མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་གནས་ཚུལ།
མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ནི1949ལོའི་ཟླ12པར་གསར་དུ་བཙུགས་ཤིང་། མཚོ་སྔོན་དུ་ཆེས་ཐོག་མར་བཙུགས་པའི་མཐོ་རིམ་སློབ་གྲྭ་དང་རྒྱལ་ཡོངས་སུ་སློབ་གྲྭ་བཙུགས་པ་ཆེས་སྔ་བའི་མི་རིགས་ཀྱི་སློབ་གྲྭ་ཆེན་མོ་ཞིག་ཡིན་ལ། རྒྱལ་ཡོངས་སུ་ཆེས་ཐོག་མའི་རབ་འབྱམས་པའི་ཤེས་ཡོན་མིང་བཏགས་དབང་ཆ་ཡོད་པའི་སློབ་གྲྭ་ཞིག་ཀྱང་ཡིན། 2000ལོའི་ཟླ11པར་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་གིས་ཐག་བཅད་ལྟར་དུ། མཚོ་སྔོན་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་དོན་དངོས་རང་བཞིན་གྱིས་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་བསྡུ་རུབ་བྱས། 2003ལོར། སློབ་གསོ་པུའུ་ཡིས་དངོས་གཞི་ཚན་ཁག་གི་དཔེ་ཁྲིད་བྱ་བའི་ཆུ་ཚད་ལ་དཔྱད་དཔག་བྱེད་སྐབས་སློབ་གྲྭར་བདེ་བླག་ངང་ཁས་ལེན་ཐོབ།
སློབ་གྲྭ་བཙུགས་ནས་ལོ་ངོ59འདས་པའི་རིང་དང་། མི་རབས་དུ་མས་འབད་བརྩོན་བྱས་པ་བརྒྱུད། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་རིམ་གྱིས་འཐུས་སྒོ་ཚང་བའི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་ཁོངས་གཏོགས་ཤིག་ཏུ་གྱུར་ཞིང་། ད་སྔ་སློབ་གླིང15དང་ཐད་གཏོགས་དཔེ་ཁྲིད་ཚན་ཁག4དང་། ཞིང་ཆེན་རིམ་པའི་ཚན་རིག་ཞིབ་འཇུག་གི་སྒྲིག་གཞི8དང་། སློབ་གྲྭ་རིམ་པའི་ཚན་རིག་ཞིབ་འཇུག་གི་སྒྲིག་གཞི15ཡོད་པ་དང་། ཆེད་སྦྱོང་རིག་གཞུང་ཚན་ཁག་ཕྱོགས་ལ་རྩོམ་རིག་དང་གནས་ལུགས་རིག་པ། ཁྲིམས་ལུགས་རིག་པ། དཔལ་འབྱོར་རིག་པ། དོ་དམ་རིག་པ། ལོ་རྒྱུས་རིག་པ། གསོ་བ་རིག་པ། བཟོ་རིག་པ་སོགས་བཀོད་སྒྲིག་བྱས་ཡོད། བོད་ཡིག་ཆེད་སྦྱོང་དང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་གཉིས་མཉམ་འབྲེལ་སྒོས་འབུམ་རམས་པ་སྐྱེད་སྲིང་བྱས་ཤིང་། ཞིང་ཆེན་ཡོངས་སུ་རམ་འབྱམས་པའི་ཤེས་ཡོན་མིང་བཏགས་དབང་ཆ་ལྡན་ཞིང་རིམ་པ་དང་པོའི་རིག་གཞུང་ཚན་ཁག་ཡོད་པ་གཅིག་པུ་ཡིན། རིམ་པ་གཉིས་པའི་རབ་འབྱམས་པའི་ཤེས་ཡོན་མིང་བཏགས་ཡོད་པའི་སྡེ་ཁག24དང་། ཆེད་སྦྱོང་རབ་འབྱམས་པའི་ཤེས་ཡོན་མིང་བཏགས་ཡོད་པའི་སྡེ་ཁག3དང་། དངོས་གཞི་ཚན་ཁག་གི་ཆེད་སྦྱོང་སྡེ་ཁག50དང་ཆེད་སྦྱོང་ངམ་ལས་རིགས་མཐོ་བའི་ཆེད་སྦྱོང་སྡེ་ཁག34ཡོད། རྒྱལ་ཡོངས་ཀྱི་ཞིང་ཆེན29(རང་སྐྱོང་ལྗོངས་དང་། ཐད་གཏོགས་གྲོང་ཁྱེར)ལ་ཁ་ཕྱོགས་ནས་སློབ་མ་སྡུད་ལེན་བྱེད་བཞིན་ཡོད། རིམ་པ་མང་ཞིང་བསླབ་ཚན་སྣ་མང་གི་སློབ་སྒྲུབ་ཀྱིས་རིམ་པ་ཁག་གི་ཆེད་སྦྱོང་ལག་རྩལ་མི་སྣ་དང་། དོ་དམ་མི་སྣ། ཞིབ་འཇུག་མི་སྣ་སྐྱེད་སྲིང་བྱེད་པའི་སྣ་འཛོམས་ཅན་གྱི་མཐོ་རིམ་སློབ་གྲྭ་ཞིག་ཡིན། མིག་སྔར་བསྡོམས་པས་བོད་དང་རྒྱ། ཧོས། ཧོར། ཟ་ལར། སོག་པོ་སོགས་མི་རིགས36དང་སློབ་མ10312ཡོད་ལ། དེའི་ཁྲོད་དུ་རབ་འབྱམས་པའི་ཞིབ་འཇུག་སློབ་མ780ཡོད། 2007ལོའི་ཚུན་ལ། སློབ་གྲྭས་རྒྱལ་ཁབ་ལ་རིགས་སོ་སོའི་ཤེས་ལྡན་མི་སྣ་ཁྲི་ཚོ6ལྷག་སྐྱེད་སྲིང་བྱས།
མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོས་དུས་རྣམ་ཀུན་ཏུ་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་པ་དང་། སློབ་གཉེར་གཟབ་ནན་དང་། སྤྱོད་བཟང་ཤེས་འཇོན་གྱི་དགེ་རྒན་ཆེ་མོ་སྐོར་ཞིག་དང་གསར་སྐྲུན་གྱི་སྙིང་སྟོབས་ལྡན་པའི་དར་གཞོན་མི་སྣའི་སློབ་ཚན་སྣེ་ཁྲིད་པ་དང་རིག་གཞུང་རྐང་འཛིན་པ་སྐོར་ཞིག་ཡོད། སློབ་གྲྭ་ཡོངས་ལ་དགེ་རྒན་དང་ལས་བཟོ་བ1220ཡོད་ལ། དེའི་ཁྲོད་དུ་ཆེད་འགན་འཛིན་པའི་དགེ་རྒན702དང་། རྒྱལ་ཁབ་རིམ་པའི་དཔེ་ཁྲིད་དགེ་རྒན་མིང་གྲགས་ཅན1དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཞོར་ཕོགས་ལོངས་སྤྱོད་བཞིན་པའི་ཆེད་མཁས་པ14དང་། ཞིང་ཆེན་རིམ་པའི་ཆེད་མཁས་པ7དང་། འབུམ་རམས་པའི་སློབ་དཔོན3དང་། རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་སྔོན་ཐོན་དར་མའི་དགེ་རྒན2
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com