མདུན་དུ་སྐྱོད་བཞིན་པའི་ཡུལ་ཤུལ་ཁུལ་མི་རིགས་དགེ་འོས་སློབ་གྲྭ།

རྩོམ་པ་པོ།:ཡེ་ཅིན་ལུའུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ ། དུས་ཚོད།:2009-02-05 16:45:45 ཀློག་གྲངས།:

  ཡུལ་ཤུལ་ཁུལ་མི་རིགས་དགེ་འོས་སློབ་གྲྭ་ནི༡༩༥༧ལོའི་ཟླ༡༠བའི་ཚེས༨ཉིན་ལ་བཙུགས་ཤིང་།  སློབ་གྲྭའི་རྒྱ་ཁྱོན་ལ་མུའུ༢༡༡.༩དང་ཁང་བའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ༡༡༤༦༩ཡོད།  སློབ་གྲྭ་ཐོག་མར་འཛུགས་སྐབསཡུལ་ཤུལ་ཁུལ་མི་རིགས་དམའ་རིམ་དགེ་འོས་སློབ་གྲྭཟེར་ཞིང་།  སྐབས་དེར་སློབ་ཁང་གསུམ་དང་གཞུང་སྒྲུབ་ཁང་།  དགེ་སློབ་ཀྱི་འདུག་ཁང་བཅས་བཅུ་གཉིས་ཙམ་ཡོད་པ་དང་།  དགེ་བཟོ་བ༢༧ནང་དུ་ཆེད་གཉེར་དགེ་རྒན༤དང་སློབ་མ༢༦ཡོད།  ༡༩༦༢ལོར་སློབ་གྲྭའི་མིངཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་རིགས་དགེ་འོས་སློབ་གྲྭལ་བསྒྱུར།  ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ་ནས་བཟུང་།  རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་སློབ་གསོ་གཙོ་གཉེར་སྡེ་ཁག་གིས་རྒྱུན་མི་ཆད་པར་སློབ་གྲྭར་གཏོང་དངུལ་ཇེ་མང་དུ་བཏང་།  ༡༩༩༠ལོར་འཛུགས་སྐྲུན་གྱི་རྒྱ་ཁྱོན་སྨི་གྲུ་བཞི་མ༢༧༥༥.༩༢ཡོད་པའི་སློབ་ཁྲིད་ཐོག་ཁང་ཞིག་དང་སྨི་གྲུ་བཞི་མ༢༡༠༤.༦ཡོད་པའི་ཕྱོགས་བསྡུས་ཚོད་ལྟའི་ཐོག་ཁང་ཞིག་འཛུགས་སྐྲུན་བྱས་པས།  སློབ་གྲྭའི་སློབ་སྒྲུབ་ཀྱི་ཆ་རྐྱེན་ལེགས་བཅོས་བྱུང་།  ད་ལྟ་སློབ་གྲྭའི་གཏན་འཇགས་རྒྱུ་ནོར་གྱི་རིན་ཐང་བསྡོམས་འབོར་སྒོར་ཁྲི་ཚོ༤༠༠ལྷག་ཏུ་བསླེབས་པ་དང་།  རིགས་སྣ་ཚོགས་ཀྱི་སློབ་ཁྲིད་དཔྱད་ཆས་དང་སྒྲིག་ཆས་ཀྱི་རིན་ཐང་སྒོར་ཁྲི་ཚོ༤༠ལྷག་ཏུ་བསླེབས་ཤིང་།  དཔེ་རིགས་དེབ༤༦༠༠༠ལྷག་ཡོད།  ༡༩༩༡ལོར་མི་རིགས་དགེ་འོས་སློབ་གྲྭར་འཁོར་སྐར་སློབ་གསོ་བརྙན་འཕྲིན་བརྒྱུད་གཏོང་ས་ཚིགས་བཙུགས་པ་དང་།  སློབ་ཁྲིད་འཛིན་གྲྭ་རེ་རེར་དབྱིན་ཚུན༢༠ཅན་གྱི་ཚོན་ལྡན་བརྙན་འཕྲིན་གཅིག་རེ་བཀོད་སྒྲིག་བྱས།   སློབ་མའང་སློབ་གྲྭ་ཐོག་མར་འཛུགས་སྐབས་ཀྱི༢༦དེ་༩༤༣དུ་མང་འཕར་བྱུང་ཞིང་།  སྐབས་དེའི་ལྡབ༣༦.༣ཡིན།  དེའི་ནང་དུ་བོད་རིགས་སློབ་མས༨༣ཟིན།  དགེ་བཟོ་བ༧དེ༡༤༠རུ་མང་འཕར་བྱུང་ལ།  སྐབས་དེའི་ལྡབ༢༡ཡིན།  དེའི་ནང་གི་ཆེད་གཉེར་དགེ་རྒན༤དེ༨༩རུ་མང་འཕར་བྱུང་ཞིང་།  སྐབས་དེ་ལས་ལྡབ༢༢.༣འཕར།  སློབ་ཁྲིད་འཛིན་གྲྭ༡༨ཡོད་པ་དང་དགེ་རྒན་༨༨ལ་ཆེད་ལས་ལག་རྩལ་གྱི་གོ་གནས་ཐོབ་པས།  དེས་སློབ་གྲྭ་ཡོངས་ཀྱི་དགེ་བཟོ་བའི་སྡོམ་གྲངས་ཀྱི༦༡.༧ཟིན།  ༡༩༩༥ལོའི་ཟླ༧པའི་བར་དུ་མི་རིགས་དགེ་འོས་སློབ་གྲྭས་དམའ་རིམ་དང་འབྲིང་རིམ་དགེ་འོས་སློབ་གྲྭའི་མཐར་ཕྱིན་སློབ་མ༤༡༨༥དངདེའི་ནང་གི་བོད་རིགས་སློབ་མས༨༥ཟིན།  བོད་ཡིག་ཆེད་སྦྱོང་སློབ་གྲྭའི་མཐར་ཕྱིན་སློབ་མ༨༨སྐྱེད་སྲིང་བྱས་ཤིང་།  མཐར་ཕྱིན་སློབ་མ་དེ་དག་གི་ནང་དུ་མི༡༤ཡིས་ཐིན་རིམ་པའི་མགོ་ཁྲིད་ལས་འགན་ཁུར་ཡོད་པ་དང་།  མི༡༠༠ཡིས་རྫོང་རིམ་པའི་མགོ་ཁྲིད་ལས་འགན་འཁུར་ཡོད།  ད་དུང་མཐར་ཕྱིན་སློབ་མ་ཁ་ཤས་དམག་ལ་ཞུགས་པ་དང་མཐོ་རིམ་སློབ་གྲྭར་ཟབ་སྦྱོང་བྱས་པ་བརྒྱུད་ནས།  དམག་དཔུང་དང་སྡེ་ཁག་གི་མགོ་ཁྲིད་ལས་འགན་འཁུར་བའམ་བྱེད་སྒོའི་རྐང་འཛིན་པར་གྱུར་ཡོད་པ་དང་།  མཐར་ཕྱིན་སློབ་མ་གསུམ་ནི་ཀྲུང་གོའི་བོད་རིགས་པའི་ཆེད་སྦྱོང་གི་རབ་འབྱམས་པ་དང་འབུམ་རམས་པ་ཡིན་ཞིང་།  མཐར་ཕྱིན་སློབ་མ་ལ་ལར་རྒྱལ་ཁབ་རིམ་པའིབྱས་རྗེས་གཟེངས་སུ་ཐོན་པའི་དར་མ་དང་ན་གཞོན་ཆེད་མཁས་ཡོན་ཏན་པདངཆེས་མཐོའི་དགེ་རྒན་སོགས་ཀྱི་མཚན་སྙན་ཐོབ།  ཁུལ་ཡོངས་ཀྱི་ཁུལ་ཐད་གཏོགས་ལས་ཁུངས་དང་།   རྫོང་དྲུག་དང་གྲོང་བརྡལ་ཞེ་བརྒྱད་བཅས་ཀྱི་མགོ་ཁྲིད་ཚན་ཁག་ནང་དུ་ཁུལ་མི་རིགས་དགེ་འོས་སློབ་གྲྭའི་མཐར་ཕྱིན་སློབ་མའི་སུམ་ཆའི་གཅིག་ཟིན་ཞིང་།  ཁུལ་ཐད་གཏོགས་སློབ་གྲྭ་སོ་སོའི་དགེ་རྒན་གྱི་ནང་དུ་མི་རིགས་དགེ་འོས་སློབ་གྲྭའི་མཐར་ཕྱིན་སློབ་མས༥༠ཡན་ཆད་ཟིན་པ་དང་།  རྫོང་རིམ་པའི་མི་རིགས་སློབ་འབྲིང་ནང་དུ༧༠ཡན་ཆད་ཟིན་ཡོད་ལ།  ཁུལ་ཡོངས་ཀྱི་སློབ་ཆུང༡༠༠ལྷག་གི་ནང་དུ༨༥ཡན་ཆད་ཟིན་ཡོད།  བྱས་རྗེས་དང་གྲུབ་འབྲས་དེ་དག་ནི་ཏང་དང་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་དང་མི་རིགས་སོ་སོའི་མི་དམངས་ཀྱི་ཤུགས་ཆེན་རྒྱབ་སྐྱོར།  མི་རིགས་དགེ་འོས་སློབ་གྲྭའི་མགོ་ཁྲིད་དང་དགེ་སློབ་ཡོངས་ཀྱི་འབད་བརྩོན་ཆེན་པོ་བཅས་དང་འབྲལ་མི་ཐུབ།  སློབ་གྲྭ་བཙུགས་ནས་བཟུང་།  སློབ་གྲྭའི་མགོ་ཁྲིད་པས་སློབ་མའི་ཀུན་སྤྱོད་དང་ཤེས་རིག    ལུས་ཕུང་།  མཛེས་རྩལ།  ངལ་རྩོལ་སོགས་སྒོ་ཀུན་ནས་གོང་དུ་འཕེལ་བར་ཧ་ཅང་མཐོང་ཆེན་བྱས།

  གཅིག  ཀུན་སྤྱོད་སློབ་གསོར་ཤུགས་བསྣན་ཏེ།  དགེ་སློབ་རྣམས་ཀྱི་ཆབ་སྲིད་བསམ་བློའི་གོ་རྟོགས་མཐོ་རུ་བཏེགས།  སློབ་གྲྭས


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།