སློབ་མའི་སྐད་ཡིག་ལས་བྱའི་ཞུ་དག་སྐོར་གྱི་བསམ་ཚུལ་ཕྲན་བུ།

རྩོམ་པ་པོ།:ཚེ་རིང་སྒྲོལ་མ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2009-03-20 10:58:51 ཀློག་གྲངས།:

   སློབ་མའི་ལས་བྱ་ནི་སློབ་མའི་ཡོན་ཏན་གྱི་ཆུ་ཚད་འཇལ་བྱེད་ཀྱི་རྒྱ་མ་དང་ཉིན་དེའི་དགེ་རྒན་གྱི་སློབ་ཁྲིད་དེ་སློབ་མའི་བློ་ལ་ངེས་ཡོད་མེད།  སློབ་མ་རང་ངོས་ནས་སློབ་ཁྲིད་ལ་ནན་ཏན་གྱིས་ཉན་ཡོད་མེད་སོགས་ལ་ལྟ་བྱེད་ཀྱི་མེ་ལོང་ལྟ་བུ་ཡིན།  མི་སུམ་ཅུར་བསམ་པ་སུམ་ཆུ་དང་མཛོ་སུམ་ཅུར་རྭ་ཁ་དྲུག་ཅུ་ཞེས་པ་ལྟར་དགེ་རྒན་ལ་ལས་སློབ་མའི་ལས་བྱ་བྲིས་པ་གྲལ་དག་ཡིན་མིན་ལ་ལྟ་བ་དང་།  ལ་ལས་དོན་གྱི་གོ་བ་ཐོན་ཡོད་མེད་ལ་ལྟ་བ།  ལ་ལས་ཚིག་སྐྱོན་ཡོད་མེད་གཙོར་འཛིན་པ།  ལ་ལས་ཚིག་ཉུང་དོན་འདུས་ལ་དགའ་བ།  ལ་ལས་བྲིས་པའི་ཐིག་ཕྲེང་མང་ཉུང་ལ་ལྟ་བ་སོགས་ལྟ་ཚུལ་མི་འདྲ་བ་སྣ་ཚོགས་མཆིས།  རྒྱུ་མཚན་དེའི་དབང་གིས་སློབ་མ་ལ་ལ་མཐོ་འབྲིང་ནས་མཐར་ཕྱིན་པར་ཉེ་ནའང་ཡིག་གཟུགས་ལས་དམའ་འབྲིང་སློབ་མ་ཞིག་ལོས་ཡིན་སྙམ་པ་མང་བ་དང་།  ཡང་ལ་ལས་ཚིག་གྲུབ་ཅིག་བཟོ་ནའང་ཤོག་ལྷེ་གཉིས་རེ་འབྲི་བའང་ཡོད།  ལ་ལས་དཔེར་ནཡིག་གྲངས་སྟོང་ལོན་པའི་རྩོམ་ཡིག་ཅིག་ཕྲིསཞེས་པ་ལྟ་བུར་འཕྲད་ཚེ་སེམས་ཁུར་བྱེད་མཁན་ཡང་མི་ཉུང་བ་ཞིག་ཡོད།  དེ་ལ་དགེ་རྒན་རྣམ་པའི་ཁྲོད་ནའང་ལ་ལསཚིག་གཙོ་བོར་འཛིན་དགོས་པ་ནི་སློབ་འབྲིང་གི་ལས་འགན་གཙོ་བོ་ཡིནཟེར་བ་དང་།  ལ་ལསདོན་གྱི་གོ་བ་ཐོན་ཡོད་མེད་གཙོ་བོ་ཡིན།  དོན་ཐོན་པ་ན་ཚིག་ཐོན་དུ་འཇུག་རྒྱུ་ནི་རང་བཞིན་གྱི་ཤེས་འགྲོཟེར་བ་སོགས་ཀྱི་རྩོད་གླེང་བྱེད་པསམཁས་པས་བཤད་པ་ཅི་ཡང་བདེནཔའི་དོན་མི་འདྲ་བའང་མང་དུ་འབྱུང་།

   དོན་དངོས་ཐོག་གང་ཞིག་གཙོར་འཛིན་དགོས་ཟེར་ན་བདག་གིས་འདི་འདྲ་ཞིག་སེམས་ཏེ།  དང་ཐོག་གཙོ་བོ་ཡིག་གཟུགས་ལ་དོ་སྣང་བྱེད་དགོས་ཏེ།  སྔར་གྱི་མཁས་པ་རྣམས་ཀྱིསཐོག་མར་འབྲི་ཀློག་ནས་འགོ་རྩོམདགོས་ཞེས་གསུངས་ཡོད་པའིའབྲིནི་ཡིག་གཟུགས་ལ་གོ་དགོས་པས་ཐོག་མར་ཡིག་གཟུགས་སྦྱོང་བ་ནས་འགོ་བརྩམ་དགོས།  ཡིག་གཟུགས་གྲལ་དག་ཅིག་ལ་བརྩོན་རྒྱུ་ནི་ཐོག་མར་ལམ་ལ་འཇུག་པའི་སྔོན་འགྲོ་ལྟ་བུ་ཡིན།  དེ་ནས་རིམ་བཞིན་དོན་ཐོན་མིན་ལ་བལྟས་ནས་ལས་བྱར་བལྟས་ན་གོ་རིམ་ཡོད་ཅིང་འབྲས་བུ་ཐོན་སྙམ།  ཡང་མི་ཉུང་བ་ཞིག་ལ་སློབ་ཆུང་སྐབས་སུ་དགེ་རྒན་གྱིས་དོ་སྣང་མ་བྱས་པས་ད་ལྟ་སློབ་འབྲིང་དུ་སླེབས་ནའང་ཤོག་ལྷེ་གཅིག་ཅན་གྱི་རྩོམ་ཡིག་ཁྲོདཡིག་འབྲི་མི་ཉུང་བ་ཞིག་ཐོན་པ་རྣམས་ཇི་ལྟར་དག་བཅོས་བྱེད་དགོས་ཟེར་ན།  ༢༠༠༢ལོའི་ཟླ༤བའི་ཚེས༣༠ཉིན་གྱིམཚོ་སྔོན་བོད་ཡིག་གསར་འགྱུརསྟེང་གཅན་ཚའི་ཕག་མོ་བསམ་གྲུབ་ཀྱིས་སྤེལ་བའིསློབ་མའི་རྩོམ་ཡིག་ལ་ཞུ་དག་བྱེད་ཐབསལས་སློབ་མའི་རྩོམ་ཡིག་ལ་ཞུ་དག་བྱེད་ཚུལ་རིགས་གཉིས་ཡོད་པ་བརྗོད་ཡོད་དེཐོག་མར་བརྗོད་བྱར་བལྟ་དགོས་ཏེ།  བརྗོད་བྱ་དེ་ཁ་བྱང་དང་མཐུན་མི་མཐུན།  གནད་དུ་དྲིལ་མི་དྲིལ་ལ་བལྟས་རྗེས་ད་གཟོད་ཚིག་ལ་དག་བཅོས་བྱས་ན་རང་ཉིད་ལ་ནོར་འཁྲུལ་མི་འབྱུང་ཞིང་གནད་ལའང་འབབ་ཐུབ།  བརྗོད་བྱར་བལྟས་རྗེས་ཚིག་ལ་ཞུ་དག་གཏོང་སྐབས་ཀྱང་རྩོམ་ཡིག་གི་ནང་དུ་ཡིག་ནོར་མང་དྲགས་ན་ཡོད་ཚད་དག་བཅོས་མི་བྱེད་པར།  འོས་འཛམ་གྱིས་རྒྱུན་བཀོལ་མིང་ཚིག་རྣམས་ལ་ཞུ་དག་བཏང་ནས་ལ་ལ་སློབ་མ་བོས་ཏེ་བཤད་པ་དང་།  ལ་ལ་སློབ་ཁྲིད་ཀྱི་སྐབས་སུ་བཤད་ན་སློབ་མར་ཕན་པ་ཆེ་ཞིང་རྩོམ་འབྲི་བར་ཡང་སྤྲོ་སྣང་སྟེརཞེས་བརྗོད་པ་ནི་དོན་ལ་གནས་པའི་ཉམས་མྱོང་ལེགས་པོ་ཞིག་ཏུ་འདོད།

མདོར་ན་སྐད་ཡིག་ལས་བྱར་ཞུ་དག་བྱེད་སྐབས་ཐོག་མར་ཡིག་གཟུགས་དང་གྲལ་དག་མིན་ལ་དོ་སྣང་དང་།  དེ་ནས་ཚིག་དང་ཕྲད་ཀྱི་ནོར་བར་དག་བཅོས་གཏོང་བ།  རིམ་གྱིས་བརྗོད་བྱ་ཐོན་ཡོད་མེད་དང་ཁ་བྱང་དང་མཐུན་པའི་བརྗོད་བྱ་བཟུང་ཡོད་མེད་བཅས་ལ་བལྟ་དགོས།  སློབ་མའི་ཤེས་བྱའི་ཆུ་ཚད་ཅུང་འཕེལ་ནས་རྒྱུན་བཀོལ་གྱི་ཚིག་དང་ཕྲད་ཀྱི་ནོར་བ་མི་ཐོན་ཞིང་།  ཁ་བྱང་དང་མཐུན་པའི་བརྗོད་བྱ་གཏན་འཁེལ་བྱེད་ཐུབ་པའི་སྐབས་དེར་ཚིག་གི་རིང་ཐུང་དང་།  གོ་རིམ་ལ་དོ་སྣང་དང་རེ་བ་འདོན་པ།  རེ་བ་དང་མཐུན་མི་མཐུན་སོགས་ལ་ཞིབ་ལྟ་བྱེད་པ་ནི་སྐད་ཡིག་ལས་བྱ་ཞུ་དག་བྱེད་ཚུལ་གྱི་བརྒྱུད་རིམ་ཞིག་ཡིན་སྙམ་མོ།།

མཚོ་སྔོན་བོད་ཡིག་གསར་འགྱུརལས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།