བོད་སྤྱི་སྐད་སྐོར་ལ་རགས་ཙམ་དཔྱད་པ།
གསུང་གཅིག་གིས་ཀྱང་ལྷ་ཀླུ་གནོད་སྦྱིན་དང༌།།
གྲུལ་བུམ་རིགས་སོགས་ཐ་དད་འགྲོ་རྣམས་ལ།།
གང་ལ་གང་འོས་བརྡ་སྦྱོར་བྱེད་པ་ཡི།།
སྤྱི་སྐད་སྨྲ་བའི་དབང་བོ་ལ་དད་དོ།།
དེ་ཡང་དེང་དུས་བོད་ཀྱི་སྤྱི་སྐད་སྐོར་གྱི་བགྲོ་གླེང་ནི་ཉིན་བཞིན་ཡར་རྒྱས་སོང་སྟེ། མཁས་བརྒྱའི་འགྲན་གླེང༌། མེ་ཏོག་མཉམ་བཞད་ཟེར་བའི་དཔེ་དེ་དོན་ལ་འབྱོར་བ་བྱུང༌། དེ་ལྟར་དགོས་ཏེ་གནས་ཚུལ་གང་དང་གང་ཞིག་ཡིན་རུང་ལས་སླ་མོ་དང༌།མི་གཅིག་བློ་གཅིག་ཁོ་ནས་ཐག་གཅོད་པ་ཞིག་ཡིན་ན་ཕུགས་མི་བརྟན་ཞིང༌།ནོར་བ་འབྱུང་སླ་བ་སོགས་ཀྱི་སྐྱོན་མང༌། དེར་བརྟེན་མཁས་བརྒྱའི་བློ་གྲོས་འཇུག་པ་ཞིབ་ལ་ཕྲ་བའི་དཔྱོད་པ་གནད་ལ་འཁེལ་བ་བྱུང་བའི་མཐའ་མའི་བདེན་དོན་ནི་ཡང་དག་པ་ཡིན་ངེས།
སྤྱིར་རང་མོས་དང༌། ས་ཕྱོགས་ཀྱི་ཞེན་ཆགས། གྲུབ་མཐའི་ལ་རྒྱ་སོགས་བཟུང་སྟེ་དཔྱོད་པ་གནང་ཁུལ་བྱེད་ན། བློ་གྲོས་ཕུལ་བྱུང་གི་མཁས་དབང་སོགས་གང་འདྲ་ཞིག་ཡིན་རུང་དངོས་པོའི་ཆོས་ཉིད་དང་མི་མཐུན་པས་ཕམ་ཁ་ལེན་པ་ལས་ཁེ་ཁ་ཐོབ་མི་སྲིད། བདེན་རྫུན་ནི་དངོས་པོའི་གཤིས་ཀྱིས་ངོ་སྤྲོད་པ་ལས། ཁ་བཤད་ཙམ་གྱིས་འགྲུབ་པ་ཞིག་ག་ནས་ཡིན། དེ་ལྟར་ན་འདི་འདྲའི་རིགས་ལ་དཔྱོད་པ་གནང་སྐབས་གཟུར་གནས་བྱ་རྒྱུ་ནི་གནད་དམ་པ་ཞིག་རེད། འདི་ན་མཁས་པའི་བློ་གྲོས་ཀྱི་མཁའ་དབྱིངས་ཡངས་པོ་ལས་རིག་པའི་འཕྲུལ་གྱི་ཆུ་འཛིན་སྟུག་པོར་འཁྲིགས་སྐབས། མདོ་དབུས་ཁམས་གསུམ་
མམ་རོང་འབྲོག་གཉིས་བཅས་ཀྱི་སྐད་གང་ལ་སྤྱི་སྐད་ཀྱི་གཞིར་གཞག་སོགས་བཤད་སྒྲོས་ཆེས་མང༌། སྤྱི་སྐད་འབྱུང་གཞི་ཡང་ཆབ་སྲིད་ཀྱི་ལྟེ་གནས། ཚོང་འབྲེལ། དཔལ་འབྱོར། ལོ་རྒྱུས། ཚན་རྩལ་གྱི་ལྟེ་གནས་སོགས་གང་ཡིན་སྐོར་ལ་ཡང་བཤད་པ་མང༌། ཡང་འགས་ནི་སྤྱི་སྐད་གཅིག་གྱུར་བྱེད་པ་ལ་ཨུ་ཚུགས་བྱ་རྒྱུ་མེད། མི་ཡི་རིགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་གནས་སོགས་ཕྱོགས་གང་མང་ཞིག་གིས་ཕན་ཚུན་བར་གྱི་འབྲེལ་བ་དང༌། གོང་འོག་བར་གྱི་འབྲེལ་བ་སོགས་འབྲེལ་འདྲིས་དམ་ཟབ་བྱེད་པ་ལས་ཤུགས་ཀྱིས་སྤྱི་སྐད་ཅིག་ཆགས་ཐུབ་ཟེར། གང་ཡིན་ཟེར་ན། སྔོན་དུས་སྤྲ་དང་སྤྲེའུ་ནས་མི་ཡི་འགྲོ་བ་བྱུང༌། སྐབས་དེ་ལ་ཡང༌། ཐོག་མ་ནས་མི་སྐད་སྨྲ་མི་གཏུབ་ཀྱང༌། རིམ་བཞིན་སྐྱིད་སྡུག་གི་ཚོར་བ་རྣོན་པོས་ཕན་ཚུན་བར་གྱི་འབྲེལ་འདྲིས་ཤུགས་ཀྱིས་གྲུབ་སྟབས་བརྡ་སྦྱོར་གྱི་སྐད་ཆ་ངང་གིས་གྲུབ་པ་ལས་ཨུ་ཚུགས་བྱ་མ་དགོས་པས་ཀྱང་གོ་ཐུབ་པ་ཡིན་སོགས་བཤད་སྒྲོས་མང༌།
མི་རིགས་སྲོག་རྩ་སྐད་དང་ཡི་གེ་ཞེས།།
བོད་མིའི་ཁ་ན་རླུང་ལྟར་གྲགས་གྱུར་ཀྱང༌།།
ཤ་རུས་གཅིག་པའི་ཕུ་ནུ་འཛོམས་པའི་ཚེ།།
གཞན་སྐད་སྤྱད་དེ་རང་སྐད་མ་དོར་ཅིག།
ཕྲན་གྱིས་བལྟས་ན། སྤྱི་སྐད་ཀྱི་ཁུངས་བཅོལ་གཞི་ལ་དབུས་པའི་སྐད། ཁམས་པའི་སྐད། ཨ་མདོའི་སྐད་སོགས་ཀྱི་དབྱེ་བ་ཕྱེ་དགོས་དོན་མེད་པར་མ་ཟད་རོང་བའི་སྐད་དང་འབྲོག་པའི་སྐད་ཅེས་དབྱེ་བ་ཡང་དགོས་དོན་མི་འདུག་སྙམ། བོད་སྐད་ལ་དབྱེ་བ་ཕྱེ་རིགས་ཀྱི་སྐད་ཆ་འདི་དག་ནི་གཏམ་རྫོབ་ཅིག་ལས་སྙིང་བོ་ཡོད་པ་མ་མཐོང༌། བོད་ཀྱི་སྤྱི་སྐད་གཅིག་གྱུར་གྱི་དགེ་མཚན་ནི། བོད་སྐད་ཀྱི་ནུས་པ་ཆེར་སོང་བ་དང༌། ཁྱབ་རྒྱ་ཆེར་སོང་སྟེ་ཡོངས་ཀྱིས་ལས་དོན་ཤེས་ཐུབ་པའི་བརྡ་སྦྱོར་དེའོ།།གལ་ཏེ་དོན་ཤེས་ཐུབ་པའི་བརྡ་སྐད་མིན་ན་སྐད་འདི་སྤྱི་སྐད་ཡིན་ཞེས་ལོ་བརྒྱ་ལ་ཨུ་ཚུགས་བྱས་རུང་འབྲས་བུ་ཐོབ་རྒྱུ་གང་ན་ཡོད། ཇི་སྐད་དུ། མ་ནིང་གཟུགས་བཟང་མི་བཟང་ཞེས། དེ་འདོད་བརྟགས་པས་ཅི་ཞིག་བྱ་གསུངས་པ་དང་སྒོ་ཀུན་ནས་མཚུངས། དེར་བརྟེན་སྤྱི་སྐད་གཅིག་གྱུར་གྱི་ཁུངས་བཅོལ་གཞི་འདིའོ་ཞེས་མཛུབ་གུ་མ་བཙུགས་རུང༌།དངོས་པོའི་གཤིས་ཀྱིས་བརྡ་སྤྲོད་ཅིང་བསླུ་མེད་བསྙོན་མེད་ཀྱིས་མེ་རྟགས་ཆུ་རྟགས་བསྟན་པའི་གངས་ཅན་སྤྱི་སྐད་ཅིག་ཡོད། གང་ཡིན་ཟེར་ན་ཕྱི་ཕྱོགས་ན་ཡོད་པའི་བོད་རིགས་སྤུན་ཟླ་དེ་དག་གི་བོད་སྐད་ནི་སྤྱི་སྐད་ཡང་དག་པ་ཞིག་རེད། གནས་དེར་འདུས་སྡོད་བྱེད་པའི་བོད་ཀྱི་མི་སྣ་ཡང་མདོ་དབུས་ཁམས་གསུམ་མམ། རོང་འབྲོག་གཉིས་སོགས་ཕྱོགས་མཚམས་མང་པོ་ནས་ཕེབས་པ་ཞིག་རེད།དེ་དག་འགྲོགས་འདྲིས་དང༌། སྐྱིད་སྡུག་གི་ཚོར་བ་ཉམས་མྱོང་ལས་གྲུབ་པའི་བོད་སྐད་དེ་ནི་སྤྱི་སྐད་ཨང་དང་པོ་རེད། སྐད་དེས་ནི་མདོ་དབུས་ཁམས་གསུམ་མམ་རོང་འབྲོག་གཉིས་སོགས་གང་འདྲ་ཞིག་ཡིན་རུང་གསལ་རྒྱས་ཚང་གསུམ་འཛོམས་པ་ཞིག་བརྡ་འཕྲོད་ཀྱི་ཡོད། བོད་སྐད་དེ་ནི་སྤྱི་སྐད་མ་བཏགས་རུང་དོན་ལ་སྤྱི་སྐད་རེད།དེང་དུས་མཁས་པ་མང་ཤོས་ཤིག་གིས་ཀྱང་སྤྱི་སྐད་ཀྱི་མཆེད་གཞི་མི་སྣ་འདུས་སྡོད་ཆེས་མང་ཞིང༌། ངེས་མེད་ཀྱི་འགྲུལ་བཞུད་རྒྱུ་ལམ་ཞིག་ལ་འདོད་ཡོད།སྐད་དེ་མདོ་དབུས་ཁམས་གསུམ་སམ་ག
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com