ངོས་དང་པོ > སྐབས་དོན། > སྣ་ཚོགས། > རེབ་གོང་ཐང་ག2026ལོའི་ཀྲུང་གོའི་ཤེས་རིག་ཐོན་དབང་སྲུང་སྐྱོང་གི་མཐོ་རིམ་གླེང་སྟེགས་ཐོག་བཤམ་སྟོན་བྱས།
རེབ་གོང་ཐང་ག2026ལོའི་ཀྲུང་གོའི་ཤེས་རིག་ཐོན་དབང་སྲུང་སྐྱོང་གི་མཐོ་རིམ་གླེང་སྟེགས་ཐོག་བཤམ་སྟོན་བྱས།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2026-05-07 21:36:29
ཀློག་གྲངས།:
ཟླ5པའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ནས་གནས་ཚུལ་འབྱོར་གསལ་ལྟར་ན། ཟླ4བའི་ཚེས20ཉིན་པེ་ཅིན་དུ་སྤེལ་བའི2026ལོའི་ཀྲུང་གོའི་ཤེས་རིག་ཐོན་དབང་སྲུང་སྐྱོང་གི་མཐོ་རིམ་གླེང་སྟེགས་སྟེང་། མཚོ་སྔོན་རེབ་གོང་ཐང་ག་དེ་ཞིང་ཆེན་ཡོངས་ཀྱི་འཐུས་ཚབ་འབའ་ཞིག་ཡིན་པའི་ཆ་ནས་རྒྱལ་ཡོངས་ཀྱི་ཞིང་ཆེན་དྲུག་གི་གཟུགས་འདས་རིག་གནས་ཤུལ་བཞག་རྩེ་གྲའི་མིང་ཐོའི་ནང་ཚུད་དེ་གླེང་སྟེགས་སྟེང་བསྟན་པ་རེད། དེའི་ཧ་ཅང་ཞིབ་ཚགས་པོའི་རི་མོ་འབྲི་ལུགས་དང་མངོན་གསལ་དོད་པའི་བོད་ཡུལ་གྱི་ཉམས་འགྱུར་གྱིས་ཚོགས་ཞུགས་མི་སྣའི་ཡིད་དབང་འཕྲོག་ཡོད།
ཐེངས་འདིའི་གླེང་སྟེགས་དེ་གཟུགས་འདས་རིག་གནས་ཤུལ་བཞག་གི་ཤེས་རིག་བདག་དབང་སྲུང་སྐྱོང་བྱ་རྒྱུར་དམིགས་ནས“མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པའི”ཡན་ལག་གླེང་སྟེགས་ཆེད་དུ་བཙུགས་ཡོད། མཚོ་སྔོན་གྱིས་རེབ་གོང་ཐང་གའི་བརྩམས་ཆོས་རྩེ་གྲ་མང་པོ་འཁྱེར་ནས་རྒྱུན་འཛིན་པས་ཡུལ་དངོས་སུ་རི་མོའི་འབྲི་རྩལ་འཁྲབ་སྟོན་བྱས་པ་དང་། གཏེར་དངོས་ཚོན་རྫས་སྦྱོར་བཟོ་དང་རི་མོའི་གོ་དོན་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་འགྲེལ་བཤད་བརྒྱབ་སྟེ། རེབ་གོང་ཐང་གའི་ཐུན་མོང་མ་ཡིན་པའི་རི་མོའི་མ་ལག་དང་རིག་གནས་ཀྱི་རྨང་མཐུག་པོ་ཐད་ཀར་མངོན་པ་མ་ཟད། ཉེ་བའི་ལོ་འགའི་རིང་གི་ཤེས་རིག་ཐོན་དབང་སྲུང་སྐྱོང་གི་གྲུབ་འབྲས་དངོས་ཀྱང་འགྲེམ་སྟོན་བྱས་པ་རེད། རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་སྙིང་འབུམ་གྱིས་རང་ཉིད་ཀྱི་ཉམས་མྱོང་དང་ཟུང་འབྲེལ་སྒོས་ཤེས་རིག་ཐོན་དབང་ལ་བརྟེན་ནས་ཐང་ག་ཚད་ལྡན་ངང་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་སྟངས་མཉམ་སྤྱོད་བྱས་ཤིང་། དེ་གར་ཡོད་པའི་སྐུ་མགྲོན་ཚོས་ནན་ཏན་ངང་ཉན་པ་དང་མགོ་བོ་ལྕོག་ལྕོག་བྱས་ནས་ཁས་ལེན་ཡང་ཡང་བྱས།
ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱིས«རེབ་གོང་ཐང་གའི་མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཚད་གཞི»བཟོས་ནས་ས་ཁམས་མཚོན་རྟགས་བེད་སྤྱོད་ཚད་ལྡན་དུ་བཏང་བ་དང་སྤུས་ཚད་ཁུངས་འདེད་མ་ལག་བཙུགས་ཡོད། མིག་སྔར་འབྲེལ་ཡོད་ཚོང་རྟགས48དང་ཁེ་བེད་བདག་ཐོབ12ལ་ཆོག་མཆན་ཐོབ་པ་དང་། བརྩམས་ཆོས300ལྷག་གི་པར་དབང་ཐོ་འགོད་ལེགས་འགྲུབ་བྱུང་ནས་ཕྲེང་འབྲེལ་ཧྲིལ་པོར་སྲུང་སྐྱོང་བྱེད་པའི་རྣམ་པ་ཞིག་ཆགས་ཡོད། རེབ་གོང་ཐང་གའི་ཐོན་ལས་ཀྱིས་ས་གནས་དེ་གའི་མི་ཁྲི2.4ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་པ་དང་། ས་ཁམས་མཚོན་རྟགས་སྤྱོད་པའི་ཁེ་ལས་ཀྱི་ཐོན་ལས་ཕྲེང་འབྲེལ་ཧྲིལ་པོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར3.5ལ་སླེབས་པས།“གཟུགས་འདས་རིག་གནས་ཤུལ་བཞག+ཤེས་རིག་ཐོན་དབང”གི་མཚོ་སྔོན་གྱི་ལམ་བུའི་ཐོག་བསྐྱོད་དེ། སྲོལ་རྒྱུན་བཟོ་རྩལ་སྤུས་ཚད་མཐོ་བའི་རྒྱུན་འཛིན་བྱ་རྒྱུར་འདྲ་བཟོ་ཐུབ་པའི་ཉམས་མྱོང་མཁོ་འདོན་བྱས་ཡོད། །

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།

青公网安备63252102000006号