སློབ་གསོ་པུའུ་ཡིས༢༠༢༢ལོའི་བྱ་བའི་གཙོ་གནད་ཁྱབ་བསྒྲགས་བྱས་པ།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2022-02-15 10:18:47 ཀློག་གྲངས།:
        ཟླ༢པའི་ཚེས༨ཉིན། སློབ་གསོ་པུའུ་ཡིས༢༠༢༢ལོའི་བྱ་བའི་གཙོ་གནད་ཁྱབ་བསྒྲགས་བྱས། དེའི་ཁྲོད་དུ། རྒྱུགས་མི་ལེན་པར་ཉེ་སར་སློབ་ཞུགས་བྱ་རྒྱུ་ཁྱོན་ཡོངས་ལ་ཁེབས་པར་བྱེད་པ་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ་དང་། “ཉུང་འཕྲི་གཉིས”སྐུལ་འདེད་ཟབ་མོ་གཏོང་བ། སློབ་མའི་ལུས་སེམས་བདེ་ཐང་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སློབ་ཕྱིའི་སློབ་གསོ་གསོ་སྦྱོང་གི་ཁྲིམས་འཛུགས་ལྟ་རྟོག་དོ་དམ་ལ་སྐུལ་བ། འབྲིང་རྒྱུགས་ཀྱི་མཛེས་དཔྱོད་སློབ་གསོ་བཅོས་སྒྱུར་ཚོད་ལྟའི་གནས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གཙོ་གནད་གལ་ཆེར་བཏོན་ཡོད།
རྒྱུགས་མི་ལེན་པར་ཉེ་སར་སློབ་ཞུགས་བྱ་རྒྱུ་ཁྱོན་ཡོངས་ལ་ཁེབས་པར་བྱེད་པ་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་དགོས།
        སློབ་གསོ་པུའུ་ཡི༢༠༢༢ལོའི་བྱ་བའི་གཙོ་གནད་ལས། འོས་འགན་སློབ་གསོ་སྤུས་མཐོ་དོ་སྙོམས་ཀྱིས་འཕེལ་བར་སྐུལ་འདེད་གཏོང་དགོས། སྤུས་མཐོ་དོ་སྙོམས་ཡིན་པའི་གཞི་རྩའི་སྤྱི་པའི་སློབ་གསོ་ཞབས་ཞུ་མ་ལག་འཛུགས་སྐྲུན་བྱེད་པའི་བསམ་འཆར་བཏོན་ནས། རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་སྤུས་མཐོ་དོ་སྙོམས་ཀྱིས་ལས་དོན་གསར་སྐྲུན་བྱེད་པར་མཛུབ་སྟོན་བྱ་རྒྱུ། སྡེ་ཚོགས་ཅན་གྱི་སློབ་སྒྲུབ་ཀྱི་མཛུབ་སྟོན་བསམ་འཆར་ཞིབ་འཇུག་གཏན་འབེབས་བཟོ་རྒྱུ། རྒྱུགས་མི་ལེན་པར་ཉེ་སར་སློབ་ཞུགས་ཁྱོན་ཡོངས་ལ་ཁེབས་པ་དང་སྤྱི་དམངས་མཉམ་བསྡུ་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ནས། ས་གནས་སོ་སོར་མཛུབ་སྟོན་སྒོས་སློབ་གྲྭའི་ཁག་བགོས་སྲིད་ཇུས་འཐུས་ཚང་དུ་གཏང་རྒྱུ། གནས་སྤོར་དང་བསྟུན་ནས་བྱིས་པ་གནས་དེར་སློབ་ཞུགས་ལས་དོན་གཏིང་ཟབ་མོས་ལེགས་པོར་བསྒྲུབ་རྒྱུ། སློབ་མའི་ཁྱིམ་ཐོ་དོ་དམ་བྱེད་ཐབས་ལ་བཟོ་བཅོས་སྒོས་ཕྱིར་བཏོན་ནས། སློབ་མའི་ཁྱིམ་ཐོ་དོ་དམ་གཟབ་ནན་གྱིས་ཚད་ལྡན་དུ་བཟོ་རྒྱུ་ཡིན་ཞེས་བཏོན་ཡོད།
འབྲིང་རྒྱུགས་ཀྱི་མཛེས་དཔྱོད་སློབ་གསོ་བཅོས་སྒྱུར་ཚོད་ལྟའི་གནས་ལ་སྐུལ་འདེད་གཏོང་བ།
        སློབ་གསོ་པུའུ་ཡི༢༠༢༢ལོའི་བྱ་བའི་གཙོ་གནད་ལས། འབྲིང་རྒྱུགས་ཀྱི་མཛེས་དཔྱོད་སློབ་གསོ་བཅོས་སྒྱུར་ཚོད་ལྟའི་གནས་ལ་སྐུལ་འདེད་གཏོང་དགོས། སློབ་ཆེན་དང་སློབ་འབྲིང་། སློབ་ཆུང་སློབ་མ་བཅས་ཀྱི་ངལ་རྩོལ་སློབ་གསོ་ལ་སྐུལ་འདེད་བཏང་ནས། ཞིང་འབྲེལ་མཐོ་སློབ་ཀྱི་རྨོ་འདེབས་དཔེ་ཀློག་སློབ་གསོ་ཁྱོན་ཡོངས་ནས་ཇེ་དྲག་ཏུ་གཏོང་བ་དང་། ལས་རིགས་སློབ་གླིང་དུ་ངལ་རྩོལ་སློབ་གསོ་ལ་སྐུལ་འདེད་གཏོང་བ། ཆུང་འབྲིང་སློབ་མར་ལས་རིགས་བློ་འབྱེད་སློབ་གསོ་སྤེལ་རྒྱུ། ཆུང་འབྲིང་སློབ་མའི་ངལ་རྩོལ་སློབ་གསོ་ཚོད་ལྟའི་ཁུལ་དུ་བྱ་བ་སྤེལ་བར་མཛུབ་སྟོན་བྱས་ཏེ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མའི་ངལ་རྩོལ་སྤུས་ཚད་འཕེལ་རྒྱས་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་མུ་མཐུད་དུ་སྤེལ་རྒྱུ། སློབ་མའི་ལུས་སེམས་བདེ་ཐང་གི་སློབ་གསོའི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ། སློབ་མའི་ལུས་སེམས་བདེ་ཐང་ལ་སྐུལ་འདེད་གཏོང་བའི་འཆར་གཞི་ལག་ཏུ་བསྟར་རྒྱུ་ཡིན་ཞེས་བཏོན་ཡོད། 
མཐོ་འབྲིང་སྐབས་ཀྱི་སློབ་ཚན་རིགས་ཀྱི་གསོ་སྦྱོང་ནི་འོས་འགན་སློབ་གསོ་དུས་སྐབས་སུ་དཔེ་ལྟ་གཟབ་ནན་བྱས་ནས་ལག་བསྟར་བྱེད་དགོས།
        སློབ་གསོ་པུའུ་ཡི༢༠༢༢ལོའི་བྱ་བའི་གཙོ་གནད་བསྒྲགས་པ་ལས། “ཉུང་འཕྲི་གཉིས”མུ་མཐུད་དུ་གཙོ་བོའི་ནང་གི་གཙོ་བོར་འཛིན་དགོས་པར་ནན་གྱིས་བསྟན་ཞིང་། སློབ་ཚན་རིགས་ཀྱི་གསོ་སྦྱོང་ལས་ཁུངས་ཉུང་འཕྲི་བྱས་པའི་གྲུབ་འབྲས་བརྟན་པོར་བཟོ་བར་དམིགས་ཏེ། ཁྲིམས་གཏད་དུས་ཆེན་གྱི་གནང་བ་དང་། ངལ་གསོའི་ཉིན་མོ། དབྱར་དགུན་གནང་སྐབས་སུ་ས་གནས་སོ་སོར་རྒྱུན་རྣམ་སྐོར་ཞིབ་སྤེལ་བར་མཛུབ་སྟོན་བྱེད་རྒྱུ། མངོན་མེད་གཞན་འགྱུར་གྱི་གསོ་སྦྱོང་ལ་བརྟག་དཔྱད་བྱེད་ཤུགས་ཆེར་བཏང་ནས། ཆེད་དམིགས་བཅོས་སྐྱོང་སྤེལ་རྒྱུ། གསོ་སྦྱོང་གི་རིན་བསྡུའི་སྤྱོད་པ་ཚད་ལྡན་དུ་བཏང་ནས། གསོ་སྦྱོང་གི་རིན་བསྡུ་སྔོན་དཔག་ལ་ལྟ་རྟོག་དོ་དམ་བྱེད་པར་ཤུགས་སྣོན་རྒྱུ། ས་གནས་སོ་སོའི་མཐོ་འབྲིང་སྐབས་ཀྱི་སློབ་ཚན་རིགས་ཀྱི་གསོ་སྦྱོང་ནི་འོས་འགན་སློབ་གསོའི་དུས་སྐབས་ཀྱི་སྲིད་ཇུས་བླང་བྱར་དཔེ་ལྟ་གཟབ་ནན་བྱས་ནས་དངོས་འབེབས་བྱ་རྒྱུ་ཡིན་ཞེས་བསྒྲགས་ཡོད། 
སློབ་ཕྱིའི་སློབ་གསོ་གསོ་སྦྱོང་ལ་ཁྲིམས་འཛུགས་ལྟ་རྟོག་དོ་དམ་བྱེད་པར་སྐུལ་འདེད་གཏོང་དགོས།
        སློབ་གསོ་པུའུ་ཡི༢༠༢༢ལོའི་བྱ་བའི་གཙོ་གནད་ལས། སློབ་ཕྱིའི་སློབ་གསོ་གསོ་སྦྱོང་ལ་ཁྲིམས་འཛུགས་ལྟ་རྟོག་དོ་དམ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཁྲིམས་བསྟར་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་བ། ཁྲིམས་བསྟར་ནུས་ཤུགས་མཐོར་འདེགས་བྱེད་པ། ཁྲིམས་བསྟར་སྐོར་ཞིབ་ལེགས་པར་འཛིན་རྒྱུ། ས་གནས་སོ་སོའི་སློབ་ཚན་མ་ཡིན་པའི་རིགས་ཀྱི་གསོ་སྦྱོང་ལས་ཁུངས་ལ་མཛུབ་སྟོན་བྱས་ནས། རྩལ་སྦྱོང་དང་། རིག་གནས་སྒྱུ་རྩལ། ཚན་རྩལ་སོགས་ཀྱི་རིགས་དབྱེ་བ་དང་། དོ་དམ་སྡེ་ཁག་གཙོ་བོ་གསལ་བཟོ་དམ་འཛིན་བྱེད་པ། སྤྱི་ཕན་ཁྱད་གཤིས་མངོན་པར་བྱེད་པ། རྒྱུན་རྣམ་ཅན་གྱི་ལྟ་རྟོག་དོ་དམ་མངོན་འགྱུར་བྱས་ཏེ། གཏུམ་སྤྱོད་གསར་པ་འབྱུང་བར་འགོག་རྒྱུ། རྒྱལ་ཡོངས་ཀྱི་སློབ་ཕྱིའི་སློབ་གསོ་གསོ་སྦྱོང་གི་ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་བསྐྲུན་རྒྱུ། སློབ་ཕྱིའི་གསོ་སྦྱོང་ལ་སྤྱི་ཚོགས་ཀྱི་ལྟ་རྟོག་དོ་དམ་རུ་ཁག་སྒྲིག་འཛུགས་བྱས་ཏེ། སྤྱི་ཚོགས་ཀྱི་ལྟ་རྟོག་དོ་དམ་བརྒྱུད་ལམ་རྒྱ་བསྐྱེད་རྒྱུ་ཡིན་ཞེས་བཏོན་ཡོད། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།