མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་དཔེ་ཀློག་འགྲན་བསྡུར་གྱི་བྱ་འགུལ་སྤེལ་བ།

རྩོམ་པ་པོ།:ཟླ་བ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-07-13 09:54:00 ཀློག་གྲངས།:


མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་དཔེ་ཀློག་འགྲན་བསྡུར་གྱི་བྱ་འགུལ་སྤེལ་བ།


དཔྱད་འདེམ་པའི་སྡེ།


དཔེ་ཀློག་མྱོང་ཚོར་གླེང་བ།


དཔེ་ཀློག་མྱོང་ཚོར་གླེང་བ།


དཔེ་ཀློག་མྱོང་ཚོར་གླེང་བ།


དཔེ་ཀློག་མྱོང་ཚོར་གླེང་བ།


དཔེ་ཀློག་མྱོང་ཚོར་གླེང་བ།


བྱ་དགའ་ཐོབ་པའི་སློབ་མ།

དཔེ་ཀློག་མྱོང་ཚོར་གླེང་བ།
ཡུལ་དངོས་ཀྱི་རྣམ་པ།

     དེ་ཡང་དཔེ་ཀློག་གིས་མིའི་བློ་གྲོས་མ་སྨིན་པ་སྨིན་པར་བྱེད་ཅིང་མི་ཞིག་གི་བསམ་པའི་དཔལ་ཡོན་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ་ལ། དཔེ་ཆ་ཡག་པོ་ཞིག་ལ་བལྟས་པས་མི་ཞིག་གི་འཚོ་སྟངས་རྨང་ནས་བསྒྱུར་ཏེ་འཚོ་བའི་ཁྲོད་དུ་ཉི་འོད་ཀྱིས་ཁྱབ་པར་བྱེད་པ་མ་ཟད། སློབ་གཉེར་བ་ཚོའི་སློབ་སྦྱོང་གི་འཚོ་བའི་ཁྲོད་དུའང་དཔེ་ཀློག་ནི་སློབ་སྦྱོང་གི་གྲོགས་མཆོག་ཡིན་ཏེ། སློབ་སྦྱོང་གི་བྱེད་ཐབས་དང་སྤུས་ཚད། བསླབ་འབྲས་སོགས་གོང་མཐོར་གཏོང་ཐུབ་ལ། སློབ་མའི་བསམ་བློ་དང་ཀུན་སྤྱོད་ཀྱི་བྱང་ཚད་ཀྱང་ཕྱོགས་ཡོངས་ནས་མཐོར་འདེགས་བྱེད་ཐུབ། དེ་བས་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་བསླབ་ཕྱིའི་དཔེ་ཀློག་གི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། སྤྱི་ཟླ7པའི་ཚེས6ཉིན་གྱི་ཕྱི་དྲོར། སློབ་གྲྭའི་འགོ་ཁྲིད་རྣམས་ཀྱི་བླ་ན་མེད་པའི་མཛུབ་ཁྲིད་འོག་དཔེ་ཀློག་ཚོགས་པས་གཙོ་སྒྲུབ་བྱས་པའི་སྐབས་གསུམ་པའི་ཀློག་པ་པོ་ཆུང་ཆུང་རྟགས་མའི་དཔེ་ཀློག་མྱོང་ཚོར་གཏམ་གླེང་འགྲན་བསྡུར་གཟབ་རྒྱས་ངང་སྤེལ་ཐུབ་པ་བྱུང་།
     ཐེངས་འདིའི་དཔེ་ཀློག་མྱོང་ཚོར་གཏམ་གླེང་འགྲན་བསྡུར་ལ་བརྒྱུད་དེ་སློབ་མའི་དཔེ་ཀློག་གི་འདུན་པ་ཇེ་དྲག་དང་སློབ་སྦྱོང་གི་གོ་རིམ་ཁྲོད་དཔེ་ཆ་བཟང་པོའམ་དཔེ་ཆ་ཚད་ལྡན་ཀློག་པར་གོམས་པར་བྱེད་པ་དང་། ད་དུང་སློབ་མ་ཚོར་བསླབ་ཕྱིའི་དཔེ་ཀློག་གི་སྤྲོ་བ་སྐྱེད་སྲིང་བྱེད་པར་ཕྱར་བ་གྲུ་འདེགས་ཀྱི་ཚུལ་གྱིས་ནུས་པ་མི་དམན་པ་ཐོན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།