སན་ཞིང་ཏུའེ་ནས་རིག་དངོས་གསར་པ་སྐོར་ཞིག་རྙེད་འདུག

རྩོམ་པ་པོ།: ཡོང་ཁུངས།:ཁམས་པའི་བརྙན་འཕྲིན། དུས་ཚོད།:2026-06-09 08:52:50 ཀློག་གྲངས།:
       སི་ཁྲོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་ཟླ༦པའི་ཚེས༢ཉིན་ཞིབ་འཇུག་གྲུབ་འབྲས་གསར་ཤོས་ཁྱབ་བསྒྲགས་བྱས་ཡོད་ལ། སན་ཞིང་ཏུའེ་ནས་ཐོན་པའི་གཡང་ཊི་དམར་པོའམམ་ན་ཧོ་ཞེས་པའི་རྡོ་རིན་པོ་ཆེའི་རིགས་ཤིགནི་ཀྲུང་གོའི་ས་ཁོངས་ལས་བརྒལ་བའི་ཚོང་འབྲེལ་སྤེལ་རེས་བྱས་མྱོང་བའི་བདེན་དཔང་ཞིག་ཡིན་པ་མ་ཟད། འདིས་ཀྲུང་གོའི་ལི་ཆས་སྤྱོད་པའི་དུས་རབས་ཀྱི་ཚོང་དོན་དྲ་རྒྱ་དང་རིག་གནས་ཕན་ཚུན་སྤེལ་རེས་བྱས་པ་གསལ་པོར་མཚོན་ཡོད།
       ཞིབ་འཇུག་དེའི་ནང་ཞུགས་མཁན་སི་ཁྲོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་ཡན་ལག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ལིའུ་ཅན་ཁྲེང་གིས་སན་ཞིང་ཏུའེ་དུར་མཆོད་དུར་ཁུང་ནས་གཡང་ཊི་དམར་པོ་སྟེ་མ་ན་ཧོ༡༡ཐོན་པ་དང་། དེ་དག་སྤྱི་ལོའི་སྔོན་གྱི༡༢༠༠ནས་སྤྱི་ལོའི་སྔོན་གྱི༡༠༠༠ལོའི་བར་གྱི་རིག་དངོས་ཡིན་པ་དང་དུར་ཁུང༢པ་དང་། དུར་ཁུང༥པ། དུར་ཁུང༧པ། དུར་ཁུང༨པ་བཅས་སོ་སོ་ནས་ཐོན་པ་རེད། གྲངས་ཀ་ནི་རྡོག་མ༤དང་། རྡོག་མ༡། རྡོག་མ༢། རྡོག་མ༤བཅས་ཡོད་པ་སོགས་ངོ་སྤྲོད་བྱས་པ་རེད།
       རིག་དངོས་འདི་དག་གིས་གཡང་ཊི་དམར་པོ་སྟེ་མ་ན་ཧོའི་རྒྱུ་ཆ་གསར་བཟོ་དང་མུ་ཏིག་རྒྱན་ཆའི་ཡ་གླིང་ཤར་མའི་ས་ཁུལ་གྱི་ཡོང་ཁུངས་དང་ཁྱབ་སྤེལ་བཅས་ཀྱི་ཐད་ལ་གལ་ཆེན་གྱི་བདེན་དཔང་བཏོན་ཡོད།
       གནའ་རྫས་རྟོག་ཞིབ་པས་སན་ཞིང་ཏུའེ་ནས་ཐོན་པའི་གཡང་ཊི་དམར་པོ་སྟེ་མ་ན་ཧོ་ལ་ཚད་ཉུང་འབྱུང་རྒྱུ་ཡི་དབྱེ་ཞིབ་བྱས་རྗེས་དེ་དག་གི་རྒྱུ་ཆ་ནི་ས་གནས་དེ་ག་ནས་ཐོན་པ་མ་ཡིན་པར་སི་ཁྲོན་གཤོང་སའི་བྱང་ཕྱོགས་ཀྱི་སྤྱི་ལེ༡༠༠༠ལྷག་ཙམ་ཡོད་པའི་ཡན་ཧྲན་རི་རྒྱུད་དང་དེའི་བྱང་ཕྱོགས་ས་ཁོངས་ནས་ཐོན་པ་ཤེས་རྟོགས་བྱུང་ཡོད། དེ་དང་ཆབས་ཅིག་ཞིབ་འཇུག་མི་སྣས་ད་དུང་ཀན་སུའུ་དང་། ཧྲའན་ཞི། པེ་ཅིན་བཅས་ཀྱི་དུས་སྐབས་གཅིག་གི་ས་འོག་ནས་ཐོན་པའི་གཡང་ཊི་དམར་པོ་སྟེ་མ་ན་ཧོའི་མུ་ཏིག་དང་དཔྱད་བསྡུར་བྱས་རྗེས་ཞིབ་འཇུག་ལས་མུ་ཏིག་དེ་དག་ཚང་མར་བྱང་ཕྱོགས་ནས་ཐོན་པའི་རྒྱུ་ཆའི་ཁྱད་ཆོས་མངོན།
       དེ་ལ་བལྟས་ནས་དཔྱད་ན། སྤྱི་ལོའི་སྔོན་གྱི༡༥༠༠ལོ་ནས་སྤྱི་ལོའི་སྔོན་གྱི༡༠༠༠ལོའི་བར་ཁྱབ་རྒྱ་ཆེ་བའི་དུས་ཡུན་རིང་པོའི་ནང་ཉོ་ཚོང་བརྗེ་རེས་དྲ་རྒྱ་ཞིག་ཡོད་པ་ཤེས་རྟོགས་ཐུབ་ལ། དེ་ནི་སོག་པོའི་ས་མཐོའི་ལྷོ་རྒྱུད་དང་། ས་སེར་ས་མཐོ། མཚོ་བོད་ས་མཐོའི་ཤར་རྒྱུད། ཀྲུང་ཡོན་ས་ཁུལ། དེ་བཞིན་སི་ཁྲོན་གཤོང་ས་བཅས་སུ་དར་ཁྱབ་ཆེ་བ་མངོན་ཡོད།
       ལོ་ངོ༣༠༠༠ཙམ་གྱི་སྔོན་སན་ཞིང་ཏུའེ་སྤྱི་ཚོགས་ལ་ཀྲུང་གོའི་བྱང་ཕྱོགས་དང་ཐ་ན་སོག་པོའི་ས་མཐོར་ཁྱབ་པའི་རྒྱང་རིང་གི་སྤེལ་རེས་དྲ་རྒྱས་ཕན་ནུས་ཐོན་ཡོད་པ་དང་། ལི་ཆས་སྤྱོད་པའི་དུས་རབས་སུ་རང་རྒྱལ་གྱི་ས་ཁོངས་ཁག་གི་རིག་གནས་བར་རྒྱ་ཆེན་གཏིང་ཟབ་ཀྱི་སྤེལ་རེས་དང་འབྲེལ་འདྲེས་བྱུང་ཡོད་པས་ཀྲུང་ཧྭའི་ཤེས་དཔལ་སྣ་མང་གཞི་གཅིག་ཅན་གྱི་རྣམ་པ་དེ་ལོ་ངོ་སྟོང་ཕྲག་ཁ་ཤས་གོང་ནས་གཞི་གྲུབ་ཅིང་དར་རྒྱས་ཆེན་པོ་སོང་ཡོད་པ་སླར་ཡང་ར་སྤྲོད་བྱས་ཡོད།
       སྤྱི་ལོའི་སྔོན་གྱི་ལོ་ངོ༡༠༠༠ལྷག་གི་རིང་ལ་རང་རྒྱལ་གྱི་ཀྲོའུ་རྒྱལ་རབས་ནུབ་མའི་དུས་སྐབས་ཀྱི་རིམ་པ་མཐོ་བའི་བང་སོའི་ཁྲོད་དུ། བར་སྐབས་ཤིག་ལ་གཡང་ཊི་དམར་པོ་སྟེ་མ་ན་ཧོ་འབོར་ཆེན་སྤྱོད་པའི་སྲོལ་དར་ཡོད་པ་དང་། དེ་ནི་སྤྱི་ཚོགས་ཀྱི་རིམ་པ་དང་རིག་གནས་ཐོབ་ཐང་གི་མཚོན་རྟགས་ཤིག་ཏུ་བརྩི་བཞིན་ཡོད་པ་རེད། སན་ཞིང་ཏུའེ་དུར་ཁུང་ནང་ནས་ཐོན་པའི་རིག་དངོས་ནི་ལི་ཆས་དང་། གསེར་ཆས། གཡང་ཊིའི་རིགས། བ་སོ་སོགས་དུར་མཆོད་དངོས་རྫས་རྩ་ཆེན་ཡིན། སྤུས་དག་པའི་གཡང་ཊི་དམར་པོའམ་མ་ན་ཧོ་དེ་དག་དང་གོང་གསལ་གྱི་དངོས་རྫས་རྣམས་མཉམ་དུ་སན་ཞིང་ཏུའེ་དུར་ཁང་ནང་ནས་ཐོན་པ་དང་། དུས་སྐབས་དེར་གནའ་བོའི་ཧྲུའུ་རྒྱལ་ཁབ་ཀྱི་མཐོ་རིམ་མི་སྣ་དང་སྐུ་དྲག་རྣམས་ཀྱིས་ལེ་དབར་སྟོང་ཕྲག་གི་རྒྱང་རིང་ནས་ཐོན་པའི་རིན་ཐང་ཆེ་བའི་དངོས་རྫས་རྩ་ཆེན་ལག་ཏུ་འབྱོར་ཐུབ་པ་མ་ཟད། མ་གཞི་ནས་བརྗེ་རེས་ཀྱི་བྱ་སྤྱོད་དེ་ཉིད་ཀྱང་གོ་གནས་དང་སྙན་གྲགས་མངོན་པའི་མཚོན་རྟགས་ཤིག་ཀྱང་ཡིན་པ་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།