ངོས་དང་པོ > སྐབས་དོན། > སྣ་ཚོགས། > མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་གིས་བོད་ཀྱི་གསོ་རིག་རིག་དངོས་བསྡུ་རུབ་བྱ་བའི་གྲོས་འདོན་ཡི་གེ
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་གིས་བོད་ཀྱི་གསོ་རིག་རིག་དངོས་བསྡུ་རུབ་བྱ་བའི་གྲོས་འདོན་ཡི་གེ
རྩོམ་པ་པོ།:མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-09-25 15:24:55
ཀློག་གྲངས།:
སྤྱི་ཚོགས་ལས་རིགས་སོ་སོའི་གྲོགས་པོ་དང་། གསོ་རིག་མཆེད་གྲོགས་རྣམས་ལ་ཞུ་གསོལ།
བོད་ཀྱི་གསོ་བ་རིག་པའི་རིག་གནས་ཉིང་བཅུད་སྔོག་འདོན་བྱེད་པ་དང་། གསོ་རིག་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོབ་བྱ་ཆེད། ངེད་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་གིས་བོད་ཀྱི་གསོ་རིག་རིག་གནས་ཁྱབ་སྤེལ་སློབ་གསོའི་རྟེན་གཞི་ཞིག་འཛུགས་སྐྲུན་བྱས་ཡོད་ལ། རྟེན་གཞི་འདིའི་རྒྱ་ཁྱོན་ལ་རྨི་གྲུ་བཞི་མ3600ཙམ་ཡོད་པ་དང་། གསོ་རིག་ལོ་རྒྱུས་འགྲེམ་སྟོན་ཁང་དང་། བོད་ཀྱི་གསོ་རིག་འགྲེམ་སྟོན་ཁང་། བདུད་རྩི་སྨན་གྱི་འགྲེམ་སྟོན་ཁང་། སྨན་ཁང་ལོ་རྒྱུས་འགྲེམ་སྟོན་ཁང་བཅས་འགྲེམ་སྟོན་ཁང་ཆེན་མོ་བཞི་རུ་ཕྱེས་ཡོད། ད་ལྟ་སྤྱི་ཚོགས་ལས་རིགས་སོ་སོར་བོད་ཀྱི་གསོ་རིག་དང་འབྲེལ་བའི་ཅ་ལག་དང་རྒྱུ་ཆ་བསྡུ་རུབ་བྱེད་པའི་གྲོས་མགོ་བཏོན་ནས། ལྷག་བསམ་ཅན་གྱི་མི་སྣ་དག་གིས་ཕངས་མེད་ཀྱི་སྦྱིན་པ་གཏོང་བར་སྙིང་ནས་རེ་བ་བྱས་ཡོད།
གཅིག བསྡུ་རུབ་དུས་ཡུན།
བརྡ་ཐོ་འདི་བཏང་བ་ནས་བཟུང་རྒྱུན་རིང་ལ་བསྡུ་རུབ་བྱ་རྒྱུ།
གཉིས། བསྡུ་རུབ་ཁྱབ་ཁོངས།
༡ གསོ་རིག་ཡིག་ཚང་གི་སྐོར། ཕྱག་བྲིས་མ་ཡིག་དང་། བཤུས་མ། བསྐོས་མ། དཔར་མ་སོགས།
༢ སྨན་བཅོས་ཆ་བྱད་ཀྱི་སྐོར། གཤག་བཅོས་སྐམ་པ་དང་། ཐུར་མ། གཏར་གྲི། མེ་བུམ། ཏེལ་བ། སྨན་ཁེམ། ལག་སྔས་སོགས།
༣ སྨན་དང་འབྲེལ་བའི་རྒྱུ་ཆ་སྐོར། སྨན་ཁྱེམ། སྨན་བརྡར། སྨན་གྲི སྨན་བུམ། སྨན་དམ། སྨན་སླང་། སྨན་ཁུག རྒྱ་མ། མིང་བྱང་། སྒོ་བྱང་། སྨན་རྫས་དང་འདུལ་སྦྱོང་གི་ལག་ཆ་སོགས།
༤ སྨན་པ་རིམ་བྱོན་གྱི་ཅ་ལག་གི་སྐོར། ནད་ཐོ་དང་། སྨན་ཡིག རི་མོ། འདྲ་པར། རྣམ་ཐར། ཐམ་ཀ སྨན་དྲིལ། ཆ་བྱད། རྒྱུན་སྤྱོད་ཕྱག་ཆ་སོགས།
༥ སྨན་བཅོས་བྱ་འགུལ་མཚོན་པའི་དངོས་རྫས་ཀྱི་སྐོར། སྨན་ཐང་དང་རྡོ་བསྐོས་རི་མོ། རྡོ་རིང་། རྡོ་སྐུ། ཐམ་ག དཀར་ཆས། ངོ་བཤུས། ཡིག་གཟུགས། བྲིས་རིས་སོགས།
༦ རིན་ཐང་ཆེ་ཞིང་རྙེད་དཀའ་བའི་སྲོག་ཆགས་དང་རྩི་ཤིང་། གཏེར་དངོས། འགྱུར་རྡོའི་རིགས་ཀྱི་སྨན་རྫས་དང་དམར་དཔེ་སོགས།
༧ མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀྱི་བོད་ལུགས་གསོ་རིག་ལས་ཀ་དང་འབྲེལ་ཡོད་ཀྱི་དཔེ་དེབ་དང་། དཔང་ཡིག འདྲ་པར་སོགས།
༨ ལོ་རྒྱུས་དང་རིག་གནས་རང་བཞིན་ལྡན་པའི་གསོ་རིག་དང་འབྲེལ་བའི་དངོས་རྫས་མཐའ་དག
གསུམ། བསྡུ་རུབ་རྩ་དོན།
མཁོ་སྤྲོད་བྱས་པའི་རིག་དངོས་ཡོད་ཚད་ཁྲིམས་མཐུན་ཡིན་ལ་བདག་དབང་ལ་རྩོད་གཞི་མེད་པ།
བཞི། བསྡུ་རུབ་བླང་བྱ།
༡ ཅ་ལག་གི་དབྱིབས་རྣམ་ལེགས་ཤིང་། ཆད་སྐྱོན་སོགས་ཆེར་མེད་པ།
༢ ཅ་ལག་ཚང་མ་ཁྲིམས་མཐུན་ཡིན་དགོས་ལ། མི་གཞན་གྱི་ཁེ་དབང༼རྩོམ་དབང་། མིང་དབང་། པར་དབང་སོགས།༽ལ་གནོད་པ་མེད་པ། ཁེ་དབང་ལ་གནོད་པའི་རྩོད་གཞི་བྱུང་ཚེ་མཁོ་སྤྲོད་བྱེད་མཁན་གྱིས་འགན་འཁུར་དགོས།
ལྔ། བསྡུ་རུབ་ཐབས་ལམ།
༡ རིན་མེད་ཞལ་འདེབས། རང་མོས་ཀྱི་རྩ་དོན་ལ་གཞིར་བཟུང་ནས་རིན་མེད་ཞལ་འདེབས་འབུལ་བར་བསྔགས་སྐུལ་བྱེད་པ་དང་། འགྲེམ་སྟོན་བྱེད་སྐབས་ཞལ་འདེབས་གནང་མཁན་གྱི་རུས་མིང་འགོད་པ་དང་ཞལ་འདེབས་ཡི་གེ་སྤྲོད་རྒྱུ།
༢ རིན་སྤྲོད་ཉོ་བསྡུ། ཞལ་འདེབས་གནང་མཁན་དང་གྲོས་མོལ་བྱས་ཏེ་བདག་པོར་མ་དངུལ་གྱི་གུན་གསབ་འོས་མཚམས་སྤྲོད་རྒྱུ་དང་། བདག་དབང་སྨན་ཁང་ལ་སྤྲོད་རྒྱུ།
༣ འགྲེམ་སྟོན་ལ་གཡར་བ། དངོས་རྫས་འགྲེམ་སྟོན་བྱེད་མཁན་གྱིས་ཉར་ཚགས་དང་བེད་སྤྱོད་ལ་འགན་འཁུར་བྱེད་པ་དང་། བདག་དབང་སྔར་བཞིན་དངོས་པོའི་བདག་པོར་དབང་།
འབྲེལ་གཏུག་བྱ་ཡུལ།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་རིག་གནས་ཁྱབ་སྤེལ་སློབ་གསོའི་རྟེན་གཞི་གྲ་སྒྲིག་ཚོ་ཆུང་།
རྡོ་རྗེ་རབ་བརྟན། 13997125999
ཕག་མོ་ཚེ་རིང་། 13897542270
བསོད་ནམས་ཚེ་བརྟན་རྡོ་རྗེ། 15909710770

སྤྱི་ལོ2022ལོའི་ཟླ9བའི་ཚེས20ཉིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།