༄༅། །ཤིང་མོ་སྦྲུལ་ལོའི་འབྱུང་རྩིས།
རྩོམ་པ་པོ།:སྔོ་དེའུ་སྒོམ་པ་བཀྲ་ཤིས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-01-14 09:16:27
ཀློག་གྲངས།:
སྤྱི་ལོའམ་ཕྱི་ལོ༢༠༢༥བ་ནི་བོད་རྩིས་ཀྱི་རབ་བྱུང༡༧པའི་བགྲང་བྱ༣༩པ་སྣ་ཚོགས་དབྱིག་ཅེས་པའི་ལོ་སྟེ། རྒྱ་རྩིས་སུ་གྲགས་པའི་མ་ཧཱ་ཙི་ནའི་ཧོང་ལིས(黄历)ཀྱི་ཡེ་སི(乙巳)ལོ་དང་། འབྱུང་རྩིས་སམ་ནག་རྩིས་ལྟར་ན། ལོ་རྒན་དྲུག་ཅུའི་ཐོག་མ་ཤིང་བྱི་ནས་བརྩིས་པའི་བགྲང་བྱ་ཞེ་གཉིས་པ་ཤིང་མོ་སྦྲུལ་གྱི་ལོའོ། །
བོད་ལུགས་ཀྱི་ནག་རྩིས་སམ་འབྱུང་རྩིས་ནི་བོད་མི་རིགས་ཀྱི་དམངས་སྲོལ་རིག་གནས་དང་འབྲེལ་བ་དམ་པོ་ཡོད་པའི་རིག་གནས་རྙིང་བ་ཞིག་སྟེ། འདི་ནི་གནའ་མི་རྣམས་ཀྱིས་མི་དང་རང་བྱུང་ཁམས་ཀྱི་འབྲེལ་བ་མཐུན་སྙོམས་འོང་བའི་རེ་འདུན་མངོན་དུ་འགྱུར་ཆེད་རང་ས་ནས་གསར་སྐྲུན་དང་གསོག་འཇོག་བགྱིས་ཏེ་བྱུང་བའི་འབྱུང་རྩིས་ཀྱི་ཁར། ལོ་རྒྱུས་ཀྱི་དུས་ཡུན་རིང་མོའི་བརྒྱུད་རིམ་ཁྲོད་དུ་རྒྱ་ནག་སྤོར་ཐང་ལུགས་ཀྱི་འབྱུང་རྩིས་ཀྱིས་སྣོན་པ་བརྒྱབས་ཏེ་ད་ལྟའི་བར་འཛིན་སྐྱོང་སྤེལ་གསུམ་བྱས་ནས་དར་རྒྱས་བྱུང་བའི་གནའ་བོའི་རིག་གནས་ཀྱི་ཤུལ་རྒྱུན་ཞིག་ཡིན་པ་བསྙོན་དུ་མེད་པ་ནི། བརྩི་བྱ་གང་ཟག་གི་སྲོག་ལུས་དབང་ཀླུང་བླ་བཅས་དང་། རྩི་བྱེད་ཤིང་མེ་ས་ལྕགས་ཆུ་བཅས་འབྱུང་ལྔའི་ཁམས་ལས། སྲོག་གི་འབྱུང་བའམ་ཁམས་ལ་རྒྱ་སྐད་དུ地支五行དང་། ལུས་ཀྱི་འབྱུང་བ་ལ纳音五行དང་། དབང་ཐང་གི་འབྱུང་བ་ལ天干五行ཟེར་བ་དང་། འབྱུང་བའི་ཕོ་མོ་ལ阴阳五行ཟེར་བ། ཀླུང་རྟ་དང་བླའི་ཐ་སྙད་རྒྱ་ལུགས་ཀྱི་འབྱུང་རྩིས་སུ་ཡོད་མེད་གསལ་བོར་མ་ངེས་ཀྱང་། སྤར་སྨེ་དང་དར་གུད་སོགས་ཀྱི་རྩ་བའི་ཐ་སྙད་མང་བོ་ཞིག་ཕན་ཚུན་ལྟོ་སྦྱར་ཆོག་པས་ཤེས་སོ། །
ཤིང་སྦྲུལ་ལོའི་སྲོག་གི་ཁམས་མེ་ཡིན་ཞིང་། ལུས་མེ། དབང་ཐང་ཤིང་། ཀླུང་རྟའི་ཁམས་ཆུ་དང་། ཀླུང་ལྷ་གནས་ཕྱོགས་བྱང་། བླའི་ཁམས་མེ་སྟེ། འབྱུང་བ་གསུམ་ལྡན་ཡིན་ཞིང་། གནམ་ལོའི་སྨེ་བའམ་དགུ་གླིང་གི་དབུས་སྨེ་གཉིས་ནག་ལ་བབ་ཡོད། དགེ་བའི་བཤེས་གཉེན་ཆེན་པོ་ཨ་ཁུ་ལྷ་མོའི་ཚུལ་ཁྲིམས་ཚང་གིས་མཛད་པའི་འབྱུང་རྩིས་ཀྱི་གཞུང«དཔག་བསམ་ལྗོན་པ»ལས། “དེ་ཡང་སྲོག་དང་དབང་ཐང་གཉིས། །གཅིག་པ་ཁ་ཡན་དབང་ཐང་ནི། །སྲོག་གི་མར་སོང་ཁོང་ནོང་ལོ། །”ཞེས་པ་ལྟར། ལོ་འདིའི་དབང་ཐང་སྲོག་གི་མར་སོང་ཡོད་པས་ཁོང་ནོང་ཟེར་བའི་ལོ་ལ་བབ་འདུག །བརྩི་བྱའི་སྲོག་ལུས་དབང་ཀླུང་སོགས་འབྱུང་རྩིས་རང་གཞུང་གི་མ་བུ་དགྲ་གྲོགས་བརྩི་སྲོལ་ལྟར་དུ་གནམ་ལོའི་སྲོག་སོགས་དང་འཐབ་པའི་རྩིས་འབྲས་ལོ་ཐོ་རྒྱས་པ་རྣམས་ལས་ཤེས་པར་བྱའོ། །
ལོ་འདིའི་ལོ་ལྷ་ཤིང་མོ་སྦྲུལ་གནས་ཕྱོགས་ལྷོ་སྟོད་ཡིན་ཞིང་། འབྱུང་རྩིས་ཀྱི་གཞུང«དཔག་བསམ་ལྗོན་པ»ལས། “བདུན་ཟུར་རང་ལོ་ནས་བགྲང་བའི། །བདུན་པ་གནམ་ལོར་ཤར་བ་དང་། །”ཞེས་གསུངས་པ་ལྟར། བརྩི་བྱ་གནམ་ལོ་དེ་ག་རང་ནས་བརྩིས་པའི་ལོ་བདུན་པ་ལོ་བདུད་དམ་བདུན་ཟུར་གྱི་ཕྱོགས་ཡིན། དམངས་ཁྲོད་དུ་ལོ་ལྷ་དང་བདུན་ཟུར་གྱི་ཕྱོགས་སུ་ལོ་དེའི་ལེགས་སྤེལ་ཉེས་སྤོང་གི་རིམ་གྲོ་ལ་དམིགས་པའི་རྟེན་འབྲེལ་གྱི་ཆོ་ག་དང་བསྲུང་བཟློག་གི་རིགས་སྤེལ་བའི་ཡུལ་ཆོས་གོམས་སྲོལ་ཡོད་པ་ལྟར། ཤིང་སྦྲུལ་ལོ་སྤྱིའི་ལོ་བདུད་དམ་བདུན་ཟུར་བྱང་སྟོད་ཕག་གི་ཕྱོགས་ཡིན་པས། ངག་རྒྱུན་དུ“ཕག་སྦྲུལ་ཚང་གི་བདུན་ཟུར”ཞེས་བཤད་སྲོལ་ཡོད་པ་ལ་བབ་འདུག
འབྱུང་རྩིས་ཀྱི་གཞུང«དཔག་བསམ་ལྗོན་པ»ལས། “དེ་ལ་རྩུབ་བདུན་འདི་ལྟ་སྟེ། །རང་ཀེག་རང་ལོ་གནམ་ལོ་གཅིག །བདུན་ཟུར་རང་ལོ་ནས་བགྲང་བའི། །བདུན་པ་གནམ་ལོར་ཤར་བ་དང་། །ཁྱིམ་མཚེས་གནམ་ལོར་དབང་ཐང་གཅིག །མཐུན་གསུམ་རང་ལོ་ནས་བགྲང་བའི། །ལྔ་དགུ་གང་རུང་གནམ་ལོར་ཤར། །སྐྱ་མདའ་བཟའ་ཤུག་སྤར་ཁ་གཅིག །སྲི་ངན་ཕ་མེས་ཤི་དུས་ཀྱི། །ལོ་གྲངས་སྤར་སྨེའི་སྟེང་དུ་སླེབ། །རང་སྐྱེས་སྤར་ཁའི་སྟེང་སླེབ་ན། །གསང་ཀེག་རྩུབ་པར་ཤེས་པར་བྱ། །”ཞེས་དང་། “དགུ་མིག་ལོ་གྲངས་སྤར་སྨེ་གསུམ། །ལོ་གྲངས་དགུ་དང་བཅོ་བརྒྱད་སོགས། །སྤར་ཁ་ཕོ་ལི་མོ་ཁམ་སྟེ། །སྨེ་བ་དབུས་སུ་ཆུད་པ་ཡིན། །”ཞེས་ཀེག་རྩིས་ཀྱི་རྣམ་གྲངས་དུ་མ་བསྟན་པ་ལས། ལོ་འདིར་སྤྱིར་ལོ་རེས་སྦྲུལ་ཅན་རྣམས་རང་ཀེག་རྩུབ་པ་ལ་བབ་ཡོད་ཅིང་། བྱེ་བྲག་ལོ་རེས་ཤིང་སྦྲུལ་ཅན་རྣམས་རང་ལོ་ལ་བབ་ཡོད་པས་ལོ་ཀེག་ལ་གཟབ་དགོས། འབྱུང་རྩིས་ཀྱི་གཞུང«དཔག་བསམ་ལྗོན་པའི་འབྲས་བཤད་འདོད་དགུའི་གཏེར་གྱི་བང་མཛོད»ལས། “བདུན་ཟུར་ལོ་བདུན་པ། བཅུ་དགུ། སོ་གཅིག །ཞེ་གསུམ། ང་ལྔ། རེ་བདུན་རྣམས་སུ་འོང་བས།”ཞེས་གསུངས་པས། གང་ཟག་མི་སྒེར་གྱི་ངོས་ནས“བདུན་ཟུར་རྩུབ་པའི”ངོ་ལེན་གང་དགོས་ལ་དོ་སྣང་ཡོད་པ་བྱ་འོས་ལ། འབྱུང་རྩིས་ཀྱི་གཞུང་དུ་མི་ཕོའི་ཀེག་བསུ་དང་བུད་མེད་ཀྱི་ཀེག་སྐྱེལ་བྱ་བར་བཤད་པ་ལྟར། ཕོ་སྐྱེས་ཚོས་རང་ལོ་རེ་གཅིག་པ་སླེབ་ཁའི་ལོ་སྔོན་མ་དེ་དང་། མོ་སྨན་རྣམས་ཀྱིས་རང་ལོ་རེ་གཅིག་པ་སར་རྗེས་ཀྱི་ལོ་དེ་ལ་འཕྲོད་བསྟེན་རིམ་གྲོར་ལྷག་པར་ཐུགས་གཟབ་གནང་སྲོལ་ཡོད་དོ། །

འབྲས་ལྡན་ལྗོན་ཤིང་དཀྲིགས་པའི་དགའ་ཚལ་དུ། །
བཀྲ་ཤིས་ལྟོ་འགྲོ་རྩེན་པའི་གནམ་ལོ་འདིར། །
ཆར་ཆུ་དུས་སུ་འབབ་ཅིང་ལོ་ཕྱུགས་ལེགས། །
དགེ་ལེགས་སྣང་བས་འཇིག་རྟེན་ཁྱབ་གྱུར་ཅིག །

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།