Androidཁ་པར་སྐོར་ཞིག་གི་གསང་གྲངས་གཏོར་ཐབས།
Androidཁ་པར་སྐོར་ཞིག་ལ་གསང་གྲངས་བརྗེད་སོང་ན་འདིར་གཟིགས་དང་ཕན་པ་འདྲ་ཡོད་ངེས།ཡིན་ནའང་ཤེས་དགོས་པ་ཞིག་ལ་ཁྱོད་ཀྱི་ཁ་པར་དུ་ཡོད་པའི་ཁ་པར་ཨང་གྲངས་ཡོད་ཚད་ནས་བརྡ་འཕྲིན་ཡོད་ཚད་དང་། ད་དུང་ཟིན་བྲིས་ལ་སོགས་བསུབ་འགྲོ་བ་ཡིན་པས།ཡག་ན་གསང་གྲངས་ཨེ་དྲན་ལ་རེ་བ་འཆང་ན་ལེགས།གལ་ཏེ་ཁྱོད་ཀྱིས་གསང་གྲངས་རྩ་བ་ནས་མི་དྲན་ན།གཤམ་གྱི་དཔེ་རིས་དང་གསལ་བཤད་ལ་གཟིགས་ཏེ་ལག་ལེན་བྱོས་ཤིག
རྟགས་འདི་དག་བཀོད་ཡོད་པའི་འཐེབ་གནོན་དག་ལྷན་གཅིག་ཏུ་མི་གཏོང་
བར་སྐར་ཆ12ཙམ་མནན་རྗེས་གཤམ་གྱི་དཔེ་རིས་དེ་འཆར་ཡོང་བ་རེད།
དཔེ་རིས་འདི་ཤར་བ་ན་ད་གཟོད་སྐད་མགོ་དམའ་བྱེད་དེ་འདིར་ནོན་ལ་འོག་གི་
དབྱིན་ཡིགwipe deta/factory resetའདེམས་ཤིག
དབྱིན་ཡིག་དེར་རྟགས་བརྒྱབ་རྗེསའདིར་ནོན་དང་གཤམ་གྱི་དཔེ་རིས2ཤར་འོང་།
འདི་ནས་ཡང་གོང་བཞིན་དུ་ནོན་ལ་དཔེ་རིས3འཆར་བར་སྒུག་དགོས།དཔེ་རིས3འཆར་
བར་སྐར་ཆ་འགའ་ཤས་བཀོལ་དགོས་པས་ཅུང་སྒུག་དགོས།
དཔེ་རིས3འདི་ཤར་བ་ན་ཐད་ཀར་འདིརནོན་དང་ཁ་པར་སྒོ་རང་འགུལ་གྱིས་འབྱེད་འོང་བས།
ཁ་པར་སྒོ་ཕྱེ་ཚར་རག་བར་དུ་སྒུག་དང་ཆོག་པ་རེད།
ཁྱོད་ཀྱི་ཁ་པར་དེHUAWEIརྟགས་ཅན་དངZTEརྟགས་ཅན། ད་དུངHisenseརྟགས་ཅན་སོགས་ཀྱི་ནང་ནས་ཀྱང་ཐོན་རིམ་ཅུང་དམའ་ཤོས་རེ་ཡིན་ན་ཐབས་ལམ་འདིའི་རོགས་ཐུབ་ངེས།དེ་མིན་ཐོན་རིམ་ཅུང་མཐོ་ཤོས་རེ་ཡིན་ན་དེས་ཚོད་ཀྱིས་བྱེད་ཐབས་གཞན་པ་རེ་ཡོད་པས།མི་འགྱང་བརHUAWEI C8813སྐོར་གྱི་བྱེད་ཐབས་དག་ངོ་སྤྲོད་བྱེད་འཆར་ཡོད་པས་དེ་ལ་གཟིགས་རོགས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com