གཡུར་དུ་ཟ་བའི་ཐུན་རིན་རྫོང་མི་རིགས་སློབ་འབྲིང་།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ ། དུས་ཚོད།:2009-02-03 11:26:02 ཀློག་གྲངས།:

 

  ཐུན་རིན་རྫོང་མི་རིགས་སློབ་འབྲིང་ནི་༡༩༧༥ལོའི་ཟླ༨པར་ཐུན་རིན་རྫོང་རོང་བོ་དགུ་ཆུའི་ཤར་ཕྱོགས་སུ་གསར་དུ་དབུས་བརྙེས་ཤིང་།   ༡༩༨༢ལོར་མཐོ་འབྲིང་འཛིན་གྲྭ་གཉིས་བསྡུས་པ་ནས་བཟུང་།  རེབ་གོང་ས་ཁུལ་ན་རྒྱ་ཁྱོན་ཆེས་ཆེ་བའི་དམའ་འབྲིང་དང་མཐོ་འབྲིང་གཉིས་འཛོམས་ཀྱི་སློབ་འབྲིང་ཉག་གཅིག་ཏུ་གྱུར་བའི་ཁར།   རང་ཁུལ་གྱིསྐད་གཉིསསློབ་ཁྲིད་ཀྱི་ཚོད་ལྟའི་སློབ་གྲྭ་དང་།   སློབ་ཁྲིད་བཅོས་སྒྱུར་གྱི་ཚོད་ལྟའི་སློབ་གྲྭ།  མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དངོས་སྦྱོང་བྱེད་སའི་གནས་གཞི།   ཞང་ཀང་སློབ་ཆེན་ཏེ་མཚོ་སྔོན་དགེ་འོས་སློབ་ཆེན་མཉམ་ལས་འབྲེལ་བའི་ཚོད་ལྟའི་གནས་གཞི་སོགས་ཡིན་པས།  ཞིང་ཆེན་རིམ་པ་དང་ཁུལ།   རྫོང་རིམ་པའི་སྲིད་གཞུང་གིཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་སྔོན་ཐོན་སྡེ་ཁགདང་།   ཞིང་ཆེན་ཡོངས་ཀྱི་མི་རིགས་ལུས་རྩལ་སྔོན་ཐོན་སྡེ་ཁགདང་།   སྔོན་ཐོན་སློབ་གྲྭསོགས་ཀྱི་མཚན་སྙན་གཅིག་མིན་དུ་མ་ཐོབ་མྱོང་ངོ་།།

  མི་རིགས་སློབ་འབྲིང་འདིའི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ༣༢༠༠༡ཡོད་ཅིང་།   འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ༡༢༠༡༠ཡོད་ལ།   སྣ་འཛོམས་ཐོག་ཁང་ཆེན་མོའི་གཞུང་ཤག་ཁང་གཅིག་དང་སློབ་ཁྲིད་ཐོག་ཁང་ཆེན་མོ་གཉིས།   སློབ་མའི་མལ་ཁང་གི་ཁང་བརྩེགས་བཞི་བཅས་ཡོད་པ་མ་ཟད།   ད་དུང་དངོས་ལུགས་དང་རྫས་འགྱུར།   སྐྱེ་དངོས་རིག་པའི་ཚོད་ལྟ་ཁང་།   དཔེ་མཛོད་ཁང་།   གློག་ཀླད་ཁང་།   སྐད་གདངས་ཉན་ཞིབ་ཁང་།   སྣ་མང་སྨྱན་སྦྱོར་རྩིས་འཁོར་ཁང་སོགས་ཡོད།

  སློབ་གྲྭ་འདིར་རྒྱལ་ཁབ་རིམ་པའི་བསླབ་གཞིའི་གཏན་འཁེལ་ལྟར་བསླབ་གཞི༡༥བཀོད་སྒྲིག་བྱས་ཡོད་ཅིང་།   རྒྱ་ཡིག་དང་དབྱིན་ཡིག་ལས་གཞན་པའི་བསླབ་གཞི་ཚང་མ་བོད་སྐད་ཡིག་གིས་ཁྲིད་བཞིན་ཡོད།   ༢༠༠༣ལོའི་ཟླ༣པ་ནས་མགོ་བརྩམས་ཏེ་ས་གནས་བསླབ་གཞི་སྟེརེབ་གོང་སྒྱུ་རྩལགྱི་མཛེས་རྩལ་རི་མོའི་བསླབ་གཞི་ཁ་སྣོན་བྱས་ཡོད།

  མིག་སྔར་སློབ་གྲྭ་འདིར་འཛིན་གྲྭ༢༦ཡོད་ཅིང་།  དེའི་ནང་དུ་དམའ་འབྲིང་འཛིན་གྲྭ་དང་མཐོ་འབྲིང་འཛིན་གྲྭ༡༣རེ་ཡོད།  སྤྱི་བསྡོམས་པས་སློབ་མ༡༢༣༠ཚང་མ་གཏན་སྡོད་སློབ་མཡོད་ཅིང་།   ད་ཡོད་ཀྱི་འཛིན་གྲྭའི་གྲངས་ཀ་དང་སློབ་མའི་ཁ་གྲངས་ནི་སློབ་གྲྭ་བཙུགས་པའི་ཚུན་ཆད་ནས་ཆེས་མཐོ་བའི་ཟིན་ཐོ་ཡིན་པ་དང་།   ལས་བཟོ་པ༩༨དང་དེའི་ཁྲོད་དུ་དགེ་རྒན༨༡ཡོད།   སྤྱི་གཉེར་མི་སྣ༡༧ཡོད།   དགེ་རྒན་གྱི་དཔུང་སྡེའི་ཕྱོགས་ནས་ཞིབ་འཇུག་སློབ་མའི་སློབ་ཚན་ནས་མཐར་ཕྱིན་པའི་དགེ་རྒན༡༦དང་།   དངོས་གཞིའི་ཚན་ཁག་ནས་མཐར་ཕྱིན་པའི་དགེ་རྒན་༣༤དང་།   མཐོ་རིམ་ཆེད་སྦྱོང་ཚན་ཁག་ནས་མཐར་ཕྱིན་པའི་དགེ་རྒན༢༨ཡོད་པས་དགེ་རྒན་གྱི་སློབ་ཐོན་ཚད་ལྡན་བསྡུར་ཚད༩༨སླེབས་ཡོད།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།