རང་སྐད་གཙང་དག་སྐོར་གྱི་བསམ་ཚུལ་ཁ་ཤས་ཐོལ་བྱུང་དུ་གླེང་བའི་གཏམ།

རྩོམ་པ་པོ།:དྷི*ཚ་ཡེ་ཤེས་རྒྱ་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-12-08 09:54:00 ཀློག་གྲངས།:

 

  ཤེལ་དཀར་འོད་རིས་འཁྱིལ་བའི་ཞིང་མཆོག་འདི་ལ་ཕྱི་ནང་གི་མཛེས་སྡུག་བསམ་ལས་འདས་ཤིང༌། བྱམས་དང་སྙིང་རྗེ་ཡི་བདག་ཉིད་ཐུ་བྷོད་མི་རིགས་ཞེས་འཛམ་གླིང་ན་གདེང་འཇོག་མཐོ་ན་ཡང༌། ང་ཚོ་གོ་ལ་ཟླུམ་པོ་འདིའི་སྟེང་དུ་ཡུན་རིང་འཚོ་ཐུབ་མིན་ལ་བསམ་བློ་གཏོང་རན་འདུག དེ་ཅིའི་ཕྱིར་ཞེ་ན། རང་གི་ཐུན་མིན་གྱི་སྐད་བརྡ་དང་རིག་གནས། ཡུལ་སྲོལ། གྱོན་གོས། གཤིས་ཀ འཚོ་གནས། ལོ་རྒྱུས་སོགས་ངེས་ཅན་ཞིག་མེད་ཚེ་མི་རིགས་གཞན་གྱི་ཀློང་དུ་ཐིམ་འགྲོ་བ་ཆོས་ཉིད་རེད། ད་དུང་ཉེ་བའི་ལོ་འགའི་སྔོན་ནས་སྲོལ་རྒྱུན་དང་གསར་དར་རིག་གནས་ཀྱི་འགྲན་རྩོད་ཁྲོད་དུ་ལྟ་བ་གསར་རྙིང་གི་གཡུལ་འཐབ་ཆུང་ངུ་རེ་བྱུང་སྟེ། ལེགས་ཉེས་གཏམ་ཚོགས་འཁོར་ལོས་འཇིག་རྟེན་དཀྲོག་ཀྱང༌། དེ་ལུགས་རང་རིགས་ལ་ཕན་གནོད་གང་ཆེ་ཆ་མ་འཚལ་ལ། དོན་གལ་འབབས་ནི་གནའ་དེང་ཟུང་སྦྲེལ་ཏེ། སྙིགས་དོར་བཅུད་བསྡུའི་ལམ་བཟང་འདི་ཉིད་ལས་འོས་མེད་པས། ད་ནས་གནའ་དེང་ཟུང་སྦྲེལ་གྱི་ལམ་བུ་འདི་ནས་འདུན་དུ་ཆས་ན་འགྲིག་པར་སེམས། དེ་མིན་ད་དུང་སྟོང་བཤད་རླུང་ལ་བསྐུར་ཐལ་ཆེ་ན། རང་གི་རིགས་ལ་ཞེན་པ་དཀར་བ་ཞིག་གིས་རང་གི་བླ་སྲོག་ལ་མནོ་བསམ་གཏོང་དགོས། ད་ནི་ཐུ་བྷོད་བསམ་བློ་བ་ཚོས་རིས་མེད་ཀྱི་དཔུང་རྡང་གཅིག་ཏུ་སྒྲིལ་ཏེ་ལམ་ལ་ཆས་ན་སྟོབས་ཤུགས་ཆེ་ཞིང༌། མ་འོངས་ཐུ་བྷོད་བསམ་བློ་བ་ཚོས་རིས་མེད་ཀྱི་དཔུང་རྡང་གཅིག་ཏུ་སྒྲིལ་ཏེ་ལམ་ལ་ཆས་ན་སྟོབས་ཤུགས་ཆེ་ཞིང༌། མ་འོངས་ཐུ་བྷོད་ཆུ་ཡི་ལྦུ་བས་ཅི་ལ་ཕན། དེས་ན་དང་པོ་ཆོལ་གསུམ་སྐད་བརྡ་གཅིག་གྱུར་རམ་ཆོལ་གསུམ་སྤྱི་སྐད་གཙང་མའི་ཕྱོགས་ལ་སུས་ཀྱང་ནུས་པ་འདོན་པའི་དུས་ལ་བབས་འདུག་པ་དང༌། བདག་ལྟ་བུས་ནུས་པ་ངེས་ཅན་ཞིག་ཐོན་པ་དཀའ་མོད། ཁོ་བོའི་རུས་གསེང་གི་ན་ཟུག་འདིའི་དབང་གིས་གོམ་པ་དང་བོ་སྤོ་བའི་ཕྱོགས་ནས་རང་གི་བསམ་ཚུལ་འགའ་གྲོས་འདེབས་སུ་གླེང་བར་བྱའོ།།

གཅིག

  འཛམ་གླིང་གི་མི་རིགས་སུ་དང་སུ་ཡིན་རུང་མི་རིགས་དེའི་སྐད་བརྡ་ནི། མི་རིགས་དེའི་ཚེ་སྲོག་གི་ངོར་གྲུབ་ཡོད་ཕྱིར་སྐད་བརྡ་ཉིད་ཧ་ཅང་མཐོང་ཆེན་གྱི་གནས་སུ་འཛིན་དགོས་པ་སྨོས་མེད་རེད། དེས་ན་ང་ཚོ་ཚང་མས་སེམས་ཁུར་བྱེད་ས་ཡང་ཐུ་བྷོད་ཚང་གི་ཉམས་ཉེས་སུ་འགྲོ་བཞིན་པའི་སྐད་བརྡ་འདི་རང་རེད། ད་ལྟའི་ཐུ་བྷོད་ཚང་གི་ཚེ་སྲོག་སྐད་བརྡའི་གནས་བབ་ལ་བརྟགས་ན་ཡ་མ་གཟུགས་ཀྱི་སྐད་བརྡའི་རྨང་གཞི་ཆགས་འདུག་པ་མངོན་གསལ་ཡིན་པ་འདིས་ཐུ་བྷོད་ཚང་གི་ཚེ་སྲོག་གི་དར་སྐུད་ཕྲར་འགྲོ་བཞིན་པ་གསལ་བོར་མཚོན་ཐུབ་ངེས་རེད། དེས་ན་ང་ཚོས་ཉམ་ཆུང་གི་སྐད་ཆ་འདིའི་ཚེ་སྲོག་སླར་གསོན་གྱི་སྨན་སྦྱོར་གང་ལེགས་རེར་ཅིས་ཀྱང་འབད་ན་ཤིན་ཏུ་འགྲིག་པར་མ་ཟད་ང་ཚོར་དེ་ལུགས་ཀྱི་འོས་འགན་ཡང་ཡོད་ཕྱིར། ཐུ་བྷོད་ཚང་ལ་དུངས་ཞེན་ཟབ་པའི་རྩོམ་པ་བོ་དང་རྩོམ་སྒྲིག་པ། རྒྱང་སྒྲོག་པ་དང་ལོ་ཙཱ་བ། ཡང་ན་འབྲེལ་ཡོད་ཀྱི་གཞུང་སྒེར་མི་སྣ་སུ་ཡིན་ཡང་དོན་གལ་འདི་སྣང་མེད་དུ་མི་འཇོག་པར། རྩོམ་པ་པོ་རྣམས་ཀྱིས་འདིའི་ཕྱོགས་ཀྱི་རྩོམ་དཔྱད་གནད་ཕུག་པ་ཆར་རྗེས་སུ་ཤ་མོ་བརྡོལ་བ་བཞིན་སྤེལ་རྒྱུ་དང༌། རྩོམ་སྒྲིག་པ་ཚོས་ཀྱང་དམིགས་ཡུལ་དང་ཁ་ཕྱོགས་ཡོད་པའི་སྒོ་ནས་དུས་རབས་དང༌། སྤྱི་ཚོགས། ཁོར་ཡུག ཐུ་བྷོད་ཀྱི་བསམ་བློ་སོགས་དང་ཆེར་བསྟུན་སྒོས་བྱེད་ཐབས་སྣ་ཚོགས་ཀྱིས་རྩོམ་སྒྲིག་ལག་ལེན་བྱས་ཏེ། རང་གི་སྐད་བརྡའི་དགོས་གལ་རང་བཞིན་བོད་མི་བྱིངས་ཀྱི་ཟུངས་བཅུད་དུ་འདྲེས་དུ་འཇུག་རྒྱུ། ཁྱད་པར་དུ་རྒྱང་སྒྲོག་པ་ཚོའི་སླད་ཅན་གྱི་མིང་ཚིག་གཅིག་གིས་ཀྱང་ཐུ་བྷོད་ཚང་ལ་བག་ཆགས་འཇོག་སླ་ཕྱིར། འཕྲུལ་རྟ་ལ་མོ་ཐོ་ཟེར་བ་ལྟ་བུའི་སྐད་ཆར་ནམ་ཡང་གཟབ་ནན་བྱེད་རྒྱུ། ལོ་ཙཱ་བ་ཚོས་ཀྱང་དུས་ཐམས་ཅད་དུ་མིང་དོན་འབྱོར་འོས་དང་རང་གི་སྐད་བརྡའི་གནས་བབ་ལ་ཁ་ཕྱོགས་ཏེ། རྨང་གཞིའི་ཡོན་ཚད་དང་རྒྱུ་མཚན་ངེས་ཅན་ཞིག་གི་སྟེང་ནས་སྐད་བསྒྱུར་གསར་བཟོ་བྱེད་པ་ལས་རང་རིགས་ཀྱི་བརྩེ་ཞེན་བོར་ནས་སྣང་མེད་ཀྱིས་འོལ་ཚོད་བཙན་བསྒྱུར་ར་མགོ་ལུག་སྦྱར་ལྟ་བུས་མ་འོངས་རང་རིགས་ཀྱི་སྲོག་རྩ་ལ་གནོད་པས་དེ་རིགས་ལ་གཟབ་ནན་བྱེད་རྒྱུ། རྫོང་དང་ཁུལ། ཞིང་ཆེན་རིམ་པ་སོགས་ཀྱི་སྐད་བརྡའི་བྱ་བ་དང་འབྲེལ་བ་ཡོད་པའི་ལས་ཁུངས་འགོ་ཁྲིད་གཞུང་སྒེར་མི་སྣ་སུས་ཀྱང་ཤི་མིན་གསོན་མིན་དུ་རང་རང་གི་རྐུབ་སྟེགས་མཐོ་དམན་དང་ཟླ་ཕོག་མང་ཉུང༌། གཞན་གྱི་ངོ་འཛིན་སོགས་ལ་མི་བལྟ་བར། མི་རིགས་ལ་བརྩེ་ཞེན་ཡོད་པའི་སྒོ་ནས་མི་རིགས་རང་རང་གི་སྐད་བརྡར་རང་དབང་དུ་བེད་སྤྱད་བཏང་ཆོག་པའི་སྲིད་ཇུས་བཟང་བོ་འདི་དངོས་ཐོག་མདེན་དོན་དུ་ལག་བསྟར་བྱེད་དུ་འཇུག་རྒྱུ་དང༌། དེའི་ཕྱོགས་ལ་ནུས་ཤུགས་གང་ལེགས་འདོན་པ་གལ་ཆེན་ནང་གི་དོན་ཆེན་རེད།

གཉིས།

  ང་རང་སྡོད་སའི་དྷི*ཚ་དཔལ་ལྡན་བཀྲ་ཤིས་ཆོས་སྡིངས་དགོན་པར་ཕ་སྐད་གཙང་མ་བཤད་པར་བྱེད་ཐབས་སྣ་ཚོགས་སྒོས་བརྩོན་ལེན་བྱེད་བཞིན་ཡོད་མོད། དེང་དུས་སུ་གསར་བྱུང་དངོས་རིགས་ཧ་ཅང་མང་ལ། དེ་རིགས་ལ་བོད་རང་སྐད་ཀྱི་ཐ་སྙད་གསར་བ་དཀོན་ཕྱིར་སྐད་བརྡ་བསྲེ་སླད་ཅན་དུ་མི་འགྱུར་རང་འགྱུར་རེད། ཉེན་ཁ་དེ་ལས་བཟློག་ཕྱིར་ང་ཚོས་ངེས་པར་དུ་ཐ་ས


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།