ནུབ་རྒྱུད་གསར་འབྱེད་དང་བོད་ཡིག་དར་སྤེལ་གྱི་འབྲེལ་བ།
མེས་རྒྱལ་གྱི་ནུབ་རྒྱུད་ནི་ས་ཁྱོན་ཡངས་ཤིང་ཆུ་བོ་དང་ནགས་ཚལ། གཏེར་ཁ་སོགས་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད། ཉེ་བའི་དུས་འདིར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ནུབ་རྒྱུད་གསར་འབྱེད་ཆེན་མོའི་འཐབ་ཇུས་རླབས་པོ་ཆེ་ལག་ལེན་དུ་བསྟར་བ་ལ་བྱ་བའི་རྣམ་གྲངས་མང་ཞིང་མི་ཤུགས་དང་དངོས་ཤུགས་ཀྱི་རོགས་རམ་རྒྱ་ཆེན་པོ་ཡོད་པས། སྲིད་ཇུས་བཟང་བོ་དང་གོ་སྐབས་ཡག་པོ་འདི་དམ་འཛིན་བྱས་ནས་བོད་མི་རིགས་རང་གིས་ཕྱར་བ་གྲུ་འདེགས་ལྟར། བཟོ་ཞིང་ཚན་རིག་སོགས་འཛུགས་སྐྲུན་དང་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ་བོད་རིགས་དབུལ་ཕོངས་དང་རྗེས་ལུས་ཡིན་པའི་རྣམ་པ་བསྒྱུར་དགོས་པ་ཡིན། རྒྱལ་ཁབ་ཕྱི་ནང་གི་ལོ་རྒྱུས་ཉམས་མྱོང་ལ་གཞིགས་ན། རིག་གནས་སློབ་གསོ་ཁྱབ་གདལ་དུ་སྤེལ་ནས་རྒྱ་ཆེའི་མང་ཚོགས་ཀྱི་བསམ་བློ་བག་འཁུམས་པ་དང་གུ་དོག་པའི་འཆིང་རྒྱ་བཀྲོལ་བ་དང༌། ལྟ་རྒྱ་མཐོང་རྒྱ་བསྐྱེད་ནས་གཞན་གྱི་ཕུན་ཚོགས་དོན་གཉེར་བྱེད་པའི་བརྩོན་ཤུགས་སྐུལ་འདེད་བྱ་དགོས་པ་ཡིན། དམིགས་བྱ་འདི་མངོན་དུ་འགྱུར་དགོས་ན་ངེས་པར་དུ་བོད་སྐད་ཡིག་ལ་བརྟེན་དགོས།
དང་པོ། བོད་ཡིག་གི་བྱེད་ལས་ནུས་པ།
དུས་རབས་བདུན་པའི་སྟོད་ཙམ་ལ་ཐོན་མི་སམ་བྷོ་ཊས་བཟོས་བའི་བོད་ཀྱི་ཡི་གེ་ནི་དབྱངས་གསལ་གྲངས་ཉུང་བས་ཤེས་སླ་ཞིང་། དབྱངས་གསལ་མགོ་འདོགས་ཀྱི་རྣམ་གཞག་བཏོདཔས་སྒྲ་གདངས་ཕུན་སུམ་ཚོགས་པ། འཕུལ་རྟེན་གྱི་འཇུག་ཚུལ་ཚན་རིག་དང་མཐུན་པ། གཟུགས་འགྱུར་མི་འགྱུར་བའི་ལས་ཚིག་དག་གིས་བྱེད་པ་པོ་ཡོད་མེད་དང་དུས་གསུམ་གྱི་ཁྱད་པར་ཚིག་གྲོགས་གཞན་ལ་རག་མ་ལས་པར་ཤེས་ནུས་པ། མིང་གཅིག་དོན་དུ་མ་ལ་འཇུག་པ་དང༌། དོན་གཅིག་ལ་མིང་གི་རྣམ་གྲངས་དུ་མ་ཡོད་པ་སོགས་སྐྱེས་བུ་བློ་རབ་འབྲིང་ཐ་གསུམ་གང་གིས་བལྟས་ནའང་རང་ཚོད་ཀྱི་གོ་བ་རེ་ལོན་ཐུབ་པ་སོགས་དགེ་མཚན་མཐའ་ཡས་པ་ཡོད་པས་དེ་བེད་སྤྱོད་བྱས་ནས་ཕྱི་ཕྱོགས་ཀྱི་ལེགས་ཆ་མང་པོ་ནང་འདྲེན་བྱས་པ་དང་ཁྱད་པར་འཛམ་གླིང་སྟེང་རིག་གནས་དར་སྔ་བའི་རྒྱ་གར་འཕགས་པའི་ཡུལ་ནས་དར་འོང་བའི་རིག་གནས་སྐོར་ཞིག་རང་ཅག་བོད་ལ་འཕེལ་རྒྱས་སོང་བ་འདིས། འཛམ་གླིང་རིག་གནས་བང་མཛོད་ཀྱི་གྱོང་གུད་ཚབས་ཆེན་ཞིག་ཉམས་སྐྱོབ་དང་འཛིན་སྤེལ་བྱས། དེར་མ་ཟད། བོད་ཀྱི་ཡི་གེ་ཀློག་པའི་ཚེ་ན་སྐྱེ་གནས་དང་བྱེད་རྩོལ་གཞན་དང་ཐུན་མོང་མིན་པའི་དབང་གིས་བོད་ཀྱི་ཡི་གེ་བསླབས་ཟིན་པ་ཞིག་གིས་ཕྱི་གླིང་བའི་དབྱིན་ཇིའི་སྐད་དང་འཇར་པན་གྱི་སྐད་སོགས་བསླབ་ན་སྒྲ་གདངས་ཟུར་མ་ཉམས་པར་ཇི་བཞིན་དུ་ཀློག་ནུས། དེ་ལྟར་སྒྲ་དོན་ཕུན་སུམ་ཚོགས་པའི་བོད་ཀྱི་ཡི་གེ་འདིས་སྤྱི་ཚོགས་འཚོ་བའི་བྱ་དངོས་གང་ཞིག་བརྗོད་བྱར་བྱས་ཀྱང་བརྡ་མི་འཕྲོད་པའམ་དོན་སྟོན་མི་ནུས་པ་མེད་མོད། ལ་ལས་དེ་ཆོས་འདོན་སྤྱད་ཁོ་ནར་ངོས་འཛིན་པ་ནི་མ་ཤེས་པ་ཆེན་པོའི་བླུན་རྟགས་ཡིན་པས་དེ་ལྟར་ལབ་པ་ནི་མཚང་ལས་ཡོན་ཏན་མ་ཡིན།
གཙོ་བོ་བོད་ཀྱི་ཡི་གེ་ལ་ནུས་པ་ཅི་ཙམ་ཆེ་ན་ཡང་བེད་སྤྱོད་མ་བྱས་ན་ནུས་པ་མེད་པ་དང་གཅིག་མཚུངས་ཡིན་ཏེ། དཔེར་ན་སྔར་ཉི་མའི་འོད་དང་དྲོད་ཀྱི་ནུས་པ་མ་གཏོགས་བེད་མ་ཆོད་པ་ལ། ད་ལྟ་ཚན་རིག་དང་བསྟུན་ནས་ཉི་འོད་སྤྱོད་རྒྱ་ཇེ་ཆེར་བཏང་ནས་ཉི་ནུས་ལས་ཐོན་པའི་དངོས་པོ་མཐའ་ཡས་ཤིང༌། མ་འོངས་པ་ན་ད་དུང་མེ་འཁོར་དང་རླངས་འཁོར་སོགས་ཀྱང་ཉི་འོད་ཀྱི་ནུས་པས་བསྐྱོད་ཐུབ་པའི་ཕྱོགས་ལ་བརྩོན་པ་འདི་བཞིན། ད་ལྟ་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་བོད་ཡིག་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་པའི་སློབ་གྲྭ་དང་ཚོགས་པ་མང་པོ་བཙུགས་དང་འཛུགས་བཞིན་པ་འདིས་ཀྱང་དོན་དག་ཞིག་ལ་བདེན་དཔང་བྱས་ཡོད། འདི་གར་བོད་ཀྱི་སྐད་ཡིག་སློབ་གཉེར་བྱེད་པའི་དགོས་པ་སྨྲ་བ་ནི་མི་རིགས་གཞན་གྱི་སྐད་ཡིག་རིག་གནས་སྦྱང་མི་དགོས་པ་མིན་ཏེ་སྐད་ཡིག་རིག་གནས་ཅི་ཙམ་ཤེས་ན་ཡོན་ཏན་དེ་ཙམ་མང་པོ་ཡིན་པ་ལས་སྐྱོན་དུ་བརྩི་མི་སྲིད། འོན་ཀྱང་གོ་རིམ་ལྟར་ཐོག་མར་ཤེས་སླ་ཞིང་བག་ཆགས་ཟབ་མོ་ཡོད་པའི་རང་གི་སྐད་ཡིག་སྦྱང་བ་དང་དེ་ནས་རིམ་གྱིས་སྐད་ཡིག་གཞན་པ་སྦྱང་དགོས་པ་ཡིན།
གཉིས་པ། འདས་པའི་དུས་བོད་ལ་ཐོན་པའི་ཡི་གེའི་ནུས་པ།
བོད་ལ་ཡི་གེ་མ་དར་བའི་སྔོན་ལ་ཆབ་སྲིད་སྐྱོང་སྟངས་འདྲ་ཆག་པོ་ཞིག་ལས་མེད་པ་དང༌། དཔལ་འབྱོར་དང་དམག་དོན་སོགས་དགྲ་འདུལ་གཉེན་སྐྱོང་གི་བྱ་བ་གང་སྒྲུབ་ཀྱང་ཐབས་སྡུག་པོ་ཞིག་མ་གཏོགས་མེད་པས། འདས་པའི་རྒྱལ་རབས་སོ་གཅིག་དག་གིས་ཕྱོགས་ཁག་གཅིག་ཙམ་དབང་དུ་བསྒྱུར་ནས་དུས་འདའ་བ་ལ། ཐོན་མི་སམ་བྷོ་ཊས་ཡི་གེ་གསར་དུ་བཟོས་ཤིང་སྐད་བསྒྱུར་གྱི་གྲྭ་ཐོག་མར་བཙུགས་ཏེ་ཕྱི་ཕྱོགས་ཀྱི་རིག་གནས་ལེགས་ཆ་ནང་འདྲེན་བྱས་པ་ནས་བཟུང༌། ཕྱི་ཕྱོགས་ལ་འབྲེལ་འདྲིས་དང་བསམ་ཚུལ་བརྗེ་རེས་བྱས་པས་ལེགས་ཉེས་བླང་དོར་འབྱེད་པའི་ཤེས་རབ་གསར་བ་ཐོབ་ནས་མི་དགེ་བཅུ་སྤངས་དང་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་སྲོལ་བཏོད་ནས་ཆབ་སྲིད་སྲ་བརྟན་དུ་གཏོང་བའི་ཁག་ཐེག
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com