ཀོས་ནན་རྫོང་མི་རིགས་སློབ་འབྲིང་གི་གནས་ཚུལ།

རྩོམ་པ་པོ།:བསོད་རྡོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2009-01-14 10:47:39 ཀློག་གྲངས།:

  ཀོས་ནན་རྫོང་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཤར་ལྷོའི་ཕྱོགས་སུ་ཆགས་ཡོད་པ་དང་།  སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ༦༦༤༩.༧དང་མཚོ་ངོས་ལས་ཆ་སྙོམས་ཀྱི་མཐོ་ཚད་མུས༣༡༠༠ཡིན། རྫོང་ཡོངས་སུ་བསྡོམས་པས་མི་གྲངས༦༩༠༠༠ལྷག་ཡོད།  རྫོང་ཁོངས་སུ་ཞང་གྲོང་བརྡལ༦དང་།  སྲིད་འཛིན་སྡེ་བ༧༣ཡོད་པ་དང༌། བོད་རིགས་གཙོ་ཡིན་པའི་མི་རིགས་མང་པོ་འདུས་སྡོད་ས་ཁུལ་ཞིག་ཡིན་ཞིང་བོད་དང་རྒྱ།  ཧོས།  ཧོར་སོགས་མི་རིགས༡༢མཉམ་དུ་འཚོ།  དུས་ཡུན་རིང་བོར།  རིགས་སོ་སོའི་མི་རིགས་བར་མཐུན་སྒྲིལ་རོགས་རེས་དང་།  འཆམ་མཐུན་ཧུར་ལེན་བཅས་ཀྱིས་མི་རབས་ནས་མི་རབས་བར་དུ་བརྒྱུད །  ཀོས་ནན་རྫོང་ནི་མུ་གེ་ཐང་གི་འདབས་གཏིང་མང་ར་གྲམ་པའི་འགྲམ་དུ་ཆགས་ཡོད།

  ཀོས་རྫོང་མི་རིགས་སློབ་འབྲིང་ནི༡༩༧༦ལོའི་ཟླ༡༢པར་གསར་འཛུགས་བྱས་ཤིང་།  རྫོང་ཡོངས་ཀྱི་ཞང་དངགྲོང་བརྡལ༦གི་དམའ་འབྲིང་དང་།  མཐོ་འབྲིང་གི་གྲངས་ཉུང་མི་རིགས་ཀྱི་སློབ་མ་གསོ་སྐྱོང་བྱེད་པའི་ སློབ་གསོའི་ལས་འགན་ཕྲག་ཏུ་འཁུར་ཡོད།  ད་ལྟ་སློབ་གྲྭའི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ༣༨༥༠༠ཡོད་ལ།   སློབ་ཁྲིད་བཀོལ་ཁང་གི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ༢༣༩༧.༡༡དང༌།  སློབ་མའི་གཟིམ་ཁང་མུས་གྲུ་བཞི་མ༥༩༡༥.༤༤ཡིན།  ད་ཡོད་སློབ་ཁྲིད་ཐོག་ཁང་དང་གཞུང་ལས་ཁང་།  སློབ་ཁང་།  ཚོད་ལྟ་ཁང་།  དཔེ་མཛོད་ཁང་།  དཔེ་ཀློག་ཁང་།  སྨྱན་བྱེད་སྐད་གདངས་ཁང་།  རྩིས་འཁོར་ཁང་སོགས་གཞི་གཅིག་ཏུ་སྦྲེལ་བའི་སྣ་འཛོམས་སློབ་ཁྲིད་ཐོག་ཁང༢ཡོད།  སློབ་གྲྭའི་ཁོངས་སུ་ཏང་ཀྲི་པུའུ་དང༌།  སློབ་གཙོ་ཁང༌།    སློབ་སྟོན་ཁྲུའུ།  སྲིད་སློབ་ཁྲུའུ།   སྤྱི་གཉེར་ཁྲུའུ།   སློབ་གསོའི་བཟོ་ཚོགས།  གུང་གཞོན་ཚོགས་ཨུ།  ལོ་རིམ་ཚན་ཁག  ཁྲིད་དཔྱོད་ཚན་ཁག་སོགས་བཙུགས་ཡོད།  བོད་ཡིག་དང་རྒྱ་ཡིག  རྩིས་རིག  རྫས་དངོས་བཅས་སློབ་དཔྱོད་ཁང་ལྔ་ཡོད།  བོད་ཡིག་དང་རྒྱ་ཡིག  རྩིས་རིག  ཆབ་སྲིད།  དབྱིན་ཡིག  ས་རྒྱུས།  དངོས་ལུགས།  རྫས་འགྱུར།  ལུས་རྩལ།  སྐྱེ་དངོས།  གླུ་དབྱངས།  རི་མོ།  རྩིས་འཁོར།  ངལ་རྩོལ་ལག་རྩལ་བཅས་བསྡོམས་པས་བསླབ་ཚན་༡༥ལྷག་ཡོད།  སློབ་མའི་ཡོང་ཁུངས་ནི་རྫོང་ཡོངས་ཀྱི་ ཞང་གྲོང་བརྡལ༦གི་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་བྱིས་པ་ཡིན།  སློབ་གྲྭ་ཡོངས་ལ་བསྡོམས་པས་དཔེ་ཁྲིད་འཛིན་གྲྭ༢༢དང་སློབ་མ༡༡༠༥ལྷག་ཡོད།  ལས་རྐང་དགེ་རྒན༨༡ཡོད་ལ།  དེའི་ཁྲོད་དུ་ཆེད་ལས་དགེ་རྒན༦༥ཡོད་དེ་སློབ་གྲྭའི་དགེ་རྒན་གྱི་དཔུང་ཤུགས་ཅུང་ཆེན་པོ་ཡིན།  ཞིབ་འཇུག་སློབ་མའི་ཐོབ་ཐང་ཅན༥དང་སློབ་གྲྭ་ཆེན་མོའི་ཐོབ་ཐང་ཅན༢༢དང་།  དངོས་གཞིའི་ཚན་ཁག་གི་ཐོབ་ཐང་ཅན༣༤བཅས་ཡོད།   ཆེད་ལས་དགེ་རྒན་ཐོབ་ཐང་གི་ཚད་མཐུན་ཚད༩༥ཡན་ལ་སླེབས་ཡོད་པ་དང་།  འབྲིང་རིམ་སློབ་གྲྭའི་མཐོ་རིམ་དགེ་རྒན༧དང་།  འབྲིང་རིམ་དགེ་རྒན༤༩དང་།  དགེ་བཟོ་བའི་ཁྲོད་ཏང་ཡོན༡༧བཅས་ཡོད།  ཀྲུང་གུང་དགེ་སློབ་གུང་གཞོན་ཚོགས་མི༣༤༠ཡོད།

  སྤུས་ཚད་སློབ་གསོའི་ལག་ལེན་ཁྲོད།  ངེད་སློབ་གྲྭསམི་ནི་མ་རྩར་བཟུང་ནས།  ཕྱོགས་ཡོངས་གོང་དུ་སྤེལ་བའིསློབ་སྒྲུབ་བསམ་བློ་བཙུགས་ཏེ།  སློབ་མར་སྤྱི་ཚོགས་ཀྱི་རིག་གནས་སྣ་ཚོགས་པའི་སྙིང་སྟོབས་གསོ་སྦྱོང་བྱེད་པ་གནད་སར་བཞག་ཅིང་།  སྤྱི་ཚོགས་ཀྱི་རིག་གནས་སྣ་ཚོགས་པའི་སྙིང་སྟོབས་གསོ་སྦྱོང་བྱེད་པ་དམིགས་འབེན་དུ་བཟུང་སྟེ།  སྤྱི་ཚོགས་ཀྱི་རིག་གནས་སྣ་ཚོགས་པའི་སྙིང་སྟོབས་ཀྱི


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།