བོད་ཀྱི་གཙོ་ཤུགས་རིག་པ་དེ་ནང་ཆོས་ཡིན་པ་ཤེས་དགོས།
རྩོམ་པ་པོ།:མཁན་པོ་བསོད་ནམས་དར་རྒྱས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-02-24 09:52:00
ཀློག་གྲངས།:
འཆད་ཁྲིད་མཁན། མཁན་པོ་བསོད་ནམས་དར་རྒྱས།
ས་གནས། ལི་ཁོག་ཤེས་རབ་བྱམས་བརྩེ་སློབ་གྲྭ
དེ་རིང་འདི་ན་ཕྱོགས་སོ་སོ་ནས་ཕེབས་པའི་མི་རིགས་ལ་དུང་ཞེན་ཆེ་ཞིང་། མཛད་རྗེས་བླ་ན་མེད་པ་སྤེལ་མཁན་གྱི་དགེ་རྒན་རྣམ་པ་ཚོ་དང་སློབ་གྲྭ་སོ་སོའི་སྟེ་ཁམས་བྲག་འགོའི་མཐོ་འབྲིང་སློབ་གྲྭ། དམའ་འབྲིང་སློབ་གྲྭ་ཏྲེ་ཧོར་བོད་ཡིག་སློབ་གྲྭ། ཁམས་བྱང་བོད་ཡིག་སློབ་གྲྭ། སི་ཁྲོན་བོད་ཡིག་སློབ་གྲྭ། སི་ཁྲོན་མི་རིགས་སློབ་ཆེན། དེ་བཞིན་དུ་ལྷོ་ནུབ་མི་རིགས་སློབ་གྲྭ་དང་ནུབ་བྱང་མི་རིགས་སློབ་གྲྭ། གཞན་ཡང་མཚོ་སྔོན་དགེ་ཐོན་སློབ་གྲྭ་དང་། རྔ་བ་ཁུལ་འཕྲོད་བསྟེན་སློབ་གྲྭ་ལ་སོགས་པའི་སློབ་གྲྭ་མང་པོ་ཞིག་གི་སློབ་མ་རྣམས། ལི་ཁོག་ཤེས་རབ་བྱམས་བརྩེ་སློབ་གྲྭ་འདིར་མཉམ་འཛོམས་བྱུང་སྟེ། སློབ་སྦྱོང་བྱེད་རྒྱུ་དང་ཕན་ཚུན་ཉམས་མྱོང་བརྗེ་རེས་སམ་བགྲོ་གླེང་བྱུང་བ་ལ། ང་རང་ངོས་ནས་དགའ་སྤྲོ་ཤིན་ཏུ་ཆེ། དེར་བརྟེན་ཕྱོགས་སོ་སོ་ནས་ཕེབས་པའི་སློབ་མ་རྣམ་པ་དང་དགེ་རྒན་རྣམ་པ་སྐུ་མགྲོན་རྣམ་པ་ལ། ངས་ཐོག་མར་སྙིང་ཐག་མར་ནས་བཀའ་དྲིན་ཆེ་ཞུ་བ་དང་ཆབས་གཅིག་ཏུ། དགའ་བསུ་ཡང་ཞུ་རྒྱུ་ཡིན། དེ་རིང་ང་ཚོ་དུས་ཚོད་འདིའི་ནང་དུ་ང་རང་གི་བསམ་ཚུལ་ལམ། དོན་དག་འགའ་ཞིག་ཁྱེད་རྣམ་པ་ལ་སྙན་གསན་ཞུ་རྒྱུ་ཡིན། དེའི་ནང་དོན་གཙོ་བོ་ཅི་ཡིན་ཟེར་ན། དེ་ངས་བལྟས་ན་ཁ་སང་དེ་རིང་ང་ཚོ་བོད་ཀྱི་ཤེས་ཡོན་པ་ཐམས་ཅད་ཀྱིས། བོད་མི་རིགས་རང་གི་རིག་གནས་དང་ཁྱད་པར་དུ་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་དེ་ལ་སློབ་སྦྱོང་དང་། ཞིབ་འཇུག་ཐོས་བསམ་སྒོམ་གསུམ་བྱ་རྒྱུ་འདི་ཧ་ཅང་གལ་ཆེ་བའམ་མེད་དུ་མི་རུང་བ་རེད་བསམ་གྱིན་ཡོད། དེས་ན་འདི་དང་འབྲེལ་ཡོད་ཀྱི་སྐད་ཆ་འགའ་ཞིག་ལ། ཁྱེད་རྣམ་པ་ཚོས་བསམ་གཞིག་གནང་རོགས། སྤྱིར་བཤད་ན་ང་ཚོ་བོད་པ་སུ་དང་སུ་ཡིན་ནའང་དམ་པའི་ཆོས་ལ་དད་ཞེན་དང་རང་གི་རིག་གནས་ལ་དགའ་ཞེན་ཡོད་མཁན་ཤ་སྟག་ཡིན་རྒྱུའི་ཡིད་ཆེས་ཡོད། ཡིན་ན་ཡང་། ལོ་རྒྱུས་དང་དུས་ཚོད་མང་པོ་ཞིག་གི་འཕེལ་རིམ་ལ་བརྟེན་ནས། དེང་སང་བོད་ཀྱི་གཞོན་སྐྱེས་མང་ཆེ་བ་ཞིག་གི་ལྟ་བ་དང་སྤྱོད་པ་སོགས་ཕྱོགས་གང་ཐད་ནས་འགྱུར་ལྡོག་རྒྱ་ཆེན་པོ་ཞིག་བྱུང་ཡོད་པ་དེ་མངོན་གསལ་རེད། འདི་ཚོའི་ཐད་ལ་དེང་སང་སྐྱ་སེར་མི་ཉུང་བ་ཞིག་དང་མཁས་པ་མང་པོ་ཞིག་གིས་བསམ་བློ་ཡང་བཏང་ཞིང་། བྱ་བ་ཡང་བྱེད་བཞིན་པ་ཡིན། ཡིན་ན་ཡང་། དེའི་ནང་ཧ་ཅང་གལ་ཆེ་བའི་བྱ་བ་དེ་ཅི་རེད་ཟེར་ན། ངས་བལྟས་ན་བོད་ཀྱི་གཞོན་ནུ་ཚོ་ཚང་མས། ནང་ཆོས་ཀྱི་ནང་དོན་དེ་ལ་སློབ་སྦྱོང་བྱེད་རྒྱུ་དང་ནང་ཆོས་འདི། རང་གི་རྒྱུད་ལ་ཡང་དག་པ་ཞིག་སྐྱེ་བར་བྱེད་རྒྱུ་དེ་ཧ་ཅང་མེད་དུ་མི་རུང་བའི་གནས་ཚུལ་གལ་ཆེན་ཞིག་རེད། གང་གི་ཕྱིར་ན་སྤྱིར་དེང་སང་བོད་ཀྱི་ཤེས་ཡོན་པ་ཚོ་མཐོང་རྒྱ་ཡང་ཆེ་བསམ་ཞིང་། རང་གི་སྤྱི་ཚོགས་ཐོག་ལ་ཁག་ཐེག་གིས་ལས་ཀ་ཡང་སྒྲུབ་བཞིན་པ་རེད། བོད་ཀྱི་ཤེས་ཡོན་པའི་ནང་ནས་ཕལ་ཆེར་ཞིག་གིས། རང་མི་རིགས་ལ་ཞབས་འདེགས་ཀྱི་ཆེད་དུ། རིག་གནས་སྣ་ཚོགས་སྦྱོང་བ་སོགས་གང་ཅིའི་ཐད་ནས་གྲུབ་འབྲས་ཡང་དག་ཅིག་ཐོན་པའང་ཡོད་ལ་མི་ཐོན་པའང་ཡོད། འོན་ཀྱང་དེ་ཡི་ནང་གི་རྩ་བ་ནི་ནང་པ་སངས་རྒྱས་པའི་ཆོས་འདི་ཡིན། ཆོས་འདི་དཔྱིས་ཕྱིན་པ་ཞིག་དང་མཐར་ཕྱིན་པ་དང་གཏིང་ཟབ་པ་ཞིག་མ་ཤེས་ན། ཇི་སྲིད་བོད་ཀྱི་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཕལ་ཆེ་བ་ཞིག་སློབ་སྦྱོང་བྱས་ནའང་། གྲུབ་འབྲས་རྒྱ་ཆེན་པོ་ཞིག་ཐོབ་དགོས་ན་ཧ་ཅང་དཀའ་མོ་རེད། ཅི་རེད་ཟེར་ན། ང་ཚོའི་ལོ་རྒྱུས་དབང་དུ་བྱས་ན། བོད་ཀྱི་རིག་གནས་ཐམས་ཅད་ཀྱི་གཙོ་ཤུགས་རིག་གནས་ཟེར་བའམ་རྩ་བའི་གནད་ཀྱི་རིག་གནས་ངོས་འཛིན་ས་ནི་དཔེར་ན། ཤིང་གི་སྡོང་བོ་ལྟ་བུ་དེ་ནང་པ་སངས་རྒྱས་པའི་ཆོས་ལ་ཐུག་ཡོད། ནང་པ་སངས་རྒྱས་པའི་ཆོས་འདི་གལ་ཏེ་ཡང་དག་ཅིག་མ་ཤེས་ན། རིག་གནས་གཞན་ལ་ཇི་ལྟར་མཁས་ཀྱང་དེའི་རྩ་བ་ཟིན་ཡོད་པ་མ་རེད། དེས་ན་གཙོ་ཤུགས་རིག་གནས་གང་ལ་ཐུག་ཡོད་པ་དེ་འཛམ་བུ་གླིང་གི་སྟེང་ཞིབ་འཇུག་བྱེད་བཞིན་ཡོད། དཔེར་ན་རྒྱ་ནག་གི་དབང་དུ་བཤད་ན། ཧན་རྒྱལ་རབས་ཏེ་ཕྱི་ལོ་སྔོན་གྱི་ཕལ་ཆེར་ལོ40མཚམས་ནས་བཟུང་སྟེ་ཆིན་རྒྱལ་རབས་ཀྱི་མཇུག་མ་རྫོགས་བར་དུ། རུའུ་ཆོས་དེ་ཁོ་ཚོའི་གཙོ་ཤུགས་རིག་གནས་སུ་བཟུང་ཡོད། ལོ་ཕལ་ཆེར2000ལྷག་ཙམ་ལ་དེ་བཟུང་ནས། དེ་ནས་མར་ལེ་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ་ལ་སོགས་པས། གཙོ་ཤུགས་རིག་གནས་དེའི་རྣམ་པ་གཞན་དུ་བསྒྱུར་སོང་། དེང་སང་ལོ2000ལྷག་གི་ལོ་རྒྱུས་ལྡན་པའི་གཙོ་ཤུགས་རིག་གནས་དེ་འཚོལ་དགོས་ན། ཧ་ཅང་དཀའ་བའི་གནས་སུ་གྱུར་ཡོད་པའི་སྟོབས་ཀྱི་མཁས་པ་མང་པོས། དེའི་ཐད་ལ་བྱ་བ་བསྒྲུབས་དང་སྒྲུབ་བཞིན་པ་ཡིན།
ཡིན་ན་ཡང་། ཇི་ལྟ་བ་བཞིན་དུ་རང་ཤུལ་ལ་ཐོན་དགོས་ན་ཆེས་དཀའ་མོ་ཡིན་པ་དེ་ནི། ལོ་རྒྱུས་སྨྲ་བ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་སྨྲ་བཞིན་ཡོད་ལ་ཚང་མས་གོ་གསལ་ཤེས་གསལ་ལྟར་རེད། ནུབ་ཕྱོགས་ཀྱི་དབང་དུ་བཤད་ན། ཕལ་ཆེར་ལོ1600ལྷག་ཙམ་ནས་ཡེ་ཤུའི་ཆོས་ལུགས་ཀྱི། གཙོ་ཤུགས་རིག་གནས་ཀྱི་གཞི་བཟུང་ནས་ད་ལྟའི་བར་དུ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཕལ་ཆེ་བ་དང་། ཁྱད་པར་དུ་ཨ་རི་ཡི་གཙོ་བྱས་པའི་སྲིད་འཛིན་རིམ་བྱུང་ཁོང་ཚོ། རང་གི་རིག་གནས་དང་རང་གི་ཕ་མེས་བརྒྱུད་པའི་ལུགས་སྲོལ་དེ་ལ་བརྩི་བཀུར་དང་། དོ་སྣང་བྱེད་བཞིན་ཡོད། ངེད་ཅག་བོད་པ་ཚོའི་གཙོ་ཤུགས་རིག་གནས་འདི་གང་ལ་ཐུག་ཡོད་ན། སྤྱིར་སངས་རྒྱས་ཤཱཀྱ་ཐུབ་པས་ལོ2500ལྷག་གི་སྔོན་དུ་གསུངས་པའི་ནང་པ་སངས་རྒྱས་ཀྱི་ཆོས་འདི་ཡིན། དེ་དང་ཆབས་གཅིག་ཏུ། ཆོས་རྒྱལ་མེས་དབོན་རྣམ་གསུམ་ལ་སོགས་པའི་སྐུ་རིང་ནས་བརྒྱུད་པའི་རྒྱལ་བའི་བཀའ་འགྱུར་ཆེན་མོ་དང་། བསྟན་འགྱུར་ཆེན་མོ་ལ་སོགས་པའི། བོད་བརྒྱུད་ནང་བསྟན་གྱི་ཆོས་འདི་མདོ་དབུས་ཁམས་གསུམ་དུ་ས་ཁྱབ་རྡོ་ཁྱབ་ལ་སོང་བ་དེ་རེད། མ་ཟད་བོད་ཀྱི་མཁས་པ་རིམ་བྱོན་རྣམས་ཀྱིས། འདི་ཉིད་གཙོ་བོར་བཟུང་ནས་ཐ་ན་དམངས་ཁྲོད་ཀྱི་སྒྲུང་ཞིག་ཡན་ཆད་ཡིན་ན་ཡང་། ནང་ཆོས་ཀྱི་ཤུགས་རྐྱེན་དང་གོ་བ་ཟབ་མོ་ཞིག་ཆགས་ཡོད། དེའི་ནང་དོན་མཐར་ཕྱིན་པ་དང་ཡང་དག་པ་ཞིག་འབྲེལ་ཡོད། སྤྱིར་བོད་ཀྱི་སྲོལ་རྒྱུན། ལུགས་སྲོལ། གོམས་གཤིས། གང་དང་གང་ཡིན་ནའང་ནང་པ་སངས་རྒྱས་པའི་ཆོས་འདི་ལ་རྩ་བ་ཟུག་ཡོད། གལ་ཏེ་ནང་ཆོས་ཀྱི་རྩ་བ་འདི་ཤོར་སོང་ན། དཔེར་ན་ཡལ་ག་ལོ་མ་ཇི་ལྟར་རྒྱས་ཀྱང་ཤིང་སྡོང་རང་གི་རྩ་བ་རུལ་བ་བཞིན་ཐམས་ཅད་རིམ་གྱི་ཉམས་འགྲོ་བ་རེད།
དེང་སང་བོད་ཀྱི་གཞོན་སྐྱེས་མང་པོས། རང་རང་སོ་སོས་རྩལ་དུ་བཏོན་པའི་རིག་པ་རྣོ་སྣང་། ཤེས་ཡོན་ཅན་ཡིན་སྣང་གི་རྣམ་པ་སྟོན་མོད། སྤྱིར་ན་ཤེས་ཡོན་ཅན་ཟེར་རྒྱུ་དེ་དཀའ་ལས་ཁག་པོ་རེད། ཤེས་ཡོན་ཅན་ཟེར་བའི་ཐ་སྙད་དེ་རྒྱ་ནག་གཙོ་བྱས་པའི། ཤར་ཕྱོགས་ཀྱི་རྒྱལ་ཁབ་མང་པོ་ཞིག་གིས་རང་གར་གྱི་ཤེས་ཡོན་ཕྲན་བུ་ཕམ་ཡོད་པ་དེ་ལ་ཤེས་ཡོན་ཅན་ཟེར་གྱིན་ཡོད། འོན་ཀྱང་། ཨ་རི་ལ་སོགས་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་པོ་ཞིག་གིས་ཤེས་ཡོན་ཅན་གྱི་ཚད་གཞི་ནི་ཧ་ཅང་མཐོན་པོ་རེད། སྔོན་བྷི་སི་ན་ཞེས་པའི་མཁས་པ་ཆེན་པོ་ཞིག་གིས་བརྩམས་པའི། སྤྱིའི་ཤེས་ཡོན་ཅན་ཞེས་པའི་དེབ་ཅིག་ཡོད། དེབ་དེའི་ནང་ན། རྒྱ་ནག་ལ་སོགས་པའི་ཕལ་ཆེ་བ་ཞིག་གིས་ཤེས་ཡོན་ཅན་གྱི་ཚད་གཞི་འཇོག་སྐབས། རང་གི་ཀླད་པའི་ངལ་རྩོལ་ལ་བརྟེན་ནས། ཤེས་རིག་ཆུ་ཚད་ཚད་ལྡན་ཡོད་པའི་གང་ཟག་ལ་ཤེས་ཡོན་ཅན་ཟེར། དེ་ལྟ་ན་ཚན་རིག་པ། ཞིབ་འཇུག་པ། སྨན་པ་དང་། དགེ་རྒན་ལ་སོགས་པས། རང་གི་ཀླད་པའི་ངལ་རྩོལ་ལ་བརྟེན་ནས་ལས་ཀ་སྒྲུབ་བཞིན་ཡོད་པའི་གང་ཟག་དེ་དག་ལ་ཤེས་ཡོན་ཅན་ཟེར་ཆོག ཁོ་ཚོས་དེ་ལྟར་ཚད་དམའ་མོ་ཞིག་བཞག་ཡོད། འོན་ཀྱང་ནུབ་ཕྱོགས་ཀྱི་ཨ་རི་ལ་སོགས་པའི་མང་ཆེ་བ་ཞིག་གིས། ཤེས་ཡོན་ཅན་གྱི་གང་ཟག་གི་ཚད་དེ་ནི་སྤྱིར་ཀླད་པའི་ངལ་རྩོལ་ལ་བརྟེན་ནས། རང་གི་རྒྱུད་ལ་ཧ་ཅང་ཚད་མཐོན་པོའི་ཆེད་ལས་ཀྱི་ཤེས་ཡོན་གང་རུང་དང་ལྡན་པ་དང་མ་ཟད་སྤྱི་ཚོགས་ལ་འགན་འཁུར་གྱི་བསམ་པ་དང་། ལྷག་བསམ་ཡོད་པའི་གང་ཟག་ཞིག་ལ་ཤེས་ཡོན་ཅན་གྱི་ཚད་གཞི་བཞག་ཡོད། དེ་ཡིན་དུས་ང་ཚོའི་རང་གར་གྱི་དགེ་རྒན། སྨན་པ་སོགས་སྤྱི་ཚོགས་དང་མི་དམངས་གང་ལ་ཡང་། ཕན་སེམས་ལྷག་བསམ་མེད་པའི་མི་ཞིག་ཡིན་ན། དེའི་མིང་ལ་ཤེས་ཡོན་ཅན་ཟེར་བ་མ་རེད། སྤྱིར་ཤེས་ཡོན་ཅན་ཞེས་པའི་མིང་ཐད་ཀར་བསྒྱུར་ན། ཤེས་རིག་དང་ཡོན་ཏན་གཉིས་ཀ་ལྡན་པ་ཤེས་ཡོན་ཅན་ཟེར་། སྒྲ་དོགས་བའི་དབང་དུ་ན་གང་ཟག་སུ་ལའང་ཤེས་ཡོན་ཕྲན་བུ་རེ་ཡོད་ཀྱང་། ཆེད་ལས་རིག་པ་ཚད་ལྡན་དང་སྤྱི་ཚོགས་ལ་ལྷག་བསམ་མེད་པར། ཤེས་ཡོན་ཅན་གྱི་གྲལ་དུ་ཚུད་དཀའ། དེ་ལ་ཤེས་ཡོན་ཅན་གྱི་མཚན་ཉིད་དང་ཚད་གཞི་ལྡན་དགོས། དེ་ཡིན་དུས་ངས་བལྟས་ན་ང་ཚོ་བོད་ཀྱི་ཤེས་ཡོན་ཅན་ཟེར་རྒྱུ་དེ་དཀའ་མོ་རེད། ཤེས་ཡོན་ཅན་ཡིན་ན། ཤེས་ཡོན་ཅན་གྱི་མི་ལ་ཆ་རྐྱེན་གང་དགོས་ཟེར་ན། ནང་པ་སངས་རྒྱས་པའི་ཆོས་འདི་ངེས་པར་དུ་སློབ་སྦྱོང་བྱེད་དགོས། འདི་སློབ་སྦྱོང་བྱས་ན་སྤྱིར་བོད་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས། གང་ཅིའི་ཐད་ནས་འཕེལ་རྒྱས་ལ་ཕན་ཐོག་རྒྱ་ཆེན་པོ་ཡོང་རྒྱུ་རེད། གང་ཞེ་ན། ང་ཚོས་འཕེལ་རྒྱས་ཕྱོགས་སྣ་རེ་བ་དང་ཕྱོགས་རེ་བ་དེ་ལྟ་བུ་ཞིག་ལ་འཕེལ་རྒྱ་བརྗོད་པ་མིན། འཕེལ་རྒྱས་འཐུས་ཚང་བ་དང་། ཕྱོགས་བསྡུས་རང་བཞིན་ཅན་གྱི་འཕེལ་རྒྱས་ཞིག་འགྱུར་ཐུབ་པ་མ་རེད།
དེང་སང་འགའ་རེས་འཕེལ་རྒྱས་དེ་ལ་ངོས་འཛིན་ཚུལ་ནི། རང་གར་གྱི་ཁང་པ་ཞིག་ཡོད་པ་དང་སྒོར་མོ་ཆ་ཤས་ཡོད་པ་དེ། དེ་ལ་འཕེལ་རྒྱས་ཞེས་ཚད་གཞི་འཇོག་པ་རེད། ཕྱི་དངོས་པོའི་སྟེང་གི་འཕེལ་རྒྱས་ཇི་ལྟར་ཡོད་ཀྱང་། ནང་སེམས་ཀྱི་བདེ་བ་དང་ནང་སེམས་ཀྱི་ཚོར་བ་གོང་དུ་མ་འཕེལ་ན། དེ་ལ་འཕེལ་རྒྱས་ཞེས་པའི་ཐ་སྙད་ཐོབ་མི་སྲིད། བོད་པ་མི་དམངས་ཀྱི་དབང་དུ་བཤད་ན། གལ་ཏེ་ཕྱིའི་རྒྱུ་རྫས་ལོངས་སྤྱོད་སྣ་ཚོགས་དར་རྒྱས་སུ་གྱུར་ཀྱང་། ནང་གི་སྡུག་བསྔལ་ཇེ་ཆེ་དང་ཇེ་ཆེ། ནང་མི་མཐུན་པ་དང་རང་གི་ཉོན་མོངས་པ་ལ་སོགས་པ་ཇེ་རྒྱས་སུ་གྱུར་ན། དེ་ལ་འཕེལ་རྒྱས་ཞེས་བརྗོད་པ་མ་རེད། སྤྱིར་འཛམ་བུ་གླིང་གི་དབང་དུ་བཤད་ན། དེང་སང་འཕེལ་རྒྱས་ཀྱི་གཙོ་བོ་གང་ཡིན་བརྗོད་ན། སེམས་ཁམས་འཕེལ་རྒྱས་དེ་ཧ་ཅང་གལ་ཆེན་བརྩི་བ་རེད། དེ་ལ་ང་ཚོར་སེམས་ཁམས་རིག་པ་ལ་སོགས་པའི་རིག་གནས་མང་པོ་ཞིག་ཡོད་ཀྱང་། དེའི་ནང་ནས་གཙོ་བོ་ནང་ཆོས་རིག་གནས་འདི། སེམས་ཁམས་རིག་པ་ཐམས་ཅད་ཀྱི་རྒྱལ་པོ་ལྟར་དུ་གྱུར་ཡོད། དེ་དེང་སང་འཛམ་བུ་གླིང་གི་མཁས་པ་ཐམས་ཅད་དང་ཚན་རིག་པ་ཐམས་ཅད་ཀྱིས་འདིར་ཞིབ་འཇུག་བྱེད་སྐབས། ངོ་མ་ནང་པ་སངས་རྒྱས་པའི་ཆོས་འདི་ལ། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་འདུག་སྙམ་པའི་བློ་སྐྱེད་ཐོན་བཞིན་པ་རེད། དེ་མིན་ན་ཕལ་ཆེར་ཕྱི་རོལ་དངོས་པོ་ཞིག་ཡོད་པས་འཕེལ་རྒྱས་རྒྱ་ཆེན་པོ་འབྱུང་ཟེར་ན། དཀའ་མོ་ཡིན་པ་རེད། དེང་སང་འཛམ་བུ་གླིང་ལ་ཧ་ཅང་གྲགས་རྒྱ་ཆེ་བའི་གསང་བ་ཞེས་པའི་ཡིག་ཆ་ཞིག་ཡོད། དེའི་ཡི་གེ་འདི་འབྱུང་ནས་ལོ་འགའ་ཞིག་གི་རིང་ལ་ཕལ་ཆེར་དེབ་བྱེ་ཆེན་ཡས་མས་ཤིག ཚོང་ཁྲོམ་ནང་དུ་ཚོང་སོང་བ་རེད་ ཅེས་ཟེར་སྲོལ་ཡོད། དེབ་དེའི་ནང་དུ་བཤད་རྒྱུར། མི་གཅིག་ལ་ཨ་རིའི་སྒོར་མོ་དུང་ཕྱུར་གཅིག་ཡོད་པ་རེད། ཡིན་ན་ཡང་ཁོའི་འདོད་པའི་ཁ་མི་གང་བར། ཉིན་མཚན་ཀུན་ཏུ་སྡུག་བསྔལ་གྱི་ནང་དུ་འཕྱན་ཡོད་པ་རེད་ཟེར་བཤད་ཡོད་པ་རེད། དེས་ན་བོད་པ་ཚོས་རང་གི་རིག་གནས་འདི་གལ་ཆེན་ཡིན་པ་གོ་ཐུབ། རིག་གནས་ཀྱི་རྩ་བ་འདི་ནང་དོན་རིག་པ་སྟེ། ནང་པ་སངས་རྒྱས་པའི་ཆོས་ལུགས་སྤྱི་དང་ཁྱད་པར་དུ་ང་ཚོའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་འདི་ཡིན། དེས་ན་ཁྱེད་ཚོ་ཤེས་ཡོན་པའམ། མ་འོངས་པའི་ཤེས་ཡོན་པ་ཟེར་ན་ཡང་ཆོག་རྒྱུ་རེད། ཁྱེད་རྣམ་པ་སློབ་མ་ཚོ་མ་འོངས་པའི་གནས་སྐབས་ན་ཤེས་ཡོན་པར་འགྱུར་བའི་རེ་སྨོན་ཡང་ཡོད་ལ་འགྱུར་བའི་ནུས་པ་ཡང་ཡོད་རྒྱུ་རེད། འགྱུར་བའི་ཡིད་ཆེས་ཡང་ཡོད། འོན་ཀྱང་ངས་བལྟས་ན་ཤེས་ཡོན་གྱི་རྩ་བ་འདི་ནང་པ་སངས་རྒྱས་པའི་ཆོས་འདི་ལ་ཐུག་ཡོད། འདི་ལ་ཤེས་རྟོགས་ཡོད་དམ་མེད་ཅེས་དྲི་བ་ཡང་བཀོད་ན་ལེགས་འདུག མ་འོངས་པའི་འདིའི་ཐད་ལ་ང་ཚོས་མཉམ་དུ་ཞིབ་འཇུག་བྱེད་པ་དང་། བྱ་བ་ཡང་སྒྲུབ་དགོས། བསམ་བློ་ཡང་གཏོང་དགོས། གང་གི་ཕྱིར་ཞེ་ན། དེང་སང་སློབ་གྲྭ་སོ་སོར་འགྲིམ་པའི་སློབ་ཆེན་པ་འགའ་རེས། ཕྱོགས་གང་ཐད་ནས། ནང་པ་སངས་རྒྱས་པའི་ཆོས་དེ་ལ་རྒོལ་བ་དང་ཁ་སྨྲས་གཏོང་རྒྱུ་ལ་སོགས་པའི་རྣམ་འགྱུར་མང་པོ་ཞིག་སྟོན་གྱིན་ཡོད་པ་རེད། ང་ཚོས་བལྟས་ན་དེ་ནི་ཧ་ཅང་དགོད་བྲོ་བ་དང་། སྙིང་རྗེ་བའི་གནས་སུ་གྱུར་ཡོད།
དངོས་གནས་དྲང་གནས་ཀྱིས་དེང་སང་སློབ་གྲྭ་ཆེན་མོ་འགྲིམ་ན། སྤྱིར་སློབ་གྲྭ་ཆེན་མོ་དེའི་མིང་གྲགས་ཀྱི་དབང་དུ་བྱས་ན་དེའི་མིང་ལ་ཆེན་མོ་ཞེས་པ་ཞིག་ཐོབ་ཡོད། འོན་ཀྱང་དངོས་སུ་མིའི་ནང་གི་ཡོན་ཏན་ཆེན་པོ་ཞིག་ཐོབ་དགོས་ན་ཆེས་དཀའ་མོ་རེད། ངོ་མ་བརྗོད་ན་སློབ་ཆུང་དང་། སློབ་འབྲིང་མཐོ་འབྲིང་ལ་སོགས་པར་ལོ་མང་པོ་ཞིག་བཏོན། སློབ་ཆེན་ཟེར་རྒྱུ་དེ་ལོ་གསུམ་ནས་བཞི་བར་ཙམ་ཞིག་རེད། ལོ་གསུམ་བཞི་ཙམ་གྱི་རིང་། མིའི་རྒྱུད་ལ་ཤེས་ཡོན་ཧ་ཅང་ཚད་མཐོན་པོ་ཞིག་ཐོབ་དགོས་ན། ངོ་མ་ཚད་ཆེན་པོ་ཞིག་ཐོབ་ཡོད་པ་མ་རེད། འོན་ཀྱང་སློབ་ཆེན་ཞེས་པའི་མིང་དེས། སློབ་མ་རང་གི་རྒྱུད་ལ་ཡང་ཤེས་ཡོན་ཆེན་པོ་དང་། གོ་རྟོགས་ཧ་ཅང་མཐོན་པོ་ཞིག་སྐྱེས་ཡོད་སྣང་ཤར་འདུག དེ་ནས་བཟུང་ཤིན་ཏུ་ཟབ་པའི་ནང་པ་སངས་རྒྱས་པའི་ཆོས་ཀྱི་ལྟ་སྒོམ་སྤྱོད་པ་སོགས་ལ་ཡང་། ཁ་ཟེར་བ་སྣ་ཚོགས་ཤིག་བྱེད་པ་དེ་ངས་བལྟས་ན་ཆེས་དགོད་བྲོ་བ་ཞིག་རེད། ངོ་མ་རྒྱུ་མཚན་སྟོབས་ལྡན་དང་ལུང་དང་ཚད་མ་རྣམ་དག་ཡོད་ན་ཟེར་ཆོག་པ་ཞིག་རེ།ད ནང་པ་སངས་རྒྱས་པའི་ཆོས་ཀྱི་སྐབས་ན་ཡང་། བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ཞེས་པ་ལྟར་ངོ་མ་ཁྱེད་ཚོ་ལ་རིག་ལམ་ཡོད་ན་བརྟག་དཔྱད་ཀྱིས་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཁོང་གི་གསུང་འདི་དག་ནི་བརྟག་བཟོད་པ་དང་དཔྱད་བཟོད་པ་ཞིག་ཡིན་གསུངས་ཡོད། རྗེས་འཇུག་གི་མགོན་པོ་ཀླུ་སྒྲུབ་དང་། སློབ་དཔོན་ཆོས་ཀྱི་གྲགས་པ་ལ་སོགས་པའི་མཁས་པ་ཆེས་མང་པོ་ཞིག་གིས་ཀྱང་། འདི་ལ་བརྟག་དཔྱད་དགོས་གསུངས་ཡོད། ཁྱོད་ཚོ་ཧ་ཅང་མཁས་ཆེན་ནམ་རིག་པ་ཤིན་ཏུ་རྣོ་བ་ཞིག་ཡིན་ན་ངོ་མ་འདི་ལ་བརྟག་དཔྱད་བྱས་ན་ཆོག་པ་རེད། བརྟག་དགོས་པའང་རེད། བརྟགས་ན་འབྲས་བུ་ཡང་ཐོབ་རྒྱུ་ཡོད། འོན་ཀྱང་དེ་ལྟར་མ་ཡིན་པར་ཧ་ཅང་ཉམ་ཐག་པ་དང་། སྐྱུག་བྲོ་བའི་ཟློས་གར་ནི་དེང་སང་བོད་ཀྱི་གཞོན་སྐྱེས་འགས་འཁྲབ་ཀྱིན་ཡོད། ཁོ་ཚོའི་བྱ་བ་བྱེད་སྟངས་སྐད་ཆ་བཤད་ཚུལ་སོགས། མང་པོ་ཞིག་ལ་བསམ་བློ་བཏང་ན་ནང་ཆོས་ཀྱི་རིག་པ་འདི་ལ་སློབ་སྦྱོང་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། གལ་ཏེ་དངོས་གནས་དྲང་གནས་ཀྱི། ནང་པ་སངས་རྒྱས་པའི་ཆོས་འདིར་མི་འཐད་པ་དང་དགག་དགོས་པ་ཞིག་ཡོད་ན། དེ་ལ་རྒོལ་བ་བྱས་ན་དེ་མི་འགྲིག་པ་གང་ཡང་མེད། དང་པོ་ཁྱོད་ཚོས་ཞིབ་འཇུག་དང་བརྟག་དཔྱད་བྱས་ན། ཕལ་ཆེར་དེའི་གནས་སྐབས་སུ་རང་ལ་ངེས་ཤེས་གསར་པ་ཞིག་སྐྱེས་ནས། རྗེས་མར་ནང་པ་སངས་རྒྱས་པའི་ཆོས་ལ་ཞུགས་པ་སོགས་ཀྱི་རྣམ་པ་འགའ་རེ་ཡོད་རྒྱུ་རེད། དཔེར་ན་དེ་སྔོན་ཧ་ཅང་གྲགས་ཆེ་བའི་སྐུ་ཞབས་ཧ་ཝེ་སི་འདྲ་ཡིན་ན། ཁོང་དང་པོ་ཡེ་ཤུའི་ཆོས་ལུགས་པ་རེད། ཁོས་འཛམ་བུ་གླིང་འདི་ཡེ་ཤུའི་ཆོས་ལུགས་ཀྱིས་དབང་བསྒྱུར་དགོས་བསམ། གང་གི་ཕྱིར་ན། འཛམ་བུ་གླིང་ན་ཡེ་ཤུའི་ཆོས་ལུགས་འདྲ་བའི་ཕུལ་དུ་བྱུང་བ་ཞིག་ཡོད་རྒྱུ་མ་རེད་སྙམ་སྟེ། ནང་པ་སངས་རྒྱས་པའི་ཆོས་ལ་འདི་དགག་པ་བཏང་ནས། རྩ་མེད་དུ་བྱེད་དགོས་བསམ་པའི་ཀུན་རྟོག་ཅིག་སྐྱེས། དེ་ནས་ནང་པ་སངས་རྒྱས་པའི་ཆོས་འདི་ལ་ཞིབ་འཇུག་བྱས། ཞིབ་འཇུག་བྱེད་པའི་སྐབས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུན་མོང་མ་ཡིན་པའི་མི་རྟག་པ་དང་སྟོང་བ། སྡུག་བསྔལ་ལ་སོགས་པའི་ཆོས་ཀྱི་ནང་དོན་ཟབ་མོ་རྒྱུད་ལ་གོ་རྟོགས་བྱུང་། དེ་ནས་བཟུང་སྟེ། ང་ཚོའི་ལྷོ་བརྒྱུད་ནང་བསྟན་ཐོག་མར་སྐད་ཡིག་ལ་བསྒྱུར། དེ་ཡང་དེང་སང་སྐད་རིགས་ཆེན་པོ་གསུམ་གྱི་ཡ་གྱལ་དུ་གྱུར་བའི་སྐད་ཡིག་ཞིག་ཏུ་ཁོང་གིས་བསྒྱུར་བ་རེད།
ཁོང་གི་རྣམ་ཐར་ལ་བལྟས་ན། ཐོག་མའི་གནས་སྐབས་ན་ཁོས་སངས་རྒྱས་ཀྱི་ཆོས་ལ་དགག་པ་བཏང་ཡོད་ནའང་། རྗེས་སུ་མི་དྲང་མོ་དང་བདེན་འཚོལ་གྱི་བྱ་བ་ལ་ཞུགས་པ་ཞིག་ཡིན་པར་གོ་ཐུབ། དེས་ན་རྣམ་པ་ཚོས། རྗེས་མའི་གནས་སྐབས་ན་ཡི་གེ་དེ་དག་ལ་ཞིབ་ཀློག་བྱེད་པ་འདི་ཧ་ཅང་གི་གལ་ཆེ། དེང་སང་བཤད་སྲོལ་ལྟར་ན། རྒྱ་ནག་གི་མི་ཧ་ཅང་འབོར་ཆེན་ཡིན་ཡང་ཡི་གེ་ལ་ལྟ་ཀློག་བྱེད་མཁན་ནི་ཉུང་ཤས་ཡིན་པ་དང་། འཇར་པན་གྱི་མི་མང་ཆེ་བས་ཡི་གེ་ལ་ལྟ་ཀློག་བྱེད་ཀྱིན་ཡོད། འདི་ལ་བསྡུར་རྩིས་ཀྱི་དབང་དུ་བྱས་ན། ལོ་གཅིག་ནང་ན་རྒྱ་ནག་གི་མི་རྣམས་ཀྱིས་ཡི་གེ་ལ་ལྟ་རྒྱུ་དང་། འཇར་པན་གྱི་མི་རྣམས་ཀྱིས་ཡི་གེ་ལ་ལྟ་རྒྱུ་བསྡུར་ན་འཇར་པན་གྱི་མི་རྣམས་ཀྱི་ཡི་གེ་ལ་ལྟ་བ་དེ་ཆེས་མང་པོ་ཡོད་ཟེར། དེ་བས་ཁྱེད་ཚོས་སློབ་གྲྭ་སོ་སོར་འགྲིམ་པའི་གཞོན་སྐྱེས་ཚོས། ཡི་གེ་བལྟ་རྒྱུ་དང་སློབ་སྦྱོང་བྱེད་རྒྱུ་སོགས་ཅི་འདྲར་འགྱུར་བཞིན་ཡོད། ངས་གསལ་བོ་མ་ཤེས་ཀྱང་གང་ལྟར་ཡང་། གནའ་དེང་གི་མཁས་པ་སོ་སོའི་ཡིག་ཆའམ་རྣམ་ཐར་གང་ཡིན་ཡང་། ཐམས་ཅད་ལ་དཔེ་ཀློག་ཡག་པོ་བྱས་ན་གོ་རྒྱུ་ཆེན་པོ་ཡོད། དེ་ཡིན་ནའང་རྩ་བ་འཛིན་ས་དེ་ང་ཚོ་བོད་བརྒྱུད་ཀྱི་རིག་གནས་དེ་ཡིན། བོད་བརྒྱུད་རིག་གནས་ཀྱི་རྩ་བ་འདི་ནི་ངས་གོང་དུ་བརྗོད་པ་ལྟར་ནང་ཆོས་རེད། ནང་ཆོས་གལ་ཏེ་མི་ཤེས་ན། ཁྱེད་ཀྱིས་རིག་གནས་སྣ་ཚོགས་ལ་ཞིབ་འཇུག་བྱེད་པ་ནི་ཧ་ཅང་དཀའ་ལས་རེད། ཞིབ་འཇུག་བྱེད་དགོས་ན། དངོས་གནས་རང་གིས་མ་ལག་ཚང་བའི་སྒོ་ནས་ནང་ཆོས་ལ་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ལྡན་ན། ཕུལ་དུ་ཕྱིན་པ་ཡིན། གལ་ཏེ་དེ་ལྟའི་གོ་སྐབས་མི་ལྡན་ནའང་དགེ་བའི་བཤེས་གཉེན་དང་དགེ་རྒན་རྣམ་པ་ཚོའི་མདུན་ནས། རང་ལ་ཕན་ཐོགས་ཡོད་པའི་ཤེས་བྱ་དང་ཁྱད་པར་དུ་ལས་རྒྱུ་འབྲས། ཚེ་མི་རྟག་པ་ལ་སོགས་པའི་སྔོན་འགྲོའི་སྐོར་སློབ་སྦྱོང་བྱེད་དགོས། དེའི་ནང་ནས་རིག་པ་ཕུལ་དུ་ཕྱིན་པའི་གཞོན་སྐྱེས་རྣམས་ཀྱིས་དབུ་མ་དང་། ཚད་མ་ལ་སོགས་པའི་ནང་ཆོས་ཀྱི་རིག་པ་ཐམས་ཅད་ལ་སློབ་སྦྱོང་བྱེད་རྒྱུ་དེ། ཧ་ཅང་གལ་ཆེན་པོ་རེད། གལ་ཏེ་འདི་སློབ་སྦྱོང་གཏིང་ཟབ་པ་ཞིག་མ་བྱས་ན། དེང་སང་འགའ་རེས། ནང་ཆོས་ཀྱི་ཡི་གེ་གཅིག་གཉིས་རེ་ལ་བལྟས་རྗེས་བཅོམ་ལྡན་འདས་ཀྱི་གཞུང་འགའ་རེའི་ནང་ན། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །ཞེས་པ་དང་། གཞུང་འགའ་རེའི་ནང་མགོན་མེད་པ་སྐྱབས་མེད་པ། མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རྭ་བ། ཞེས་འགལ་བ་བརྗོད་འདུག་ཟེར་ནས། རང་གར་གྱི་ཚིག་འགའ་རེ་སྐེད་བཟུང་བྱེད་པ་དང་། ཡང་འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ། །ཞེས་བརྗོད་པས། ཕྱག་འཚལ་ན་སྡུག་བསྔལ་སེལ་མི་ཐུབ་པ་ཞེས་པ་སོགས། མཁས་པ་ཆེན་པོ་ཡིན་པར་རློམ་པ་དག་གིས་ཚིག་ལ་བལྟས་ན། ངོ་མ་སྙིང་རྗེ་ཞིང་ངོ་ཚ་བའི་གནས་སུ་གྱུར་ཡོད།
ཡང་འགའ་རེས་ཟེར་ན། བཅོམ་ལྡན་འདས་ཀྱི་གཞུང་འགའ་རེའི་སྐབས་ན་བདག་ཡོད་པར་གསུངས་པ་དང་། གཞུང་འགའ་རེའི་སྐབས་ན་བདག་མེད་པར་གསུངས་ཡོད། དེ་འགལ་བ་ནང་ཐུག་རེད་ཟེར། བཅོམ་ལྡན་འདས་ཅི་འདྲ་ཞིག་བླུན་ནའང་། སློབ་གྲྭ་ཆེན་མོའི་དགེ་རྒན་ཞིག་གིས་ཁས་མི་ལེན་པའི་འགལ་བ་ནང་ཐུག་སྡུག་པོ་ཞིག་ནི་བརྗོད་མི་སྲིད། ཡིན་ན་ཡང་ནང་པ་སངས་རྒྱས་པའི་ཆོས་འདི་ལ་རིགས་པ་ཡང་མ་སོང་། ཇི་ལྟ་བ་བཞིན་དུ་སློབ་སྦྱོང་ཡང་བྱེད་མ་མྱོང་། འདི་རྩ་ཆེན་ཡིན་པ་མ་གོ་བའི་གང་ཟག་ནི་དཔེར་ན། ཁྱི་རྒན་ཀུ་ཅོ་འདོན་པ་ལ། །རྒྱུ་མཚན་མེད་པར་གཞན་དག་རྒྱུགས། །ཟེར་བ་ལྟར་ལོག་ལྟ་དེ་ལྟ་བུ་ཞིག་སྐྱེས་འོང་བ་ཡོད། གལ་ཏེ་རིག་པ་ཡང་རྣོ་དེ་བཞིན་དུ་དགེ་བའི་བཤེས་གཉེན་བསྟེན་པའི་གོ་སྐབས་ཡང་ཡོད་པ་ཞིག་ཡིན་ན། འདི་ལྟ་བུའི་ལོག་ལྟ་ཞིག་གཏན་ནས་མི་སྐྱེ། ཁྱད་པར་དུ་གཞུང་གང་དང་གང་ལ་སློབ་སྦྱོང་བྱས་ན། བཅོམ་ལྡན་འདས་ཀྱི་གསུང་དེ་ཁྱད་འཕགས་ཅན་ཞིག་ཡིན་པ་དེ་གོ་ཐུབ། ཁྱད་པར་འཕགས་བསྟོད་ལས། མུ་སྟེགས་ཅན་གྱི་གཞུང་ལུགས་ལ། །ཇི་ལྟ་ཇི་ལྟར་རྣམ་བསམ་པ། །དེ་ལྟ་དེ་ལྟར་མགོན་ཁྱོད་ལ། །བདག་གིས་སེམས་ནི་དད་པ་འགྱུར། །ཞེས་གསུངས་པ་ལྟར་ཕྱི་རོལ་མུ་སྟེགས་པའི་གཞུང་ཐམས་ཅད་ཇི་ལྟ་ཇི་ལྟར་བསམ་བློ་བཏང་ན། དེ་ལྟ་དེ་ལྟར་དུ་འཇིག་རྟེན་གྱི་ཁམས་འདི་ན་སྟོན་པ་མཉམ་མེད་ཤཱཀྱ་ཐུབ་པའི་གསུང་དེ་ནི། ཚད་མར་གྱུར་པ་དང་རྟོག་དཀའ་བ་སྟེ་གཏིང་ཟབ་པ། འགྲོ་བ་ཐམས་ཅད་ལ་ཕན་པ་ཁོ་ན་སྟེར་བྱེད་ཀྱི་བདུད་རྩི་ལྟ་བུ་འདི། གཞན་སུ་ལའང་མེད་པའི་ངེས་ཤེས་བརྟན་པོ་དེ་རང་སྐྱེ་ཐུབ། དེ་ལྟ་བུའི་ལྟ་བ་ཡང་རྟོགས་ཐུབ།
ངས་བལྟས་ན་དེ་ལྟ་བུའི་ལྟ་བ་ཟབ་མོ་དེ། བོད་པའི་ཤེས་ཡོན་པ་རྣམས་ཀྱི་རྟོགས་མི་ཐུབ་པ་ག་ལ་ཡིན། དེང་སང་རྒྱ་ནག་དང་ནུབ་ཕྱོགས་ཀྱི་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་སོགས་ཀྱི་མིང་ཡོད་པ་རྣམས་ཀྱིས་ཀྱང་། བོད་བརྒྱུད་ཀྱི་དབུ་མ་བཞི་བརྒྱ་པ་དང་། དབུ་མ་རྩ་བ་ཤེས་རབ། དབུ་མ་འཇུག་པ་ལ་སོགས་པའི་གཞུང་ལ་ཐོས་བསམ་བྱས་ཤིང་། རྩ་བ་བློར་བླངས་ཏེ། དབུ་མ་པ་དང་སེམས་ཙམ་པའི་ལྟ་གྲུབ་ཀྱི་འདོད་ཚུལ་སོགས་ལ་ཡུན་རིང་དུ་ཞིབ་འཇུག་བྱེད་བཞིན་ཡོད། སློབ་གྲྭ་དེ་ཚོའི་དགེ་སློབ་ཚང་མས་དྲི་བ་རེ་བཀོད་འདུག་པ་འདི་ནི། ང་ཚོའི་བཤད་གྲྭའི་མཁན་པོ་དང་དགེ་བཤེས་ཤིག་ཡིན་ཡང་། དེ་ལྟར་ཨེ་ཡོང་བསམ་པ་མང་པོ་འདུག དེ་ལྟ་བུ་དེང་སང་གི་རྒྱ་རིགས་སོགས་ཀྱི་སློབ་གྲྭ་ཚོའི་ནང་མང་པོ་ཡོད། ཡིན་ཡང་། ང་ཚོ་བོད་ཀྱི་དགེ་སློབ་འགའ་ལ་འདི་དག་གི་ཧ་ཅང་ཚད་ཞན་པར་མ་ཟད། རང་ལྟ་མཁྲེགས་བཟུང་གིས་ནང་ཆོས་དེ་ལ་རྒོལ་བ་མཁན་ཡོད། གལ་ཏེ་རྒོལ་བ་གནད་དུ་འགྲོ་བ་ཡིན་ན་ཆོག་ཀྱང་ཁོང་ཚོས་བཤད་པ་ལ་ལྟོས་དང་། ང་ཆོས་ལ་རྒྱུས་མེད་པ་ཙམ་ལས་རྒོལ་བ་གནད་དུ་ཕེབས་མཁན་གཅིག་ཀྱང་མེད། ང་ཚོ་བོད་ཀྱི་གཞོན་ནུ་ཚོའི་སྟོན་པ་བཅོམ་ལྡན་འདས་ལ་དད་པ། དེ་ཡང་རང་གར་གྱི་ང་ཚོའི་ཨ་ཕ་ཨ་མ་ཨ་ཡེ་མ་མྱེ་རྣམས་ཀྱི་དད་པ་དང་མ་འདྲ་བ་ཞིག་ཡོད་དགོས། ཅིའི་ཕྱིར་ཁོ་ཚོས་ཀྱང་བླ་མ་དཀོན་མཆོག་གསུམ་མཁྱེན། ཞེས་སངས་རྒྱས་ཆོས་དགེ་འདུན་རྣམས་ལ། སྐྱབས་སུ་འགྲོ་བའི་དད་པ་ཡོད་པ་མ་ཡིན་ནམ་སྙམ་ན། དེ་དག་ལ་སྲོལ་རྒྱུན་ཡག་པོ་ཞིག་དང་སྤྱིར་དད་པ་ཙམ་ཡོད་ཀྱང་བླ་མ་མཁྱེན་ཟེར་བ་མ་གཏོགས། བླ་མ་མཁྱེན་ན་བླ་མའི་ཡོན་ཏན་དང་། སངས་རྒྱས་མཁྱེན་ན་སངས་ཀྱི་ཡོན་ཏན་དང་དེ་བཞིན་ཏུ་ཆོས་དང་དགེ་འདུན་གྱི་ཡོན་ཏན་ཇི་ལྟ་བུ་ཡིན་པ། ཐ་ན་དཀོན་མཆོག་རྗེས་དྲན་ཙམ་གྱི་ནང་དོན་གོ་མཁན་ཡང་། ང་ཚོ་ཁྱིམ་པ་ཚོའི་ནང་ན་དཀོན་མོ་ཡིན། དེ་ལྟ་ནའང་དེ་དག་གི་རྒྱུད་ལ་དད་པ་དང་སྙིང་རྗེ་བཅོས་མིན་ཞིག་ཡོད་པ་ནི་ཆེས་དགའ་འོས་པ་རེད།
སློབ་ཆེན་འགྲིམ་པའི་གང་ཟག་ལའང་དེ་ལྟ་བུའི་དད་པ་དང་སྙིང་རྗེ། ལྷག་བསམ་སོགས་ཅི་ཡང་མེད། ཕལ་ཆེ་བ་དེ་དེང་སང་ཁོར་ཡུག་དང་ཡུལ་ཁམས་གོམས་གཤིས་ཀྱི་རྐྱེན་ཀྱིས་དེ་རྒྱ་ནག་གི་ལྟ་བ་ཅན་དུ་འགྱུར་ཡོད། རྒྱ་ནག་གི་ལྟ་བ་ནི་ལྷ་མེད་མི་ཡི་ལྟ་བ་མ་གཏོགས་ལྟ་བ་གཞན་ཞིག་ཡོད་པ་མ་རེད། དེས་ན་ཁོར་ཡུག་གི་དབང་དུ་བྱས་ན་ཕལ་ཆེར་བ་ལ་དད་པ་དང་སྙིང་རྗེ་ཡང་མེད་རྒྱུ་གཞིར་བཞག་དང་། ནང་པ་སངས་རྒྱས་པའི་ཆོས་ལ་སློབ་སྦྱོང་བྱེད་མ་མྱོང་པ་གཞིར་བཞག་རེད། སློབ་གྲྭ་འགའ་རེར་སྙན་ངག་དང་སྡེབ་སྦྱོར། སུམ་རྟགས་དག་གསུམ་ཅུང་ཙམ་ཡོད་ཀྱང་དེ་ཡང་སློབ་ཆུང་དང་སློབ་འབྲིང་། སློབ་ཆེན་ཀུན་གྱི་ནང་ན་ཐ་རེ་ཐོར་ཙམ་སྟེ་དཔེར་ན། ཟོག་ཚོ་སྤྱང་ཀིས་བསད་ནས། ཤ་ལྤགས་རྣམས་དམ་མེ་དུམ་མེ་བྱས་སོང་བ་ལྟར། ནང་དོན་ཁ་ཐོར་ཉུང་ཙམ་ཡོད་པ་ལས། དོན་གྱི་སྟེང་ནས་ཞིབ་བལྟ་བྱས་ན། རང་གི་རྒྱུད་ལ་རིག་གནས་དེ་དག་གིས་ངེས་ཤེས་ལེགས་པོ་ཞིག་སྐྱེས་མེད། དེའི་ཕྱིར་ན་ང་ཚོའི་གཞོན་སྐྱེས་སུ་ཡིན་ནའང་རང་རྒྱུད་ལ་སྟོན་པ་གཞན་སྤངས་ནས། བཅོམ་ལྡན་འདས་ཁོ་ནར་སྐྱབས་སུ་འགྲོ་བ་ནི་ཆེས་གལ་ཆེ་སྟེ། ཇི་སྐད་དུ། བདག་ནི་སྟོན་པ་གཞན་སྤངས་ནས། །བཅོམ་ལྡན་ཁྱེད་ལ་སྐྱབས་འཆིས་པ། །དེ་ཅིའི་སླད་དུ་ཞེ་ན་ཁྱོད། །སྐྱོན་མི་མངའ་ལ་ཡོན་ཏན་ལྡན། །ཞེས་གསུངས་པ་ལྟར། བདག་གི་སྟོན་པ་གཞན་སྤངས་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཁྱེད་ལ་སྐྱབས་སུ་འགྲོ། སྐྱབས་སུ་འགྲོ་བའི་རྒྱུ་མཚན་དེ་གང་ཞེ་ན། ཤེས་རབ་རྣམ་པར་དག་པས་ཡོངས་སུ་བརྟགས་ན་བཅོམ་ལྡན་འདས་ཀྱི་ཆོས་ལུགས་དེ་ཡོན་ཏན་ཐམས་ཅད་དང་ལྡན་ལ། སྐྱོན་ཅི་ཡང་འཚོལ་རྒྱུ་མེད་པས་སོ། །འོན་ཀྱང་། དེང་སང་གི་གཞོན་སྐྱེས་འགའ་རེས་བཅོམ་ལྡན་འདས་ལ་ཡང་སྐྱོན་འཚོལ་བར་རློམ་ན། གཞན་བླ་མ་དགེ་བའི་བཤེས་གཉེན་བརྒྱུད་པ་ཐམས་ཅད་ལ་སྨྲོས་ཅི་དགོས། དེ་ཡང་མིག་ནི་རབ་རིབ་ཅན་གྱི་དམིགས་པ་ཡིས། །རབ་རིབ་མེད་ཤེས་ལ་གནོད་མིན་ཇི་ལྟར། །ཞེས་དབུ་མ་འཇུག་པའི་སྐབས་ན། རབ་རིབ་ཅན་གྱི་མིག་ཤེས་དེས་རབ་རིབ་མེད་པ་ལ་གནོད་མི་ཐུབ་ཙམ་བརྗོད་ཀྱང་། དེང་སང་ལོང་བ་ཚོས་མིག་ལྡན་ཚོར་ཁྱོད་ཀྱི་མཐོང་བ་དེ་འགྲིག་མེད། ཅེས་སྐྱོན་བརྗོད་ཀྱིན་ཡོད་པ་རེད། རང་གིས་དེང་སང་རྒྱ་ནག་གི་རབ་འབྱམས་པ་དང་ཞིབ་འཇུག་པ་ལ་སོགས་པའི་མིང་ཧ་ཅང་གྲགས་ཆེ་བ་ཚོར། ཁྱེད་ཚོས་བཅོམ་ལྡན་འདས་ཀྱི་གསུང་ལ་སྐྱོན་ཡོན་བསམ་པའམ། ནང་པ་སངས་རྒྱས་པའི་ཆོས་འདི་མི་འཐད་པ་རེད་བསམ་མཁན་ཚོས། དེ་ཐད་ཀར་ང་ཚོར་བགྲོ་གླེང་གྱིས་དང་། ང་ཚོ་ཚང་མར་གཏམ་བཤད་རང་དབང་ཡོད་པས་ཐད་ཀར་ལན་འདེབས་ཆོག་ཅེས་བཤད་མྱོང་། ཁོ་རང་ཚོར་དངོས་སུ་བརྗོད་བཅུག་ན་རྒྱུ་མཚན་ཅན་ཅི་ཡང་ཟེར་རྒྱུ་མི་འདུག བཤད་གྲྭ་འགྲིམ་པའི་དགེ་བཤེས་ཚོས་མི་ཚེ་གཅིག་གམ། ལོ་ཉི་ཤུ་སུམ་ཅུ་ནས་ལྔ་བཅུ་དྲུག་ཅུའི་བར་དུ་བགྲོ་གླེང་བྱས་ནས་འོང་བ་རེད། དེ་ལྟ་བུའི་བགྲོ་གླེང་ཅི་ཙམ་བྱས་པ་དེ་ལྟར། སངས་རྒྱས་པའི་ཆོས་ལ་ངེས་ཤེས་ཇེ་བས་ཇེ་སྐྱེ་ཡིན། ལོ་ཁ་ཤས་ཤིག་གི་སྔོན་ལ་ངས་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་བ་རྒྱ་ནག་གི་སྐད་ལ་བསྒྱུར་བ་ཡིན། དེའི་སྐབས་རང་གི་བསམ་ཚུལ་ལ་ང་ཚོ་བོད་ཀྱི་གཞོན་ནུ་རྣམས་ཀྱི་ནང་ན། ཤེས་རབ་རྣོན་པོ་མང་པོ་ཡོད་པས། དེ་དག་གིས་སྟོང་པ་ཉིད་ཀྱི་དོན་འདི་རྒྱུད་ལ་སྐྱེ་ན་ཅི་མ་རུང་སྙམ་པའི་ཡིད་སྨོན་མང་པོ་ཞིག་ཤོར་མྱོང་། ཕལ་ཆེར་ལོ་བརྒྱད་ཀྱི་སྔོན་ནས་རང་གིས་བཅོམ་ལྡན་འདས་ཀྱི་སྐྱེ་རབས་ཏེ། སྡེ་དགེ་པར་རིང་སྡེབ་མ500ཙམ་ཞིག་འདུག དེ་ཟླ5རིང་ཤ་མིན(厦门)གྲོང་ཁྱེར་ནས་རྒྱ་ཡིག་ཏུ་བསྒྱུར། དེ་དུས་རང་ཉིད་ལ་ཡང་བཅོམ་ལྡན་འདས་ཀྱི་མཛད་པ་དང་སྙིང་རྗེ། ཁྱད་པར་དུ་ཁོང་གི་སློབ་མ་ལམ་གྱི་གནས་སྐབས་ན་ཐུན་མོང་མ་ཡིན་པའི་ཡོན་ཏན་རྣམས་ལ། དད་པ་ལྡོག་མེད་ཅིག་རང་རྒྱུད་ལ་སྐྱེས་བྱུང་། དེར་བརྟེན་ངས་གཞན་ལའང་དེ་ལྟར་བཤད་ཀྱིན་ཡོད། ང་རང་གསོད་པ་ལ་ཐུག་ཀྱང་བཅོམ་ལྡན་འདས་ལ་དད་པ་ལྡོག་རྒྱུ་མ་རེད། དེའི་རྒྱུ་མཚན་ནི་ལག་ན་འཁོར་ལོ་བཟུང་བའི་ཁྱིམ་པ་ཕོ་མོ་ཚོའི་རྒྱུད་ཀྱི་དད་པ་དང་ངའི་རྒྱུད་ཀྱི་དད་པ་གཉིས་གཏན་ནས་མི་འདྲ་སྙམ། ཅིའི་ཕྱིར་ཞེ་ན། བདག་གིས་བཅོམ་ལྡན་འདས་ཀྱི་གླེང་གཞི་རེ་རེ་བཞིན་དུ་ཞིབ་འཇུག་གམ། སློབ་སྦྱོང་བྱེད་དུས་སྙིང་ཁུང་རུས་པའི་གཏིང་ནས་ངེས་ཤེས་སྐྱེས་པ་རེད།
དེ་ཡང་འཇིག་རྟེན་གྱི་ཁམས་ན་མི་གྲགས་ཅན་མང་པོ་ཡོད་པ་རེད། དེ་དག་ནང་ན་རང་གི་རྐང་ལག་དང་མིག་མཆིན་པ་སོགས་བྱིན་པའི་སྒོ་ནས། འགྲོ་བ་མི་འགའ་རེ་ལ་ཕན་ཐོག་མཁན་རེ་ཟུང་ཡོད་ཀྱང་། དེ་ནི་མི་ཚེ་གཅིག་གི་བྱ་བ་ཙམ་རེད། ངོ་མ་བཅོམ་ལྡན་འདས་ཀྱིས་ནི་ཚེ་རབས་མང་པོར། སེམས་ཅན་ལ་སྐུ་ལུས་ཀྱི་སྦྱིན་པ་སོགས་ཀྱིས་མཚོན་ན། ཁོང་གི་སྙིང་རྗེ་དང་ཤེས་རབ་ནི་དེ་ལས་འགྲན་ཟླ་བྲལ་བའི་ཁྱད་ཆོས་ཅན་ཞིག འཇིག་རྟེན་གྱི་ཁམས་སུ་བྱུང་མ་མྱོང་བ་ལྟ་བུ་ཡིན། བླ་མ་འགའ་རེས་ཁོང་རྟོགས་པ་མཐོན་པོ་ཡིན་གསུངས་པ་ལྟ་བུ་ང་ལ་ཅི་ཡང་མེད་ཀྱང་། སངས་རྒྱས་ལ་དད་པ་དང་དོན་ལ་དཔྱོད་པའི་ཤེས་རབ་ཕྲན་བུ་ཞིག བླ་མ་དགེ་བའི་བཤེས་གཉེན་ཚོའི་སྐུ་དྲིན་གྱིས་ཡོད་སྣང་ཤར། དེ་ནི་རང་ཉིད་ལ་མཚོན་ན་ཧ་ལས་པའི་རིན་ཐང་ཅན་ཞིག་ཡིན།
དེ་མ་ཡིན་པའི་འཛམ་བུ་གླིང་གི་རྒྱུ་རྫས་ལོངས་སྤྱོད་དག་ལ་ཡིད་སྨོན་ཀྱང་ཆེར་མི་འཆོར། མི་ཐོབ་ཆེན་མཐོན་པོ་དེ་ཚོ་མཐོང་ནའང་དེ་དག་ལ་ཡིད་སྨོན་པའི་བསམ་པ་ཅང་མི་འདུག དེས་ན་དེ་ལྟར་མི་སུ་དང་སུ་ཡིན་ཡང་། སྟོན་པ་བཅོམ་ལྡན་འདས་ཀྱི་གསུང་རྣམ་པར་དག་པ་དེ་ལ་ཡིད་ཆེས་བཅོས་མ་མ་ཡིན་པ་ཞིག་ཡོད་ན་དེ་ནི་ཆེས་རིན་ཐང་ཆེ་བ་དང་། གལ་ཆེ་དོན་ཆེན་ཞིག་རེད་སྙམ། དེ་བས་ཁྱེད་རྣམ་པ་ཚོས་གཙོ་བོར་བྱང་ཆུབ་སྤྱོད་འཇུག་ཆེན་མོའམ། ལམ་རིམ་དང་སྔོན་འགྲོ་སོགས་ཀྱི་གཞུང་གང་ཡིན་ཡང་། དེ་དག་ལ་རང་གར་གྱི་གོ་ལོ་ཐོས་ལོ་ཙམ་མ་ཡིན་པར། དངོས་སུ་རྒྱུགས་ལ་ཞུགས་རྒྱུའམ་འཆད་ཉན་བྱེད་རྒྱུ་དང་རྩོད་པ་བྱེད་རྒྱུ་སོགས་བྱུང་ན་ཧ་ཅང་གལ་ཆེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ལྟ་བ་སྟོང་ཉིད་དང་སྤྱོད་པ་འཚེ་མེད་དེ་ཡིན། བླ་མ་ཡིད་བཞིན་ནོར་བུས། རང་ཚུགས་མ་ཤོར། གཞན་སེམས་མ་དཀྲུགས། ཞེས་གསུངས་པ་དེའང་། ལྟ་བ་རྟེན་འབྱུང་གི་རང་ཚུགས་མ་ཤོར་བ་དང་སྤྱོད་པ་གཞན་ཕན་གྱིས་གཞན་སེམས་མ་དཀྲུགས།ཞེས་འགྲེལ་ཆོག དེང་སང་གངས་ཅན་ཆོས་སྲིད་གཉིས་ཀྱི་བདག་པོའི་བླ་མ་དག་གིས་ཀྱང་། གཙོ་བོར་སྟོང་ཉིད་ཀྱི་ལྟ་བ་དང་། གཞན་ཕན་གྱི་སྤྱོད་པ་གཉིས་གསུང་བཞིན་ཡོད། ཁྱེད་རྣམ་པ་གཞོན་སྐྱེས་སློབ་མ་ཚོའི་རྒྱུད་ལ་གཞན་ཕན་སྟོང་ཉིད་ཀྱི་ལྟ་བ་ཨེ་སྐྱེ་བལྟ་དགོས།
དེ་ཡང་དེང་སང་རྒྱ་ནག་གི་མི་མཁས་པ་འགས་ཟེར་བ་ལྟར། སྟོང་པ་ཉིད་ནི་རང་གར་གྱི་བུམ་པ་ནང་ལ་ཆུ་མེད་པ་ལྟ་བུ་ཡིན་ཞེས་པ་དང་། བྱང་ཆུབ་ཀྱི་སེམས་ནི། ཁྱོད་ཅག་སྙིང་རེ་རྗེ་བསམ་པའམ། རང་གི་ཉེ་འཁོར་ཚོ་ལ་བསམ་བཟང་བསྐྱེད་པ་ཙམ་ཡིན་ཞེས་པ་ལྟར་མ་ཡིན་པར། དོན་དངོས་ཐོག་ནས་ཡང་ནས་ཡང་དུ་ཐོས་བསམ་བྱས་ཏེ། རང་རྒྱུད་ལ་སྟོང་བ་རྟེན་འབྱུང་གི་ལྟ་བ་ཟབ་མོ་དང་གཞན་ཕན་བྱང་ཆུབ་ཀྱི་སེམས་སྐྱེས་པ་ལ་ཟེར། དེ་ནི་བོད་ཀྱི་འཕེལ་རྒྱས་ཏེ་ནང་གི་འཕེལ་རྒྱས་ཀྱང་ཡིན་ནང་གི་འཕེལ་རྒྱས་བྱུང་ན། ཕྱིའི་དངོས་པོ་འཕེལ་རྒྱས་རིམ་གྱིས་ཡོང་བ་ཡིན། དེ་ལྟ་བུའི་ལྟ་སྤྱོད་དེ་དག་དགེ་རྒན་རྣམ་པའི་རྒྱུད་ལ་སྐྱེས་ན། སློབ་མ་རྣམས་ཀྱང་རང་ཤུགས་ཀྱིས་དེ་ལྟར་འགྱུར་འོང་། གཞན་ཡང་སྤྱི་ཞབས་པ་དང་ཤེས་ཡོན་པ་སུ་དང་སུའི་རྒྱུད་ལ་འདི་དག་སྐྱེས་ན། དེས་རིམ་གྱིས་བྱ་བའམ་ཕན་པ་རྒྱ་ཆེན་པོ་འབྱུང་ངེས་ཅན་ཡིན། དེས་ན་ང་ཚོ་ནི་བླུན་པོ་ཐམས་ཅད་ཀྱི་རྗེས་སུ་མི་འཇུག་པར་རང་གི་རང་ཚུགས་འཛིན་དགོས་ཏེ། ཇི་སྐད་དུ། བླུན་པོ་མཁས་པའི་རྗེས་སུ་མི་འབྲང་ཡང་། །མཁས་པ་བླུན་པོའི་རྗེས་སུ་མི་འབྲང་བ། །འདི་ནི་མཁས་པའི་དམ་ཚིག་དང་པོ་སྟེ། །སྲོག་ལ་བབས་ཀྱང་འབད་པས་བསྲུང་བར་གྱིས། །ཞེས་དགེ་འདུན་ཆོས་འཕེལ་གྱི་གསུང་ལ་ཡང་ཧ་ཅང་གོ་དོན་ཡོད་དེ། བླུན་པོ་ཐམས་ཅད་ང་ཚོའི་རྗེས་ལ་མི་འབྲང་སྟེ། ཁོ་ཚོས་སངས་རྒྱས་བཅོམ་ལྡན་འདས་དང་བོད་ཆོས་མི་བདེན་ཟེར་བ་རེད། མཁས་པ་ཐམས་ཅད་ནི་བླུན་པོ་དེ་དག་གི་རྗེས་སུ་མི་འབྲང་། ཁྱེད་ཚོ་སློབ་གྲྭ་སོ་སོ་འགྲིམ་དུས་དེ་དག་གི་རྗེས་སུ་འབྲང་མི་རུང་། རང་གིས་རང་ཚུགས་བཟུང་ནས་ལྷག་བསམ་རྣམ་དག་གི་རང་གི་ནང་ཆོས་དང་། རང་གི་བོད་ཀྱི་རིག་གནས་དག་ལ་སློབ་སྦྱོང་བྱས་ཏེ་བྱ་བ་ཡང་དག་ཅིག་བསྒྲུབས་ན། དེ་མཁས་པའི་དམ་ཚིག་ཀྱང་ཡིན་ལ། དེ་ང་ཚོའི་བོད་ཀྱི་ལ་རྒྱ་ཡང་རེད། དེ་ལྟར་རྣམ་པ་ཚོར་དེ་རིང་གི་དུས་ཚོད་འདི་ལ་བརྟེན་ནས་སྙན་ཞུ་ཕྲན་ཙམ་བྱས་སོང་། མདོར་བསྡུས་ན་བོད་ཀྱི་ཤེས་ཡོན་པ་ཐམས་ཅད་ཀྱིས། ནང་པ་སངས་རྒྱས་པའི་ཆོས་འདི་ལ་ཐོས་བསམ་དང་ཞིབ་འཇུག་གཏིང་ཕྱིན་པ་ཞིག་བྱེད་རྒྱུ་ཡིན་ན། བོད་ཀྱི་ཕྱི་ནང་གི་འཕེལ་རྒྱས་ལ་ཕན་པ་རྒྱ་ཆེན་པོ་ཞིག་ཡོད་རྒྱུ་རེད་བསམ། ཞུ་སྙིང་གཙོ་བོ་དེ་ཡིན་དེ་མ་གཏོགས་མང་པོ་མི་བཤད། ཁྱེད་རྣམ་པ་ཚོ་བཀའ་དྲིན་ཆེ།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།