བསྟན་པ་དར་རྒྱས།

རྩོམ་པ་པོ།:བོང་སྟག་རི་ལུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-08-13 09:23:00 ཀློག་གྲངས།:
     བསྟན་པ་དར་རྒྱས་སམ་དར་ཁོ་ནི། 1960ལོར་ཐེམ་ཆེན་རྩྭ་ཐང་དུ་སྐྱེས། ཁོ་རང་སློབ་གྲྭ་རབས་དང་རིམ་པ་འགྲིམས་མ་མྱོང་ན་ཡང་། ཆུང་དུས་སུ་སྡེ་བའི་ཕུལ་བྱུང་ཕྱུགས་རྫི་ལ་འདེམས་པ་ནས་རིམ་གྱིས་ཕ་ཡུལ་གྱི་འབངས་དམག་གི་གྲས་སུ་ཞུགས་ཏེ་མཛད་རྗེས་གང་མང་བླངས་པར་བརྟེན། སྤྱིར་བཏང་གི་ཕྱུགས་རྫི་ཞིག་ནས་རྒྱལ་ཁབ་ཀྱི་ལས་བྱེད་དུ་གྱུར་ལ། རྒྱལ་ཁབ་ཀྱི་ལས་བྱེད་ནས་ཕ་ཡུལ་གྱི་ཞང་གཙོ་དང་། ལྷག་ཏུ་དམངས་སྲིད་ཀྱི་བྱ་བ་སྒྲུབ་པ་ནས་དབུལ་ཕོངས་ཁྱིམ་ཚང་གང་མང་ཞིག་གི་ངེས་པ་དོན་གྱི་འཚོ་བའི་དཀའ་ངལ་སེལ་བས། ད་ལྟ་བློ་མཐུན་དར་ཁོ་ལགས་ལས་འཁྱུར་ངལ་གསོ་བྱས་ཀྱང་མང་ཚོགས་ཀྱི་སེམས་ན་ནམ་ཡང་ཁོའི་མཛད་རྗེས་རེ་རེ་ནི་རྡོ་བརྐོས་རི་མོ་བཞིན་དུ་གསལ་ཡོད།
     ཁོ་ནི་ཆུང་དུས་ནས་བཟུང་ཡ་རབས་སྤྱོད་བཟང་གི་མི་ཞིག་ཡིན་པས། མང་ཚོགས་ཀྱིས་རེ་བ་ཆེན་པོ་བཅངས་ཏེ་སྔ་གཞུག་ཏུ་ཐེམ་ཆེན་རྫོང་མཁར་དམར་ཞང་རྣ་རྫོང་རུ་ཆེན་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་རི་གཙོ་བཅས་ལ་འདེམས།1973ལོར་ཕ་ཡུལ་གྱི་འབངས་དམག་གི་གྲས་སུ་ཞུགས་ཏེ་ཆབ་སྲིད་ཀྱི་སློབ་གསོ་མྱངས་ཤིང་ཕྱུགས་ལས་ཐོན་སྐྱེད་བཅས་ཀྱི་ཐད་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྐྱེད་པས་འབྲས་བུ་གཡུར་ཏུ་ཟ་བ་བླངས་ལ།1978ལོར་མཚོ་ནུབ་ཁུལ་ཨུ་དང་ཡན་ལག་དམག་ཁུལ་གྱིས་བསྒྲུབ་པའི་དམག་དོན་སྦྱོང་བརྡར་ཁྲོད་ཁུལ་ཡོངས་ཀྱི་དངོས་འབབ་གསུམ་སྟེ་ཆབ་སྲིད་དང་། དམག་དོན། ཐོན་སྐྱེད་བཅས་ཀྱི་སྔོན་ཐོན་མི་སྒེར་གྱི་མཚན་སྙན་གནང་།1979-1980བར་བསྟུད་མར་ལོ་གཉིས་ལ་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམག་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་སྔོན་ཐོན་མི་སྒེར་གྱི་མཚན་སྙན་གནང་བ་དང་སྔ་རྗེས་སུ་ཁུལ་དང་རྫོང་རིམ་པའི་སྔོན་ཐོན་མི་སྒེར་དང་ཕྱུགས་རྫི་ཕུལ་བྱུང་ཅན་གྱི་བྱ་དགའ་གང་མང་གནང་།
     འདི་ལྟ་བུའི་སྐུལ་སློང་ལ་བརྟེན་ནས་ཁོ་རང་ཉིད་ལ་མཚོན་ན་ཧུར་བརྩོན་གྱི་ལྷག་བསམ་ཉིན་རེ་བཞིན་འཕེལ་རྒྱས་བྱུང་བར་བརྟེན1985ལོར་རྒྱལ་ཁབ་ཀྱི་ལས་བྱེད་པའི་གྲས་སུ་བསྡུས།1986-1989བར་མཁར་དམར་ཞང་དྲག་ཆས་པུའུ་ཡི་པུའུ་ཀྲང་གི་འགན་ཁུར་བ་དང་འདིའི་སྐབས་སུ་ཡང་གཞན་ལ་ཕན་སེམས་ཀྱི་དམངས་དོན་གང་མང་སྒྲུབ་པས། ལས་གནས་དེ་ལས་ལོ་ངོ་གསུམ་ཙམ་མ་འགོར་བར་མང་ཚོགས་ཀྱིས་འདེམས་ཐོན་བྱུང་སྟེ་1989-1996བར་མཁར་དམར་ཞང་ཏང་ཨུའི་ཧྲུའུ་ཅི་དང་ཞང་གཙོ་བཅས་ཀྱི་འགན་ཁུར་ལ།  1996-1999བར་བྲག་དམར་ཞང་ཏང་ཨུའི་ཧྲུའུ་ཅི་དང་དམངས་ཆེན་ཀྲུའུ་ཞིའི་འགན་ཁུར།
     སྔ་རྗེས་སུ་ལོ་བཅུའི་རིང་ལ་མཚོ་ནུབ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་འདེམས་མྱོང་བ་དང་།1999-2007བར་རྫོང་དམངས་སྲིད་ཅུའུ་ཡི་ཅུའུ་ཀྲང་གི་འགན་ཁུར། ཁོང་གིས་གཞུང་དྲང་དང་བརྩོན་པ་ཆེན་པོས་དྲང་བདེན་གྱི་སྒོ་ནས་བྱ་བ་བསྒྲུབ་པ་ལ་ས་གནས་མང་ཚོགས་ཀྱིས་དགའ་བསུ་ཆེས་ཆེར་ཐོབ་པས་སྔ་རྗེས་སུ་ཐེམ་ཆེན་རྫོང་དམངས་སྲིད་ཅུའུ་དེ་ཞིང་ཆེན་ཡོངས་ཀྱི་སྔོན་ཐོན་ལས་ཁུངས་སུ་བདམས་པ་དང2006ལོར་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་བྱ་བའི་སྔོན་ཐོན་མི་སྒེར་གྱི་མཚན་སྙན་གནང་ལ་རྒྱལ་ས་པེ་ཅིན་དུ་ཕྱིན་ནས་རྒྱལ་ཁབ་དམངས་སྲིད་པུའུ་ཀྲང་གིས་དངོས་སུ་ཞལ་མཇལ་བྱས་མྱོང་ལ། རྒྱལ་ཁབ་དམངས་སྲིད་པུའུ་ཡི་གཅིག་གྱུར་བཀོད་སྒྲིག་ལྟར་ཡོ་རོབ་གླིང་གི་ཧྥ་རན་སི་སོགས་རྒྱལ་ཁབ10ལྷག་ལ་ལྟ་སྐོར་གསོ་སྦྱོང་དུ་ཁྲིད།  ཁོ་ལ་མཚོན་ན་ས་ཆ་མི་འདྲ་བ་དང་རྒྱལ་ཁབ་མི་འདྲ་བ་དེར་ལྟ་སྐོར་དུ་ཕྱིན་པ་དེས་ཁོ་ཡི་སེམས་རྒྱ་སྔར་ལས་བསྐྱེད་ཅིང་། གསོ་སྦྱོང་ལས་ཐོབ་པའི་ཤེས་བྱ་དེ་བྱ་བའི་ལག་ལེན་ཁྲོད་བཀོད་ལ། ལྷག་ཏུ་དམངས་སྲིད་བྱ་བ་སྒྲུབ་མཁན་ཞིག་ཡིན་ན། ཆེས་ཐོག་མའི་འདུ་ཤེས་ནི་ཕྱོགས་ཞེན་མེད་པའི་སྒོ་ནས་དོན་དངོས་ཀྱི་འཚོ་བའི་དཀའ་ངལ་ཡོད་པ་དག་དབུལ་ཕོངས་ལས་ཐར་བར་བྱེད་རྒྱུ་དེ་ཡིན་པ་སེམས་སུ་བཟུང་ཏེ། གང་ན་དཀའ་ཁག་ཆེ་ན་དེ་རུ་རོགས་སྐྱོར་བྱས་པས་ས་གནས་ཀྱི་མང་ཚོགས་དག་གིས་དགའ་བསུ་ཆེས་ཆེར་ཐོབ་པས། བློ་མཐུན་དར་ཁོ་ལགས་ད་ལྟ་ལས་འཁྱུར་ངལ་གསོ་བྱས་ཀྱང་དམངས་ཀྱི་སེམས་ན་ཁོའི་ངེས་དོན་གྱི་མཛད་རྗེས་རེ་རེ་གསལ་ལེར་གནས་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།