ངོས་དང་པོ > སྐབས་དོན། > སྣ་ཚོགས། > མཚོ་ལྷོའི་གླུ་བ་ཚེ་དཔལ་སྐྱབས་སོགས་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པར་བདམས།
མཚོ་ལྷོའི་གླུ་བ་ཚེ་དཔལ་སྐྱབས་སོགས་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པར་བདམས།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2024-02-22 09:19:56
ཀློག་གྲངས།:
ཟླ2པའི་ཚེས19ཉིན་རིག་གནས་དང་ཡུལ་སྐོར་པུའུ་ཡིས་སྐོར་ཁག་དྲུག་པའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་དཔེ་མཚོན་རང་བཞིན་གྱི་རྒྱུན་འཛིན་པའི་འོས་སྦྱོར་མི་སྣའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་དཔེ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ16མིང་ཐོ་དེའི་ནང་ཚུད་ཡོད། ཐེངས་འདིར་སྤྱི་བསྒྲགས་བྱས་པའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་དཔེ་མཚོན་རང་བཞིན་གྱི་རྣམ་གྲངས་དེ་བསྡོམས་པས་རིགས་ཆེན་པོ7དང་རྣམ་གྲངས16དང་འབྲེལ་ཡོད་ལ། ད་ལྟའི་བར་མཚོ་སྔོན་ཞིང་ཆེན་དུ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་དཔེ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ104བར་ཇེ་མང་དུ་གྱུར་ཡོད།
སྤྱི་བསྒྲགས་ཁྲོད་ངོ་སྤྲོད་བྱས་པའི་མིང་ཐོའི་ནང་གི་རྒྱུན་འཛིན་པ་དག་ནི་ལ་གཞས་རྒྱུན་འཛིན་པ་སུང་པའོ་ཡོན་དང་། བོད་ཀྱི་ལ་གཞས་རྒྱུན་འཛིན་པ་ཚེ་དཔལ་སྐྱབས། ཧུའེ་རིགས་ཀྱི་གསོལ་སྟོན་གླུ་དབྱངས་ཀྱི་རྒྱུན་འཛིན་པ་མཱ་ཁྲིན་ཧའེ། ཡུས་ཧྲུའུ་ཡི་སྐོར་བྲོའི་རྒྱུན་འཛིན་པ་བཀྲ་ཤིས་ཚེ་རིང་། མཚོ་སྔོན་གྱི་ཕིང་རྒྱུད་རྒྱུན་འཛིན་པ་ལི་ཡུང་ཅུན། སྲོལ་རྒྱུན་མདའ་འཕེན་ལག་རྩལ་གྱི་རྒྱུན་འཛིན་པ་ལི་རྒྱལ་མཚན། ཡུས་ཧྲུའུ་ཡི་རྟ་རྒྱུག་འགྲན་བསྡུར་གྱི་རྒྱུན་འཛིན་པ་བཀྲ་བ། བོད་ཀྱི་ཐང་གའི་རྒྱུན་འཛིན་པ་ཉི་མ། བོད་ཀྱི་གཙགས་དྲུབ་ཐང་གའི་རྒྱུན་འཛིན་པ་ཐུབ་བསྟན་དཔལ་སྲིད། རྩེ་ཁོག་གི་རྡོ་བསྐོས་རྒྱུན་འཛིན་པ་ཚེ་བརྟན་རྒྱལ། ཧོང་ཀྲུང་གི་འཚེམ་དྲུབ་རྒྱུན་འཛིན་པ་ཆའོ་ཡིན་ཅུས། ཀོས་ནན་བོད་ཀྱི་གཙགས་དྲུབ་རྒྱུན་འཛིན་པ་རྡོ་རྗེ་མཚོ། མཚོ་སྔོན་གྱི་སྲོལ་རྒྱུན་སྦྲ་ནག་བཟོ་རྩལ་གྱི་རྒྱུན་འཛིན་པ་ཝེ་ཏུང་། ཟླ་མཆོད་དུས་ཆེན་གྱི་གློག་ཞུའི་རྒྱུན་འཛིན་པ་ཀྲའོ་ཧྲི་རུང་། དཔའ་རིས་བོད་ཀྱི་རྒྱན་གོས་རྒྱུན་འཛིན་པ་ཅ་ལྷ་འབུམ། མཚོ་ནུབ་སོག་རིགས་ཀྱི་གསོལ་སྟོན་རྒྱུན་འཛིན་པ་ཝང་ཚེ་དཔལ་བཅས་རེད།
སྐོར་ཁག་དྲུག་པའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་དཔེ་མཚོན་རང་བཞིན་གྱི་རྒྱུན་འཛིན་པའི་རེ་འདུན་ཡར་ཞུ་དང་ཞིབ་དཔྱད་ལས་དོན་དེ་རིག་གནས་དང་ཡུལ་སྐོར་པུའུ་ཡིས་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་།རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར31དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ། དེ་མིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་འོས་སྦྱོར་འདུན་ཞུ་བྱས་པའི་རྨང་གཞིའི་ཐོག ཞིབ་དཔྱད་ཨུ་ཡོན་ལྷན་ཁང་བཙུགས་ཤིང་དཔྱད་ཞིབ་ཀྱི་ཆེད་མཁས་པའི་ཚོགས་ཆུང་བཙུགས་ཏེ། དཔྱད་གཞི་བསྐྱར་ཞིབ་དང་། ཆེད་མཁས་པས་ཐོག་མའི་དཔྱད་ཞིབ་དང་ཡིག་ཐོག་སྙན་ཞུ་འབུལ་མཁན་གྱིས་བགྲོ་གླེང་བྱས།
ཞིབ་དཔྱད་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བཅས་བྱས་པ་བརྒྱུད་དེ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་སྐོར་ཁག་དྲུག་པའི་འོས་སྦྱོར་འོས་མིའི་མིང་ཐོ་བཏོན། མཚོ་སྔོན་ཞིང་ཆེན་གྱིས་རིག་གནས་དང་ཡུལ་སྐོར་པུའི་གཅིག་གྱུར་བཀོད་སྒྲིག་ལྟར་ཞིབ་འཇུག་ནན་མོ་དང་། སྒྲིག་འཛུགས་ཞིབ་ཚགས། བྱ་ཐབས་ལ་ཤུགས་བསྣན་ཏེ་ཁྱོན་སྡོམ་མི23རེ་ཞུ་བྱས་པ་དང་། དེའི་ཁྲོད་ནས་མི16རྒྱལ་ཁའི་ངང་བདམས་ཐོན་བྱུང་། དེའི་ཁྲོད་དུ་ད་དུང་སྲོལ་རྒྱུན་རོལ་དབྱངས་ཀྱི་མི3དང་། སྲོལ་རྒྱུན་ཞབས་བྲོའི་མི1། གཞས་མ་གཏམ་གྱི་མི1། སྲོལ་རྒྱུན་གྱི་ལུས་རྩལ་དང་། རོལ་རྩེད་དང་རྩལ་རྩེད་ཀྱི་མི2། སྲོལ་རྒྱུན་གྱི་མཛེས་རྩལ་པ5། སྲོལ་རྒྱུན་གྱི་སྒྱུ་རྩལ་པ1། དམངས་སྲོལ་གྱི་མི3བཅས་ཡོད་པ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།