མཚོ་ལྷོ་ཁུལ་ལས་རིགས་སློབ་གྲྭའི་གནས་ཚུལ་མདོར་བསྡུས།

རྩོམ་པ་པོ།:བསོད་རྡོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2009-01-15 11:13:14 ཀློག་གྲངས།:

 

 ༢༠༠༤ལོར།  ཁུལ་ཨུ་དང་།  ཁུལ་སྲིད་གཞུང་གིས་ལས་རིགས་སློབ་གསོའི་གོང་སྤེལ་འཆར་འགོད་གཞིར་བཟུང་ནས།  སློབ་གསོ་སྡེ་ཁག་ཇེ་ལེགས་སུ་གཏོང་བ་དང་།  སློབ་གསོའི་ཐོན་ཁུངས་ལེགས་སྒྲིག་གིས།  སྔོན་ཆད་ཀྱི་མཚོ་ལྷོ་ཁུལ་འཕྲོད་བསྟེན་སློབ་གྲྭ་དང་མཚོ་ལྷོ་ཁུལ་མི་རིགས་ལས་རིགས་སློབ་གྲྭ་གཉིས་གཅིག་བསྡུས་ཀྱིས།  མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་སྒྲིག་འཛུགས་བྱས།

  ངེད་སློབ་གྲྭ་ནི་སློབ་གཉེར་གྱི་བརྒྱུད་རིམ་དང་དུས་ཐུང་གསོ་སྦྱོང་གཉིས་གཞི་གཅིག་ཏུ་འདྲེས་པའི་སྣ་འཛོམས་རང་བཞིན་གྱི་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་ཞིག་སྟེ།  སློབ་གྲྭའི་རྒྱ་ཁྱོན་ལ་མུའུ༡༩༡.༥ལྷག་ཡོད་ལ།  ད་ལྟ་དགེ་བཟོ་བ༧༥ཡོད།  དེའི་ཁྲོད་དུ་ཆེད་འཛིན་དགེ་རྒན་༥༨མཐོ་རིམ་གོ་མིང་ཅན༢༠དང་འབྲིང་རིམ་གོ་མིང་ཅན༡༤དང་།  ཆེད་སྦྱོང་ཡན་གྱི་སློབ་རིམ་ཅན༥༤ཡོདདང་རླངས་འཁོར་རྩལ་འཁྲིད་པ༧ མཐོ་རིམ་ལག་རྩལ་པ༣ཡོདདཔེ་རྩལ་གཉིས་ཁྲིད་ཀྱི་དགེ་རྒན་ཡིན།  དགེ་རྒན་གྱིས་ཆེད་འཛིན་དགེ་རྒན་གྱིས༢༥ཟིན།  སློབ་གཉེར་བརྒྱུད་རིམ་གྱི་སློབ་གསོ་མྱངས་བཞིན་པའི་སློབ་མ༡༥༣༦ལྷག་དང་། དཔེ་ཁྲིད་འཛིན་གྲྭ༣༧བཀར་ཞིང་།  ཆེད་ལས་བསླབ་ཚན༡༥བཙུགས་ཡོད།  ལོ་རེར་དུས་ཐུང་གསོ་སྦྱོང་མྱོང་བའི་སློབ་མ༢༦༠༠ལྷག་ལ་སླེབས།  དེའི་ཁྲོད་དུ་ཞིང་བ་ཁྲོད་ནས་འོང་བའི་བཟོ་བས༨༠ཡན་ཟིན།  དཔེ་ཁྲིད་དང་།  དངོས་སྦྱོང་སྒྲིག་ཆས་ཕྱོགས་ལ་མ་དངུལ་སྒོར་ཁྲི་ཚོ༡༡༣བཏང་ཡོད།

  སློབ་གྲྭསཞིང་ཆེན་ཡོངས་ཀྱི་གྲོང་གསེབ་གྱི་སྨན་པ་གསོ་སྦྱོང་གནས་ལྟེ་དངཞིང་ཆེན་འཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གླིང་མཚོ་ལྷོ་ཡན་ལག་སློབ་གྲྭ་དང་།  ཞིང་ཆེན་ཡོངས་ཀྱི་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་ནད་ཐོག་སྨན་བཅོས་ལག་རྩལ་རྐང་འཛིན་པ་གསོ་སྦྱོང་གཏན་འཁེལ་སློབ་གྲྭ་དང་།  མཚོ་ལྷོ་ཁུལ་རྒྱལ་ཁབ་ལས་རིགས་ལག་རྩལ་ཞིབ་བཤེར་ཁང་དངམཚོ་ལྷོ་ཁུལ་རླངས་འཁོར་ཁོ་ལོ་བ་གསོ་སྦྱོང་སློབ་གྲྭ་དང་།”  “མཚོ་ལྷོ་ཁུལ་ཉི་འོད་ཨར་བཟོ་གསོ་སྦྱོང་གནས་གཞི།”  “ཡྰེ་ལྰོ་འཆར་གཞི་གསོ་སྦྱོང་གནས་གཞིལ་སོགས་པའི་འགན་ནུས་ཕྲག་ཏུ་འཁུར་ཡོད།  མཚོ་ལྷོ་ཁུལ་རྒྱལ་ཁབ་ལས་རིགས་ལག་རྩལ་ཞིབ་བཤེར་ཁང་གིས་ལས་རིགས༡༧ལ་ལས་རིགས་ལག་རྩལ་ཕྱོགས་ཀྱི་ཞིབ་བཤེར་བྱས་ཆོག་པ་དང་།  སློབ་གྲྭས་ད་དུང་མཚོ་ལྷོ་ཁུལ་གསོ་རིགས་སློབ་གསོ་དང་སྡེ་བའི་སྨན་པ་གསོ་སྦྱོང།  ཞིང་བའི་ཁྲོད་ནས་འོང་བའི་ངལ་རྩོལ་ནུས་ཤུགས་སྒྱུར་བ།  ལས་གནས་ལས་བུད་པ་ཡང་བསྐྱར་ངལ་རྩོལ་ལ་ཞུགས་པ་སོགས་ཀྱི་ལས་རིགས་ལག་རྩལ་གསོ་སྦྱོང་འགན་འཁྲི་དང་དུ་བླངས་ཡོད་པ་དང་།  སྔ་རྗེས་སུརྒྱལ་ཡོངས་ཀྱི་གྲོང་གསེབ་སྨན་པའི་སློབ་གསོ་སྔོན་ཐོན་ཐུན་མོང་དང་ཞིང་ཆེན་ཡོངས་ཀྱི་གསོ་རིགས་སློབ་གསོའི་སྔོན་ཐོན་ཐུན་མོངལ་བདམས་པ་དང་།  ༢༠༠༤ལོར་ཞིང་ཆེན་སློབ་གསོ་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་གནད་སའི་འབྲིང་རིམ་ལས་རིགས་སློབ་གྲྭརབདམས།

  སློབ་གྲྭའི


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།