སྐད་བརྡའི་འཕོ་འགྱུར་དང་བོད་སྐད་ཡིག་གི་འབྱུང་འགྱུར་སྐོར་གླེང་བ། (དང་པོ)
འཇིག་རྟེན་འདིར་འགྲོ་བ་མི་འཚོ་གཞེས་གནང་བར་རྒྱུ་རྐྱེན་སྣ་མང་མངའ་ཞིང་། སྐད་བརྡ་ནི་དེའི་ཆ་རྐྱེན་གཙོ་བོ་ཞིག་སྟེ། དེ་ནི་མིའི་རིགས་ཀྱིས་བསམ་བློ་བརྗེ་རེས་བགྱིད་པའི་ལག་ཆ་གཙོ་བོ་ཡིན། འཇིན་རྟེན་ལ་བྱུང་འཕེལ་འཇིག་གསུམ་གྱི་ཆོས་ཉིད་ཡོད་པ་ལྟར། སྐད་བརྡའང་འདས་དང་ད་ལྟ། མ་འོངས་གང་གི་དུས་ལ་བྱུང་འཕེལ་འཇིག་གསུམ་གྱི་ལམ་དུ་མི་བརྒྱུད་ཐབས་མེད་རེད། ཆོས་ཉིད་འདི་ལ་དམིགས་ནས་ང་ཚོས་སྐད་བརྡའི་འདས་སོང་དང་གནས་བབ་ལ་རྒྱུས་ལོན་བྱས་ཐོག མ་འོངས་པའི་དུས་ནམ་ཞིག་ལ་སྐད་བརྡ་གང་དག་འཇིག་ཉེན་ཡོད་པ་དང་ཇི་ལྟར་འཇིག་སྲིད་པ། སའི་གོ་ལ་ཧྲིལ་བོ་གཞི་གཅིག་ཅན(全球一体化)དུ་འགྱུར་བའི་གོ་རིམ་ཁྲོད་ང་ཚོས་བོད་སྐད་ཡིག་འདིའི་ཚེ་སྲོག་ཇི་ལྟར་བསྲིང་ནས་ལེགས་པའི་སྐོར་གླེང་བར་བྱ་བ་ལས།
སྐད་བརྡའི་བྱུང་བ་དང་འཕོ་འགྱུར་ལ་ཕྱིར་དྲན་བྱས་པ།
སྐད་བརྡ་ནི་མི་རྣམས་ཀྱིས་བསམ་བློ་བརྗེ་རེས་བྱེད་པའི་ལག་ཆ་ཡིན་ཕྱིན། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཆུ་ཚད་དང་འབྲེལ་བ་གཏིང་ཟབ་ཡོད། སའི་གོ་ལ་སོ་མ་ཆགས་པའི་བསྐལ་བ་ཡ་ཐོག་ལ། མིའི་རིགས་ཐོག་མར་ཀླ་ཀློའི་དུས་སྐབས(གནའ་རྫས་བརྟག་དཔྱད་ཀྱི་གྲུབ་འབྲས་གཞིར་བཟུང་ན་ལོ་ངོ་དུང་ཕྱུར་ལྷག་གི་སྔོན་ལ་མིའི་རིགས་ཀྱི་ཀླད་པའི་བསམ་གཞིགས་ནུས་པ་སྐོར་ཐིག་ཡིན་པའི་དུས་མཇུག་སྒྲིལ་བར་བརྩི)དང་དེ་ནས་ལག་བརྡ་སོགས་སྟོན་པའི་རྣམ་འགྱུར་སྐད་བརྡ་གཏོང་བའི་དུས་སྐབས(དུས་འདིར་མི་རྣམས་ཀྱིས་རི་སྐྱེས་དང་ཤིང་ཏོག་སོགས་མ་རྨོས་པའི་ཟས་ལོངས་སུ་སྤྱོད)བརྒྱུད། ངལ་རྩོལ་གྱི་སྦྱོང་བརྡར་དང་མིའི་བློ་གྲོས་འཕེལ་བར་བརྟེན་མིའི་རིགས་ཀྱིས་སྒྲ་འདོན་པའི་སྐད་བརྡ་སྤྱོད་འགོ་བརྩམས། སྤྱི་ཚོགས་འཕེལ་རིམ་ཧ་ཅང་དམའ་བའི་དུས་དེར་གནས་སའི་ཁོར་ཡུག་དང་རང་ཁ་རང་གསོའི་འཚོ་སྟངས། བསམ་བློའི་འཁོར་ཕྱོགས་སོགས་མི་འདྲ་བའི་དབང་གིས། རང་རྐྱང་དང་ཁ་འཐོར་དུ་གནས་པའི་མི་རྣམས་ཀྱིས་རང་རང་ལ་འཚམ་པའི་སྐད་བརྡ་བཀོལ་ལ། སྐད་ཆའང་མི་རིགས་ཀྱི་ཐོག་མའི་གྲུབ་ཚུལ་ཏེ་རིགས་རྒྱུད་སྤྱི་ཚོགས་ལྟར་རྣམ་པ་སྣ་ཚོགས་ཡོད། སྐབས་དེར་མིའི་རིགས་ཀྱི་སྐད་བརྡ་སྤྱོད་རྒྱ་ཧ་ཅང་ཆུང་སྟེ། ཚོ་ཁག་གཅིག་གམ་སྡེ་ཁག་གཅིག་ཐ་ན་ཁྱིམ་ཐབ་གཅིག་ཁོ་ནར་བཀོལ་བའང་ཡོད། ཐོག་མའི་སྐད་ཆའི་སྣང་ཚུལ་འདི་ལ་ཁྱབ་ཆུང་བའི་གནའ་རབས་སྐད་བརྡ་ཟེར། འདི་ནི་ལེགས་བཅོས་དང་འཕེལ་རྒྱས་མ་བཏང་བའི་མི་རིགས་སྐད་ཆའི་གྲུབ་རྐྱེན་རེད། རྡོ་ཆས་གསར་རྙིང་གི་དུས་སྐབས་སུ་སྐད་བརྡ་འདི་རིགས་རྒྱུགས་ཆེ་བར་འདོད།
མིའི་རིགས་ཀྱི་ཐོན་སྐྱེད་ནུས་པ་ཇེ་མཐོ་དང་ཕན་ཚུན་འགྲོ་འོང་ཇེ་མང་། འགུལ་སྐྱོད་ཀྱི་ཡུལ་ཇེ་ཡངས། མཐོང་རྒྱ་ཇེ་ཆེ་བཅས་སོང་བར་བསྟུན་སྡོད་གནས་དང་འཚོ་ལུགས། འདུ་ཤེས་སོགས་ཀྱི་ཐད་ཆ་འདྲ་ས་ཡོད་པའི་མི་རྣམས་གཞི་གཅིག་ཏུ་མཐུན་པར་ཁ་འཆམ་ནས་གདོད་མའི་མི་རིགས་གསར་དུ་ཆགས། ཁ་མཐུན་པའི་ཕྱོགས་ཁག་དེ་དག་གིས་ཁྱབ་ཆུང་བའི་གནའ་རབས་སྐད་བརྡའང་གཞི་གཅིག་ཏུ་བསྡུས་ནས་གདོད་མའི་མི་རིགས་ཧྲིལ་པོས་སྤྱོད་པའི་སྐད་ཆ་གྲུབ། མི་རིགས་དང་མི་རིགས་སྐད་བརྡ་བྱུང་བ་འདིས་མིའི་རིགས་ལོ་རྒྱུས་འཕེལ་རིམ་ངེས་ཅན་ལ་ཐོན་པ་མཚོན། ལྕགས་ཟངས་སྤྱོད་བའི་དུས་རབས་ནང་མི་རིགས་སྐད་བརྡའི་རིགས་གཞི་ནས་གྲུབ་པར་འདོད།
འགྱུར་ལྡོག་ནི་ལོ་རྒྱུས་ཀྱི་ཆོས་ཉིད་དེ། སྤྲ་མི་ནས་མི་དང་། དེ་ནས་ཤེས་རིག་ལྡན་པའི་མི་བཅས་ལ་འཕེལ་བའི་ལོ་རྒྱུས་ཁྲོད། མིའི་རིགས་ཀྱི་སྤྱི་ཚོགས་འགྱུར་ལྡོག་མང་ཞིང་། སྐད་བརྡ་ལའང་དེ་བཞིན་དུ་འགྱུར་ལྡོག་ཆེན་པོ་བྱུང་། འཚོ་གནས་ཀྱི་དགོས་མཁོ་སྐོང་ཆེད། ཚོ་ཁག་གམ་རིགས་རྒྱུད། མི་རིགས་དང་ཡང་ན་ས་ཁུལ་སོ་སོའི་བར་འཕྲོག་རྩོད་འཐབ་འཛིང་བྱུང་ལ། ས་གནས་ངེས་ཅན་དབང་བའི་རྒྱལ་ཁབ་གསར་དུ་བཙུགས། རྒྱལ་ཁབ་དེ་དག་ཆེ་ཆུང་ག་འདྲ་ཡིན་ནའང་འདྲ། མི་རིགས་སྐད་ཆའི་འཕེལ་འགྱུར་ལ་ཤུགས་རྐྱེན་ཆེན་པོ་ཐེབས། འདི་ནི་མི་རིགས་གྲུབ་པའི་གོ་རིམ་ཁྲོད་སྒུལ་ཤུགས་ཆེས་ཆེ་བའི་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་རེད། སྤྱི་ལོ་སྔོན་གྱི་ལོ༣༡༠༠ཡས་མས་སུ་ཐོག་མར་ཨའེ་ཅིའི་རྒྱལ་རབས་བྱུང་ལ་ལོ་ངོ་བརྒྱ་ཙམ་གྱི་རྗེས་སུ་སུའུ་མའེ་ཨེར་ཡི་མི་རྣམས་ཀྱིས་ཁྱིའུ་དབྱིབས་ཡི་གེ་བཀོལ་འགོ་བརྩམས། གནའ་དུས་ཀྱི་ཞི་ལ་དང་རའོ་མ། རྒྱ་གར། ཀྲུང་གོའི་ཞྭ་ཧྲང་སོགས་རྒྱལ་རབས་མུ་མཐུད་དུ་བྱུང་བ་དེ་དག་གི་དུ
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com