བོད་ལྗོངས་སློབ་གྲྭ་ཆེན་མོས་སློབ་རའི་གླུ་བ་བཅུའི་འགྲན་བསྡུར་བྱ་འགུལ་ཞིག་སྤེལ་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-10-19 09:57:00 ཀློག་གྲངས།:


གླུ་གཞས་འགྲན་བསྡུར་བྱེད་པའི་ཡུལ་དངོས།

         ཉེ་ལམ།  སློབ་མ་རྣམས་ཀྱི་སློབ་སྦྱོང་འཚོ་བ་ཕུན་སུམ་ཇེ་ཚོགས་དང་། སློབ་མའི་ཕྱོགས་གང་ཐད་ཀྱི་འཕེལ་རྒྱས་ལ་ཡར་སྐུལ་ཆེན་པོ་བྱེད་ཆེད།  བོད་ལྗོངས་སློབ་གྲྭ་ཆེན་མོས2011ལོའི་སློབ་རའི་གླུ་བ་བཅུའི་རྟིང་རྩོད་འགྲན་བསྡུར་གྱི་བྱ་འགུལ་ཞིག་སྤེལ་པ་རེད།


གླུ་གཞས་འགྲན་བསྡུར་བྱེད་པའི་ཡུལ་དངོས།


བུ་མོ་འགྲན་ཞུགས་པས་གླུ་གཞས་ལེན་བཞིན་པ།

         ཐེངས་འདིའི་འགྲན་བསྡུར་སྟེང་ཡོངས་སུ་ཞུགས་པའི་གླུ་བ15ལས་ཚད་ལྡན་གྱི་གླུ་བ་བཅུ་བདམས་པ་ཡིན་ཞིང་།  ཁོ་ཚོས་རང་ཉིད་ཀྱི་བློ་སྤོབས་དང་བཅས་ཏེ་དུས་ཡུན་རིང་པོར་སྦྱོང་བརྡར་བྱས་པའི་ལྷན་སྐྱེས་ཀྱི་སྐད་ངག་གིས་འདིར་བཞུགས་དགེ་སློབ་ཡོངས་ཀྱི་ཡིད་དབང་ཀུན་ནས་འཕྲོག་ཅིང་།  སྙན་དུང་དུང་དང་སྤྲོ་ལྷང་ལྷང་གི་རྣམ་པ་བག་བྲོ་བ་ཞིག་སྐྲུན་པས་ལྷན་རྒྱས་ཡོངས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཆེན་མོ་ཐོབ་པ་རེད། 


ལྷན་དུ་པར་བསྐྱོན་པ།

         འདི་ལྟ་བུའི་བྱ་འགུལ་རབ་དང་རིམ་པར་བརྒྱུད་དེ་སློབ་མ་རྣམས་ཨུ་ཚུགས་ཀྱིས་དཔེ་དེབ་ཁོ་ནར་སྦྱོང་བ་མིན་པར།  རང་ཉིད་ཀྱི་དགའ་ཕྱོགས་དང་བསྟུན་ཏེ་ཕྱོགས་གང་ཐད་འཕེལ་རྒྱས་བྱེད་པར་བརྩོན་ལེན་བྱས་ཆོག་པས།  སླད་མར་ཡང་སློབ་མ་རྣམས་ཀྱི་སོ་སོའི་ཁྱད་ཆོས་དང་བསྟུན་ནས་དེ་དང་འཚམ་པའི་བྱ་འགུལ་ལམ་ཁོར་ཡུག་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུར་རྨང་གཞི་ཆེན་མོ་བཏང་པ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།