ཐུན་ཏེ་རྫོང་མི་རིགས་སློབ་འབྲིང་གི་གནས་ཚུལ།

རྩོམ་པ་པོ།:བསོད་རྡོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2009-01-12 10:02:06 ཀློག་གྲངས།:

 

  ཐུན་ཏེ་རྫོང་མི་རིགས་སློབ་འབྲིང་ནི༡༩༧༦ལོར་བཙུགས་ཤིང་།  ད་ལྟའི་བར་ལོ་ངོ་སོ་གཅིག་རིང་གི་སློབ་སྒྲུབ་ལོ་རྒྱུས་ལྡན །  ལོ་ངོ་སོ་གཅིག་གི་རིང་ལ།  ཏང་གི་མི་རིགས་སློབ་གསོ་སྲིད་ཇུས་ཀྱི་སློབ་སྟོན་དང་།  རིམ་པ་སོ་སོའི་ཏང་སྲིད་ལས་ཁུངས་ཀྱི་འགོ་ཁྲིད་པའི་གཟིགས་སྐྱོང་འོག  རང་སློབ་གྲྭའི་བསམ་བློའི་སློབ་གསོ།  ཆེད་ལས་གསོ་སྦྱོང་དང་དཔྱད་ཞིབ་ནང་རྐྱེན་གཉིས་ཟུང་འབྲེལ་དམ་ཚགས་བྱས་ནས།  སྤུས་ཚགས་མཐོ་བའི་དགེ་རྒན་དཔུང་སྡེ་ཞིག་རིམ་གྱིས་འཛུགས་སྐྲུན་བྱས།  སློབ་གསོའི་དཔེ་ཁྲིད་ཁྲོད་ཕྱོགས་ཡོངས་ནས་ཏང་གི་སློབ་གསོའི་ལམ་ཕྱོགས་ལག་བསྟར་དང་།  སྐད་གཉིསསློབ་གསོ་རྒྱུན་འཁྱོངས་བྱས་ཏེ།  རང་གཤིས་ཕྱི་ངོམ་དང་།  ཤེས་བྱའི་ནུས་པ་འདོན་པའི་སློབ་རའི་རིག་གནས་ཀྱི་སྣང་ཚུལ་བསྐྲུན།  ད་ལྟའི་བར་བསྡོམས་པས་སློབ་མ༢༧༠༠ལྷག་སྐྱེད་བསྲིང་བྱས་ཤིང་།  དེའི་ཁྲོད་དུ་འབུམ་རམས་པའི་སློབ་མ༢དང་། རབ་འབྱམས་པའི་ཞིབ་འཇུག་སློབ་མ༣༨དང་།  དངོས་གཞི་ཚན་ཁག་གི་སློབ་ཐོན་པ༤༢༦དང་།  ཆེད་ཚན་སློབ་གྲྭ་ཆེན་མོའི་སློབ་མ༥༨༣དང་།  མཐོ་འབྲིང་སློབ་མ༧༣༠ལྷག་ཡོད་ལ།  རང་རྫོང་གི་མི་རིགས་སློབ་གསོའི་ལས་དོན་སྟེང་ཧུར་ཐག་གིས་བྱས་རྗེས་འཇོག་བཞིན་ལགས། 

  སློབ་གྲྭར་ད་ལྟ་དགེ་བཟོ་བ༥༦ཡོད།  དེའི་ཁྲོད་དུ་ཆེད་ལས་དགེ་རྒན༤༠དང་ལས་བཟོ་བ༡༠ཡོད།  དགེ་རྒན་ཁྲོད་ཞིབ་འཇུག་ཐོབ་ཐང་བླངས་ཡོད་པ༡དང་དངོས་གཞི་ཚན་ཁག་གི་ཐོབ་ཐང་བླངས་ཡོད་པ༡༧དང་།  ཆེད་ཚན་སློབ་གྲྭ་ཆེན་མོའི་ཐོབ་ཐང་བླངས་པ༢༢བཅས་ཡོད།  བོད་ཡིག་གི་ཆེད་ལས་དགེ་རྒན༨དང་།  རྒྱ་ཡིག་ཆེད་ལས་དགེ་རྒན༧དང་།  རྩིས་རིག་གི་ཆེད་ལས་དགེ་རྒན༨དང་།  དབྱིན་ཡིག་གི་ཆེད་ལས་དགེ་རྒན༥དང་།  དངོས་ལུགས་དང་རྫས་འགྱུར་གྱི་ཆེད་ལས་དགེ་རྒན༣དང་།  ཆབ་སྲིད་དང་ས་རྒྱུས་ཀྱི་ཆེད་ལས་དགེ་རྒན༢རེ།  ལོ་རྒྱུས་དང་ལུས་རྩལ་གྱི་ཆེད་ལས་དགེ་རྒན་སོ་སོར་༡རེ་བཅས་ཡོད།

 

  ད་ལྟ་སློབ་གྲྭར་བསྡོམས་པས་སློབ་མ༦༦༦ཡོད་ལ།  དེའི་ཁྲོད་དུ་བུད་མེད་སློབ་མ༢༠༥ཡོད།  བསྡོམས་པས་འཛིན་གྲྭ༡༥དང་བོད་ཡིག་དང་།  རྒྱ་ཡིག   རྩིས་རིག   དབྱིན་ཡིག  དངོས་ལུགས།  རྫས་འགྱུར།  ཆབ་སྲིད།  ལོ་རྒྱུས།  ས་རྒྱུས།  རྩིས་འཁོར།  ལུས་རྩལ།  གླུ་དབྱངས།  རི་མོ་སོགས་ཀྱི་བསླབ་ཚན་བཙུགས་ཡོད།  དེའི་ཁྲོད་དུ་རྒྱ་ཡིག་དང་དབྱིན་ཡིག་གཉིས་ལས་གཞན་པ་ཚང་མ་གྲངས་ཉུང་མི་རིགས་རང་ཉིད་ཀྱི་སྐད་ཀྱིས་འཆད་ཁྲིད་བྱེད་བཞིན་ཡོད།

 

   སློབ་རའི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ༣༣༩༧༥དང་།  འཛུགས་


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།