངས་པའི་རང་རྣམ《ཞབས་དཀར་པའི་རྣམ་ཐར》། དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི《ཆོས་འབྱུང་མཁས་པའི་དགའ་སྟོན》། དགེ་འདུན་ཆོས་འཕེལ་གྱིས་མཛད་པའི《དེབ་ཐེར་དཀར་པོ》།
《གཏམ་རྒྱུད་གསེར་གྱི་ཐང་མ》། མཁར་རྨེའུ་བསམ་གཏན་གྱིས་མཛད་པའི《མདའ་དང་འཕང》། དོན་གྲུབ་རྒྱལ་གྱིས་མཛད་པའི《ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས》། ཤར་རྫས་མཛད་པའི《ལེགས་བཤད་མཛོད》། ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད་པའི《ལུག་རྫི་རྒན་པོའི་ཀི་སྒྲ》། ནག་ཚང་ནུས་བློས་མཛད་པའི《ནག་ཚང་ཞི་ལུའི་སྐྱིད་སྡུག》། བན་ཤུལ་དཔལ་མཁར་རྒྱལ་གྱིས་མཛད་པའི《ལོ་རྒྱུས་གསར་བརྗེ》སོགས་འདུག
2.རྩོམ་རིག་དང་སྙན་ངག་སྐོར།
དབྱུག་པ་ཅན་གྱིས་མཛད་པའི《སྙན་ངག་མེ་ལོང་མ》། ནག་མོ་ཁོལ་གྱིས་མཛད་པའི《སྤྲིན་གྱི་ཕོ་ཉ》། བོད་མཁས་པས་མཛད་པའི《དཎྜིའི་དགོངས་རྒྱན》། རྡོ་གྲུབ་བསྟན་པའི་ཉི་མས་གསུངས་པའི《མགུར་གླུ་ཕྱོགས་བསྒྲིགས》། དགེ་འདུན་ཆོས་འཕེལ་གྱིས་མཛད་པའི《སྙན་རྩོམ་ཕྱོགས་བསྒྲིགས》། དོན་གྲུབ་རྒྱལ་གྱིས་མཛད་པའི《མགུར་གླུའི་ལོ་རྒྱུས་དང་ཁྱད་ཆོས》། འཇུ་སྐལ་བཟང་གིས་མཛད་པའི《སྙན་ངག་གི་རྣམ་བཤད》། བྱ་གཞུང་དབྱངས་བྷས་མཛད་པའི《རྩོམ་རིག་དང་མི》། ཀུན་དགས་བསྒྱུར་བའི《ནུབ་ཕྱོགས་དེང་རབས་སྨྲ་བའི་རྩོམ་རིག་གི་དྲི་གཞི་ལྔ་བརྒྱ》། སྟག་འབུམ་རྒྱལ་གྱིས་མཛད་པའི《རྩོམ་ཡིག་འབྲི་སྦྱོང་ཁྲིད་སྟོན》། བཀྲ་བྷས་རྩོམ་སྒྲིག་མཛད་པའི《གསར་རྩོམ་ཉམས་མྱོང་གླེང་བ》། སེང་རྡོར་གྱིས་མཛད་པའི《བཅད་གསར་སྤྱི་དོན》སོགས་མཆིས།
3.བློ་འབྱེད་དང་རྒྱུན་ཤེས་སྐོར།
ཞོགས་དུང་གིས་མཛད་པའི《རིགས་ཤེས་ཀུན་གྲོལ》། ཉི་གཞོན་གྱིས་མཛད་པའི《རིག་གནས་སྙིང་སྟོབས》། ཉི་གཞོན་གྱིས་རྩོམ་སྒྲིག་མཛད་པའི《ན་གཞོན་རབ་བྱེད》། འགྱན་སངས་རྒྱས་དོན་གྲུབ་ཀྱིས་མཛད་པའི《རིག་གནས་དང་མི་གཤིས》། འབྲུག་རྒྱལ་མཁར་སོགས་ཀྱིས་རྩོམ་སྒྲིག་བྱེད་བཞིན་པའི《ཀློག་པ་པོ》འི་དེབ་ཕྲེང་། སྒོ་ཤེས་རབ་རྒྱ་མཚོས་མཛད་པའི《རྒྱུན་ཤེས་དང་ལམ》། ཟུར་མང་ཕ་ཁྱིམ་གཅེས་ཚོགས་ཀྱིས་རྩོམ་སྒྲིག་བྱས་པའི《ལྗང་མདོག་གི་བློ་འབྱེད》སོགས་བདོག
ཟུར་ཞུ། འདི་དག་ནི་དིང་སང་གི་སྤྱི་ཚོགས་ཁྲོད་ནས་ཀློག་རིན་ཡོད་ཅིང་། བདག་ལ་རྒྱུས་མངའ་ཅི་རིགས་ཡོད་པའི་ངང་ནས་འོས་སྦྱོར་བྱས་པ་ལས་རིན་ཐང་ཆེ་བའི་དཔེ་དེབ་ཡོངས་རྫོགས་ཀྱི་མཚན་བྱང་འགོད་ཐབས་དཀའ། དེ་ལྟར་རྣམ་པ་ལྷན་རྒྱས་ཀྱིས་ཐུགས་ལ་ངེས་རོགས། གཙོ་བོ་གཞོན་གསར་འགའི་རེ་བ་དང་། ད་དུང་དཔེ་ཆ་ལེགས་པོ་རེ་ཀློག་འདོད་མཁན་དག་ལ་ཆེད་དུ་ཕུལ་བ་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com